སྐྱོ་སྐྱོ།

འཁྲབ་ཁྲིད་པ།  སྨུག་ལུང་ཨ་བསོ། མིང་གཞན། JOJO  འཁྲབ་སྟོན་པ། ངག་སངས། ཉི་མ་འོད་ཟེར།  
སྒྲིག་སྦྱོར། བརྙན་ལེན་པ།  མ་སངས།
བརྙན་གྱི་རིང་ཚད། སྐར་མ༡༠དང་སྐར་ཆ༢༧
གློག་བརྙན་གྱི་རིགས། བརྙན་ཕྲན།


            ཚོད་ལྟའི་གློག་བརྙན«སྐྱོ་སྐྱོ»ཞེས་བྱ་བ་འདི་ནི་ཁོ་བོས་དགའ་འདུན་གང་ཞིག་ལ་དབུ་ཁྱུད་སྟངས་ཙམ་དང་འབྱུང་འགྱུར་གྱི་རེ་སྨོན་དེ་ཡིད་གཏིང་ལ་ཉར་ཚུལ་ཞིག་ཡིན།  འདི་འདྲའི་བརྗོད་བྱ་ཞིག་བདམས་ཏེ་འཁྲབ་དོན་བྱས་པ་འདི་ནང་སེམས་ཀྱི་འཇིག་རྟེན་འདི་ལ་ལྟ་སྟངས་གཞན་ཞིག་ཡོད་པས་དང་།  ཡང་ན་འཚོ་བ་ཞེས་པའི་ཡིག་འབྲུ་འདི་གཉིས་ཀས་མིག་མདུན་གྱི་གནས་བབས་འདི་ལ་བརྡབ་གསིག་དང་ཡི་ཆད་གང་མང་ཞིག་སྤྲད་ཐོག་སྨྲ་བསམ་བརྗོད་འདས་ཀྱི་བསམ་བློ་ཞིག་ཏན་ཏན་རང་སེམས་སུ་སྐྱེས་འོང་བས་བཟླས་ན་མི་ཆོག་རྒྱུ་མེད། ད་དུང་འཁྲབ་གཞུང་འབྲི་བ་བོའི་ངོས་ཐད་ནས་ཀྱང་འདོད་བློ་ཁྱད་པར་བ་དང་སེམས་ཀྱིས་བཞེངས་སྐྲུན་ཞིག་ཡོད་པ་སྨྲས་མ་དགོས་པ་ཞིག་སྟེ། མྱོང་རོལ་བྱེད་མཁན་དག་གིས་ཀྱང་ཡིད་ངོར་སྣང་ཚུལ་འདྲ་མིན་ཡོད་པ་ཅིས་ཀྱང་བཤད་མི་དགོས་པས་བཤད་ཀྱང་སྙིང་བོ་སྟོང་བའི་གནས་སུ་བདོག དེ་བས་སོ་སོས་མྱོང་རོལ་བགྱིས་ཏེ་མི་ལེགས་པའི་ཆ་དང་མ་འདང་བའི་ཆ་སོགས་ལ་བསམ་ཚུལ་བརྗོད་རྒྱུ་ལས་ལྷག་པ་ཞིག་མེད་དོ། །

—འཁྲབ་ཁྲིད་པའི་གཏམ།

དཔྱད་མཆན་ཡོད།