དགོད་སྒྲ་ཡོད་མི་ཆོག་པའི་འཇིག་རྟེན།


                                                                    འཇར་པན་གྱི་གློག་བརྙན་«དགོད་སྒྲའི་སློབ་ཆེན»ལ་བལྟས་པ།
     
     འདི་ནི་གློག་བརྙན་སུན་སྤྱད་ཅིག་ཡིན་སྲིད། འདིའི་ནང་འཁྲིག་ཆ་དོད་པའི་འཁྲབ་ལྗོངས་ཡག་པོ་མེད་ལ། ཉོག་འཛིང་ཆེ་བའི་མི་སྣ་མང་པོ་མི་འདུག ཡིད་འགུལ་ཐེབས་པའི་ཕོ་མོའི་བརྩེ་དུང་ནི་དེ་ལས་ཀྱང་མི་འདུག གློག་བརྙན་ཧྲིལ་བོར་མི་སྣ་གཙོ་བོ་སྐྱེས་པ་གཉིས་མ་གཏོཊ་མེད་ལ། གློག་བརྙན་ཧྲིལ་བོའི་འཁྲབ་ལྗོངས་ཀྱང་ཁང་བ་གྲུ་བཞི་གཅིག་ཡིན།དོན་དག་ཀྱང་གཅིག་མ་གཏོཊ་མེད་དེ། ཟློས་གར་འཁྲབ་གཞུང་གཅིག་ཕར་སྣོག་ཚུར་སྣོག་བྱས་པའི་གནས་ཚུལ་ཁོ་ན་རེད། ཡིན་ཡང་ངས་གློག་བརྙན་འདིར་བལྟས་ཚར་བ་དང་། དཔྱད་ཕྲན་ཞིག་ཀྱང་སྤེལ་འདོད་བྱུང་། འདི་ལས་གློག་བརྙན་འདིར་འགུགས་ཤུགས་ཤིག་ཡོད་པ་ཤ་སྟག་རེད།༼མ་མཐའ་ཡང་ང་དང་ང་ལྟ་བུར༽
     འཇར་པན་གྱི་གློག་བརྙན་འདི་ནི་དམག་འཁྲུག་གི་ལོ་ཟླ་རྒྱབ་ལྗོངས་བྱས་པའི་སྤྲོ་གར་གློག་བརྙན་ཞིག་རེད། གློག་བརྙན་དུ་འཁྲབ་གཞུང་ཞིབ་བཤེར་དཔོན་པོ་༼འུ་ཚོའི་广电总局ལྟ་བུ་ཞིག༽ཞང་པན་ནི་ནམ་རྒྱུན་གདོང་ལ་འཛུམ་ཙམ་ཡང་མེད་པའི་མི་གཟབ་ནན་ཞིག་ཡིན་ལ། 11520400_7799.jpgརྒྱལ་ཁབ་ཀྱི་དོན་དུ་མི་སྒེར་གྱི་བརྩེ་དུང་བློས་བཏང་ཆོག་པར་འདོད་མཁན་ཞིག་ཡིན། ཁྲོན་ཡུས་ནི་སྤྲོ་གར་འཁྲབ་གཞུང་རྩོམ་མཁན་དང་འཁྲབ་ཁྲིད་པ་ཞིག་ཡིན་ལ། སྒྱུ་རྩལ་གསར་རྩོམ་གྱི་ཆེད་དུ་དཀའ་སྡུག་གང་ལ་ཕྲད་ཀྱང་འཁང་ར་དང་སྡུག་ཡུས་ཅི་ཡང་མི་འདོན་པར་ལས་ལ་འབད་མཁན་ཞིག་རེད། ཁོས་སྤྲོ་གར་འཁྲབ་གཞུང་དེ་ཞིབ་བཤེར་དཔོན་པོའི་མདུན་དུ་ཁྱེར་ཡོང་བ་ནས་བཟུང་། དཔོན་པོ་དེས་དམག་འཁྲུག་གི་དུས་སྐབས་སུ་མི་སུ་དང་གང་ཡིན་རུང་རྒྱལ་ཁབ་ཀྱི་ཆགས་འཇིག་ལ་མི་སེམས་པར་བཞད་གད་ཁྲོད་དུས་འདའ་བ་ནི་ཧ་ཅང་མི་འོས་པར་འདོད་དེ། ཆོག་མཆན་མེད་པའི་ཐམ་ཀ་བརྒྱབ་པ་དང་། ཁྲོན་ཡུས་ལ་འཁྲབ་གཞུང་ཁྲོད་དུ་གད་མོ་སློང་བའི་ཚིག་གཅིག་ཀྱང་ཡོད་མི་ཆོག་པར་བཅའ་དགོས་པའི་བཀའ་ཕབ། ཕྱི་ཉིན་ཁྲོན་ཡུས་ཀྱིས་ཁོའི་བཀའ་ལྟར་འཁྲབ་གཞུང་བཅོས་སྟེ་ཁྱེར་ཡོང་དུས་སྔར་ལས་ཀྱང་དགོད་བྲོ་བ་ཞིག་དུ་གྱུར་འདུག་པས། ཡང་བསྐྱར་བཅའ་དགོས་པའི་བཀའ་ཕབ། དེ་ལྟར་ཉིན་རེ་རེ་བཞིན་ཆོག་མཆན་མ་བཀོད་པར་ཉིན་བདུན་སོང་བ་དང་འཁྲབ་གཞུང་སྔར་ལས་ཀྱང་དགོད་ཇེ་བྲོ་ནས་ཇེ་བྲོར་གྱུར། གོ་རིམ་འདིའི་ཁྲོད་དུ་ཞང་པན་སྤྲོ་གར་འཁྲབ་གཞུང་ནང་དུ་ཟུག་ནས་ནམ་ཡང་གནག་འདུག་པའི་གདོང་ལ་རིམ་བཞིན་འཛུམ་རྒྱས་ཤིང་། ཁྲོན་ཡུས་ལ་འཁྲབ་གཞུང་བཅའ་རོགས་བྱས་པ་མ་ཟད་ད་དུང་གཞུང་ལས་ཁང་ནས་ཁོས་དངོས་སུ་འཁྲབ་སྟོན་བྱས་པ་སོཊ་ཤེས་མེད་ཚོར་མེད་ངང་ཁོ་རང་ཉིད་ལ་བློ་ཡུལ་ལས་འདས་པའི་འགྱུར་ལྡོག་བྱུང་ཞིང་། ཁོའི་རོཊ་རམ་འོག་ཏུ་འཁྲབ་གཞུང་དགོད་བྲོའི་ཡང་རྩེར་སོན་པ་ཞིག་འཁྱོངས་སོང་། ཡིན་ཡང་ང་ཚོས་བསམ་པ་ལྟར་མ་ཡིན་པར་འཁྲབ་གཞུང་ལ་སྔར་བཞིན་ཆོག་མཆན་མ་ཐོབ་པར། གློག་བརྙན་ཁྲོད་ཀྱི་འགལ་ཟླའི་ཚད་ཆེས་མཐོ་རུ་བཏང་ཞིང་རྩེ་རུ་སོན་ཏུ་བཅུག
     གློག་བརྙན་ཕྱོཊ་ནས་ཁ་དཔེ་ཞིག་ཡོད་པ་ནི། Simple is the best ཟེར་ལྟར་གཏམ་རྒྱུད་ཇི་ལྟར་སྟབས་བདེ་ན་དེ་ལྟར་བཟང་བར་བཤད་པ་བཞིན། གློག་བརྙན་འདིའི་བྱུང་རིམ་དང་མི་སྣ། འཁྲབ་ལྗོངས་སོཊ་གང་ཐད་ནས་སྟབས་བདེ་ཞིག་ཏུ་སྣང་མོད། འདིས་གློག་བརྙན་ཕབ་རྒྱུ་སྟབས་བདེ་ཡིན་པ་མི་མཚོན་པར། Simple is difficultཟེར་བ་ལྟར་གློག་བརྙན་འདིའི་སྒྱུ་རྩལ་མཚོན་ཐབས་དེ་འདྲའི་སླ་མོ་ཞིག་མ་ཡིན་པར་གསར་གཏོད་ཀྱི་རང་བཞིན་ལྡན་ལ། བརྙན་ཡིག་1ཚིག་སྦྱོར་ཀྱི་སྡེབས་སྟངས་ཐད་ལ་འགྲན་སློང་ཆེན་པོ་འདུག འཁྲབ་ཚིག་དང་བརྙན་གཟུགས་གཉིས་མཐུན་སྦྱོར་ལེགས་པོ་བྱུང་ཡོད་ལ། གཏམ་རྒྱུད་ཀྱི་བསམ་བློའི་རང་བཞིན་མངོན་མཚོན་བྱ་སྟངས་ཐད་ལ་མུར་རྒྱུ་ཆེན་པོ་ཡོད་པས། མུ་མཐུད་དུ་བལྟས་སོང་ཚེ་ད་གཟོད་རིམ་གྱིས་བློ་ཁ་འདྲེན་ཅིང་སྤྲོ་སྣང་ཆེན་པོ་རྙེད་ཐུབ། གློག་བརྙན་འདིའི་དགོད་སློང་སྟངས་ནི་ཐལ་ཆེ་བའི་རྩེད་མཚར་དགོད་གཏམ་དང་བསྟན་བཤིག་ཚ་བའི་བྱ་སྤྱོད(动作)སོགས་བསམ་གཟས་པ་གང་ཡང་མེད་པར། བབ་ཆགས་པོའི་ངང་བལྟ་མཁན་ལ་དགོད་ཁ་ཤོར་དུ་འཇུག་པའི་བྱེད་ཐབས་དེ་ནི་གློག་བརྙན་འདི་མཐར་ཐུག་སྤྲོ་གར་རླབས་ཆེན་ཞིག་ཏུ་བསྒྱུར་བའི་ཆེས་མཐོ་བའི་སྒྱུ་རྩལ་གྱི་ཚད་ཅིག་ཡིན་པར་ངེས།
     མཐར་དེད་ན་གློག་བརྙན་འདི་ལས་དམག་འཁྲུག་གི་ནག་ཉེས་ཤིག་ཐེར་འདོན་བྱེད་ཀྱིན་འདུག་སྟེ། དམག་འཁྲུག་གིས་མི་གཤིས་ཁྲོད་གདོད་མ་ནས་ཡོད་པའི་དགའ་སྐྱོ་ཆགས་སྡང་རྨེག་མེད་དུ་བཏང་སྟེ་མི་རྣམས་དགོད་ཀྱང་མི་ཤེས་པའི་འཕྲུལ་འཁོར་ལྟ་བུར་བསྒྱུར་བ་དང་། མི་རྣམས་རྒྱལ་ཁབ་ཀྱི་ཆེད་དུ་འཆི་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་གསོན་དགོས་པ་ལས་གཞན་དགོད་སྒྲ་ཙམ་ཡང་ཡོད་མི་ཆོག་པའི་རང་བྱུང་ཆོས་ཉིད་དང་འགལ་བའི་འཇིག་རྟེན་གོ་ལྡོག་ལ་ཐད་ཀར་ཁ་རྡུང་བཏང་འདུག


མཆན།
1、བརྙན་ཡིག 电影语言ཟེར་བ་དེ་ལ་གོ 


 

དཔྱད་མཆན་ཡོད།