བདེ་སྐྱིད་ཀྱི་གཏུག་བཤེར།



               གློག་བརྙན་འདིའི་ནང་གླ་གཏོང་ཁ་ལོ་བ་བདེ་སྐྱིད་མེ་ཏོག་གིས་རླངས་འཁོར་དོན་རྐྱེན་བཟོས་ནས་མ་གཅིག་སྤུན་ལས་ལྷག་པའི་ཁྱིམ་མཚེས་བུ་མོར་རྨས་ཕོག་པ་དང་། དེའི་རྗེས་སྨན་ཁང་དུ་སྐྱེལ་བ་དང་སྟབས་མ་ལེགས་པར་རྐྱེན་ངན་དུ་ཤོར་བའི་གཏམ་རྒྱུད་བྱུང་རིམ་བརྒྱུད་དེ། བྱམས་དང་སྙིང་རྗེ་ལྡན་པའི་བོད་རིགས་བུད་མེད་བདེ་སྐྱིད་མེ་ཏོག་གིས་རང་སྐྱོན་ཁས་ལེན་བྱེད་པ་དང་། རང་གི་ནག་ཉེས་ལ་ངེས་པ་དོན་གྱི་སྐྱོན་བརྗོད་བྱས་པ་མ་ཟད། ད་རུང་རང་གིས་ནག་ཉེས་བཟོས་པར་བདེན་དབང་བཙལ་བ་དང་རང་ཉིད་ཁྲིམས་ཁང་ལ་གཏུག་བཤེར་བྱས།  དངོས་པོའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་པའི་དེང་གི་དུས་འདིར།  མོ་ལྟ་བུའི་ལྷག་བསམ་ནི་རི་བོང་གི་རྭ་ལྟར་དཀོན་པ་དང་། འདི་ལས་མི་རིགས་འདིའི་བྱམས་དང་སྙིང་རྗེ་མཚོན་ཡོད་པ་རེད།


 

དཔྱད་མཆན་ཡོད།