བསྐྱར་དུ་པད་ཚེའི་དབུགས་ལྒང་ལ་ཟུར་དྲུག་ནས་བལྟས་ན།

དཔྱད་མཆན་ཡོད།

  • 1
    རྗེ་འབོར་བ།
    2023-03-14 19:47:52
    གློག་བརྙན་ནི་སྒྱུ་རྩལ་གྱི་བཟོ་བསྐྲུན་ཞིག་ཡིན་ལ། དེར་ཐབས་ལམ་སྣ་ཚོགས་ཀྱིས་མཛེས་སྤྲས་དང་རྟོགས་བཟོ། རབ་བཏགས་དང་དངོས་ཡོད། ལྟ་དགོངས་དང་སུན་འབྱིན་གྱི་ཆ་ཡོད་ངེས། དེ་བཞིན་གློག་བརྙན་གྱི་བརྙན་མིག་གཅིག་ལའང་འགྲེལ་ཚུལ་སྣ་ཚོགས་པ་མཆིས། གློག་བརྙན་གྱི་ཆེད་ལས་ལ་ཁ་ཕྱོགས་ནས་ལོ་ངོ་མང་དག་ཅིག་འགོར་ན་ཡང་། རང་གི་ལྟ་བ་དང་། བཤད་བསམ་པའི་སྐད་ཆ་དག་གྱང་ལ་ལྕི་བ་སྦྱར་སྦྱར་བཞིན་བཤད་མི་ཕོད། དེ་ནི་བཤད་རྒྱུ་མེད་སོང་བ་མིན་ལ། རང་རྟོགས་ཀྱི་སྒོ་ནས་གློག་བརྙན་གྱི་ལས་ཀ་དང་གློག་བརྙན་གྱི་ལག་རྗེས་བཞག་ཚེ་ངང་ངམ་ཤུགས་ཀྱིས་རྟོགས་འོང་།
  • 1
    ཉི་ཟླ།
    2021-01-06 13:33:47
    དུས་རབས་ཡུན་གྱིས་འགྱུར་བ་དང་བསྟུན་མི་རྣམས་དོན་གྲུབ་རྒྱལ་ལ་རྩིས་ཇེ་ཆུང་དུ་འགྲོ་བ་ནང་བཞིན།  མ་འོངས་པར་པད་ཚེའི་བརྩམས་ཆོས་དག་ལའང་སྙིང་པོ་ཅི་ཡང་མེད་པ་ཡུན་གྱིས་རྟོགས་ཡོང་ངེས།
  • 1
    ཉི་ཟླ།
    2021-01-06 13:30:38
    པད་ཚེ་སོགས་དམར་ཕྱོགས་པ་དག་གིས་བཟོས་པའི་བོད་འབྲེལ་གློག་བརྙན་དག་ནི་བོད་ཀྱི་སྲོལ་རྒྱུན་དང་དངོས་ཡོད་འཚོ་བ། རིན་ཐང་ལྟ་བ་སོགས་ལ་ཤིན་ཏུ་རྒྱང་རིང་ཞིང་། རྒྱ་མི་ཡུལ་སྐོར་བ་ཞིག་གི་མཐོང་སྣེ་སྤྱད་དེ་བཟོས་ཡོད་པ་ཤ་སྟག་ཏུ་སྣང།
  • 1
    ཉི་ཟླ།
    2021-01-06 13:28:01
    ཤིན་ཏུ་བདེན། ཁོ་ཚོས་བོད་ཀྱི་དེང་རབས་རྩོམ་རིག་དང་གློག་བརྙན་གྱི་རུ་འདྲེན་དུ་གླེང་བའི་དོན་གྲུབ་རྒྱལ་དང་པད་ཚེ་ནི་དམར་ཕྱོགས་ལྟ་བའི་ཀླད་པ་བཀྲུས་ཟིན་པའི་རྒྱ་མ་བོད་ཅིག་ལས་ཅི་ཡང་མ་རེད།
  • 2
    Jordan
    2020-12-29 16:20:45
    འདིར་ནང་དོན་གྱི་ཐད་ནས་རང་གི་རྟོགས་པ་རྒྱ་ཡན་དུ་གློད་པ་འདྲ་བའི་བསམ་འཆར་མང་པོ་ཞིག་བཏོན་མོད།  དོན་དུ་པད་མ་ཚེ་བརྟན་ནི་བརྗོད་དོན་议题དང་མཛེས་རྟོགས་美学གཉིས་ལས་མཛེས་རྟོགས་གཙིགས་ཆེར་བཟུང་མཁན་གྱི་འཁྲབ་ཁྲིད་པ་ཞིག་ཡིན་པ་དེ་ཤེས་དགོས་ཤིང་།  ལྷག་དོན་དུ་《དབུགས་ལྒང་》གི་སྔ་ཕྱིར་དངོས་ཡོད་ལས་འདས་པའི་སྒྱུ་འཕྲུལ་གྱི་བརྙན་མིག་ཁག་དྲུག་ཙམ་བཤམས་པར་དོ་སྣང་ཡོད་དགོས།