ནག་པོ།

       


 ནང་དོན་གནད་བསྡུས། 


         བརྙན་ཐུང་«ནག་པོ།»ཞེས་པ་འདི་ཁ་པར་ཞིག་གིས་དུས་ཚོད་འགའི་ཡུན་ལ་ཕབ་ལེན་དང་སྒྲིག་སྦྱོར་བྱས་པ་ཞིག་ཡིན་ཞིང་། ནང་དོན་ཡང་གློ་བུར་དུ་དྲན་པ་ཞིག་ཡིན། ནང་དུ་དགའ་ཕྱོགས་ཡོད་པའི་གཞོན་ནུ་གཉིས་མཉམ་དུ་འདུས་ཤིང་། འདུ་འཛི་ལང་ལོང་གི་སྲང་ལམ་ཞིག་ལས་སྒྲ་སྙན་ཆེད་འཚོང་ཁང་ཞིག་གི་སྒོར་ཐོན། དེ་ནས་ཚོང་ཁང་གི་ཤེལ་སྒོའི་སྟེང་གི་སྦྱར་རིས་ལ་ཧད། སྲང་དུ་ཅི་འདྲའི་འདུ་འཛི་ཆེ་ནའང་ཁོ་གཉིས་མན་ཐོ་ལེན་དང་གླུ་གར་ལ་རོལ་བའི་སྤྲང་བོ་དེ་ཚོར་ཧད་ནས་ལུས།  ཁོ་གཉིས་ཁྱིམ་དུ་ཐོན་ཞིང་མན་ཐོ་ལེན་དང་པར་ཆས་ལག་ཏུ་བཟུང་ནས་གྲོང་འདབས་སུ་སོང་། ཁོ་གཉིས་ཀྱི་གཅིག་ཤོས་ཀྱིས་སྒྲ་སྙན་རྡུང་ལེན་དང་གཅིག་ཤོས་ཀྱིས་བརྙན་ལེན་པར་སྟ་གོན་བྱས་ནའང་། ཁོའི་ལག་པས་རྒྱུད་སྐུད་དཀྲོལ་མ་ཐུབ་ལ་ངག་ནས་ཅི་ཡང་མ་འཁྲོལ་པར་ལུས། སྔར་གྱི་གྲོང་འདབས་དེའི་ཆུ་ཕྲན་དང་སྤང་ཐང་ས་བརྐོས་རྡོ་སློག་བྱས་ཚར་བ་དང་། མིག་གིས་མཐོང་བ་རྡོ་གསེག་དང་བྱེ་འདམ་གྱིས་ཁེངས་འདུག་པས། ཁོ་གཉིས་ཀྱི་སེམས་ཁོང་གི་འདུན་མ་ཆུང་ཆུང་དེ་རིམ་གྱིས་ཞི་བར་གྱུར་ཞིང་། རྡུང་ལེན་ལ་དགའ་བའི་གཞོན་ནུ་དེས་མན་ཐོ་ལེན་དེ་གར་བཞག་སྟེ་ཕྱིར་ལོག


 འབྲེལ་པར། 







(ཆོག་མཆན་མེད་པར་གང་བྱུང་དགོལ་མི་རུང་།)

དཔྱད་མཆན་ཡོད།