ཆོས་ཉིད་དབང་མོ། _ ང་རང་ཆེས་དགའ་ཤོས་ཀྱི་གློག་བརྙན་བཅུ།

སྔོན་བརྗོད།


           ངེད་ཚང་ནི་གློག་བརྙན་ལ་དེ་འདྲའི་དོ་སྣང་དང་དགའ་ཞེན་བྱེད་མཁན་གྱི་ཁྱིམ་ཚང་ཞིག་མིན།  ང་རང་གློག་བརྙན་ཕྱོགས་ལ་སྤྲོ་བ་ཡོད་དུ་འཇུག་མཁན་ནི་གློག་བརྙན་ལྟ་རྒྱུར་ཧ་ཅང་དགའ་བའི་ངའི་ཧྥ་རན་སིའི་རྩོམ་རིག་གི་དགེ་རྒན་ཡིན། ཁོ་ནི་མི་ཧ་ཅང་སྐྱིད་པོ་ཞིག་ཡིན། ང་རང་ལོ༡༧ལ་སོན་པའི་མཐོ་འབྲིང་མཇུག་རྫོགས་སྐབས་དེར་ཁོས་ང་ཚོར་ “དོ་ནུབ་ཝུ་དྷིས་ཨེ་ལིན(Woody Allen) གྱི་གློག་བརྙན་ཞིག་བརྙན་འཕྲིན་ནས་གཏོང་རྒྱུ་ཡིན་པ་ཤེས་སམ།  ཁྱོད་ཚོའི་ནང་ཝུ་ཏིས་ཨེ་ལིན་གྱི་གློག་བརྙན་ལ་བལྟས་མྱོང་མཁན་ཡོད་དམ། ” ཞེས་འཛིན་གྲྭའི་ནང་དྲིས་སོང་བར་ལན་འདེབས་མཁན་སུ་གང་ཡང་མ་བྱུང་། ཁོས་མུ་མཐུད་ཀུ་རེའི་ཚུལ་དུ་“མ་ཤི་སྔོན་མ་མཐར་ཡང་ཝུ་ཏིས་ཨེ་ལིན་གྱི་གློག་བརྙན་གཅིག་ལ་ངེས་པར་དུ་བལྟ་དགོས།  གློག་བརྙན་འདི་ལ་ངེས་པར་ལྟོས་དང་” ཟེར།  གློག་བརྙན་དེ་ནི་མན་ཧ་ཏཱན (Manhattan  1979) ཡིན་ལ་དུས་དེ་ནས་བཟུང་འདི་ང་དགའ་ཤོས་ཀྱི་གློག་བརྙན་གྲས་ཀྱི་གཅིག་ཏུ་གྱུར་ཡོད།  ཐབས་ཤེས་འདི་བརྒྱུད་ཁོས་ང་ཚོར་ཧྥག་ཟི་ཐུ་རེ་ཧྥུ(François Truffaut)ཡི་གློག་བརྙན་ཞིག་ལའང་བལྟ་རུ་བཅུག་པས་ང་རང་ ཧྥག་ཟི་ཐུ་རེ་ཧྥུ་ཡི་གློག་བརྙན་ལའང་དགའ་པོ་བྱུང་ཡོད། འདིས་ང་རང་རླབས་རྒྱུན་གསར་པ་ཞིག་སྟེ་ཧྥ་རན་སི་དང་ཨ་རིའི་གནའ་དེང་གཉིས་ཀའི་གློག་བརྙན་ལ་སྤྲོ་བ་ཡོད་དུ་བཅུག་ཡོད།

         ང་སྡོད་ས་ནི་གྲོང་ཆུང་ཆུང་ཞིག་ཡིན་ལ་དེར་གློག་བརྙན་ཁང་གཅིག་ཡོད་པར་གཟའ་མཇུག་རེར་དར་ཆེ་བའི་གློག་བརྙན་གཉིས་རེ་གཏོང་ཡང་ང་རང་གློག་བརྙན66.jpg་དེའི་རིགས་ལ་དགའ་པོ་མེད།  སྐབས་དེར་ཧྥ་རན་སི་རུ་བརྙན་ཕབ་འཕྲུལ་ཆས་ནི་དངོས་རྫས་གསར་པའི་རིགས་ཡིན་ལ་ངའི་ཕ་མ་གཉིས་ཀྱིས་ང་ལ་གཅིག་ཉོས་ཡོད། ཧྥ་རན་སིའི་གཞུང་གི་བརྙན་འཕྲིན་ནི་ཧ་ཅང་ཡག་པོ་ཡོད། གཟའ་པ་སངས་རེའི་དགོང་མོར་སྐད་གྲགས་ཆེ་བའི་གློག་བརྙན་རེ་རེ་གཏོང་ཞིང་ད་དུང་གློག་བརྙན་ཆེད་མཁས་པ་ཞིག་གིས་དེའི་རྒྱབ་ལྗོངས་དང་འཁྲབ་ཁྲིད་པའི་མི་ཚེའི་ལོ་རྒྱུས། གློག་བརྙན་ལག་རྩལ་ལ་སོགས་པའི་སྐོར་ངོ་སྤྲོད་ཡོང་། ཡིན་ཡང་དེ་ནི་དགོང་མོ་དུས་ཚོད་༡༡སྟེང་གཏོང་བཞིན་ཡོད་པས་ཉལ་འཕྱི་འགྲོ་བསམ་ནས་ལྟ་རུ་བཅུག་མེད། དེའི་རྐྱེན་གྱིས་ང་ཚོས་མཚན་སྨད་དུ་གཏོང་གིན་པའི་སྐད་གྲགས་ཆེ་བའི་གློག་བརྙན་དག་ཕབ་ཅིང་དེ་ནི་ལོ་རབས་སུམ་ཅུ་བ་ནས་ལྔ་བཅུ་བའི་བར་གྱི་སྐྱ་རིས་དང་། སྒྲ་མེད། ཚོན་ལྡན་གྱི་གློག་བརྙན་དག་ཡིན།  གཟའ་སྤེན་པའི་ཕྱི་དྲོར་ང་དང་གློག་བརྙན་ལ་དགའ་བའི་སྤུན་ཆུང་མ་གཉིས་ཀྱིས་སྔ་ཉིན་ཕབ་ཡོད་པའི་གློག་བརྙན་ལ་ལྟ་སྲིད། གལ་སྲིད་ང་ཚོ་དེར་དགའ་པོ་ཡོད་ན་མུ་མཐུད་བཞག་སྟེ་ཐེངས་མང་པོར་ལྟ་སྲིད། འདི་ལྟར་ངས་ནུབ་ཕྱོགས་ཀྱི་༼ཕལ་ཆེ་བ་ཧྥ་རན་སི། ཨ་རི། དབྱིན་ཇི། དབྱི་ཐ་ལི། ཨུ་རུ་སུ།༽གློག་བརྙན་རྙིང་བ་དང་གྲགས་ཆེ་བའི་རིགས་མང་པོ་ཞིག་ལ་བལྟས་ཡོད་ལ། གློག་བརྙན་མང་ཆེ་བ་དབྱིན་ཇིའི་ལམ་ནས་ཡིན་པས་འདི་དག་ལ་བརྟེན་ནས་ངའི་དབྱིན་ཇིའི་སྐད་ཇེ་བཟང་དུ་འགྲོ་ཐབས་བྱས་པ་ཡིན། གློག་བརྙན་ལ་འདི་འདྲའི་སྤྲོ་བ་བྱུང་བའང་དུས་དེ་ནས་འགོ་བཙུགས་ཡོད། ད་ལྟ་ང་རང་ཕ་རི་སི་རུ་བསྡད་ཡོད། འདི་གར་གློག་བརྙན་ཁང་མང་པོ་དང་གློག་བརྙན་རིགས་མང་པོ་ཡོད། ང་རང་བྲེལ་བ་ཆེ་ཙམ་འདུག་ན་ཡང་རྟག་པར་གློག་བརྙན་ལ་གང་ཐུབ་ཀྱིས་ལྟ་རུ་འགྲོ་བཞིན་ཡོད།

           ངས་དུས་རབས་སྔོན་མའི་ལོ་རབས་སུམ་ཅུའི་ནང་གི་གློག་བརྙན་མང་པོར་བལྟས་ཡོད་པ་མ་ཟད། དུས་རྒྱུན་བརྙན་བཟོ་བའི་ངོས་ནས་དེའི་གློག་བརྙན་ལ་དགའ་མོས་བྱེད་ཀྱིན་ཡོད་པས་དགའ་སའི་གློག་བརྙན་བཅུའི་ཐོ་སྒྲིག་རྒྱུ་ཅུང་ཁག་པོའི་གནས་སུ་སྣང་།    འོན་ཀྱང་འདི་གར་ངས་ང་རང་དགའ་སའི་བརྙན་བཟོ་བ་དག་གི་གློག་བརྙན་རེ་ཚུད་དུ་བཅུག་ཡོད།  ཁྱེད་ཀྱིས་འདི་གར་གླེང་ཡོད་པ་ནི་ཕལ་ཆེ་བ་ལོ་ཉི་ཤུའི་ཡར་སྔོན་གྱི་གློག་བརྙན་དག་ཡིན་པ་རྟོགས་སྲིད། འདི་ནི་ཕྱིས་སུ་ངས་གློག་བརྙན་ཡག་པོར་མ་བལྟས་པ་མིན་ལ་ལོ་རབས་དགུ་བཅུའི་ཚུན་གྱི་གློག་བརྙན་དག་ནི་ཡག་པོ་མེད་པའང་མིན། ལོ་རེར་གློག་བརྙན་ལེགས་པོ་མང་དུ་ཐོན་བཞིན་ཡོད་མོད་རྒྱུ་མཚན་ག་གེ་མོའི་དབང་གིས་ངས་སྔོན་མར་བལྟས་ཡོད་པའི་གློག་བརྙན་དག་གི་དོ་ཟླར་ཡོང་མི་ཐུབ་སྙམ།  གཅིག་བྱས་ན་གཞོན་པའི་དུས་ལྟ་བུའི་ངར་སེམས་མེད་པས་ཡིན་སྲིད་ལ་ཕྱིས་སུ་གློག་བརྙན་མང་དུ་བལྟས་ཡོད་པས་ཡིན་ཡང་སྲིད།  ཡང་གཅིག་ན་གློག་བརྙན་གསར་པ་དག་ནི་གསར་ཤོས་ཆེ་བས་ང་ཚོས་ལོ་ངོ་ཉི་ཤུའི་རྗེས་སུ་གློག་བརྙན་གང་དག་ནི་ད་དུང་མི་རྣམས་གཙིགས་ཆེན་བྱེད་པར་སྒུག་དགོས་ཀྱང་སྲིད། རྗོར་རྗི་ཨོ་ཝེལ(George Orwell  1984དང་བྱོལ་སོང་གཞིས་ཀའི་རྩོམ་པ་པོ།) ཁོས་སྒྲུང་གཏམ་ཞིག་གི་བཟང་ངན་ཚད་འཇལ་བྱེད་ནི་དེའི་རྟག་བརྟན་རང་བཞིན་ཡིན་པར་གསུང་ཡོད། ངས་གློག་བརྙན་ཡང་དེ་ནང་བཞིན་ཡིན་པར་བསམ།

          ངས་འདིར་གློག་བརྙན་བརྒྱད་ལས་བགྲངས་མི་འདུག་པ་རྟོགས། ད་དུང་ཧེ་ཆི་ཁོ་ཁད། Alfred Hitchock ཁུ་ཁོར། Cukor ཨན་ཋོ་ཉིས་ཨོ་ཉིས། Antonioni ཟར་ནཱེ། Carné ཟེ་ལན། Ceylan ཁུ་རོ་ས་བ། Kurosawa ཁིན་ལོ་ཆི། Ken Loach ཡང་ན་ཐེ་རོན་སི་དྷེ་བིས་སིTerence Davies ལ་སོགས་པས་བཟོས་པའི་གློག་བརྙན་བགྲང་ཆོག་ཀྱང་འདི་གར་ཚང་མ་བགྲང་རྒྱུ་མི་ཡོང་བས་གཤམ་དུ་ང་རང་དགའ་སའི་གློག་བརྙན་བརྒྱད་འདྲེན་པར་བྱ་བ་ལ།


དང་པོ། བྷེར་ལེན་གྱི་མཁའ་དབྱིངས།   WimWenders (1987)

            ང་རང་ཝེམ་ཝུན་དྷར་སིའི་སྔ་དུས་ཀྱི་གློག་བརྙན་དག་ལ་ལྟ་བར་སྤྲོ། འོན་ཀྱང་འཆར་ཡན་རང་བཞིན་དང་ལྡན་པའི་གློག་བརྙན་འདི་ནི་ཀུན་ལས་དགའ་ཤོས་དེ་ཡིན། སྙན་ངག་གི་ཉམས་ཀྱིས་IRFFoCDvKs_1148433338.jpgཕྱུག་པའི་གློག་བརྙན་འདིའི་ནང་དུ་ལྷའི་མིག་ལམ་ན་མི་ཡུལ་ནི་དཀར་ནག་ཏུ་མཐོང་ལ། ཁོ་ཚོ་རང་ཡང་སྔོན་མར་མི་རུ་སྐྱེས་མྱོང་བས་མིའི་སེམས་ཁམས་དང་བསམ་བློ་ལ་བསམ་ཤེས་བྱེད་ཐུབ།  གློག་བརྙན་འདི་ནི་ལྷ་ཞིག་དང་བུད་མེད་ཅིག་གཉིས་བར་གྱི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཡིན་ཏེ། ལྷ་དེ་དཔྱང་ཐག་རྩེད་བཞིན་པའི་བུད་མེད་ཅིག་ལ་བརྩེ་བ་ཤོར་སོང་བས་ཕྱིར་མི་ཡུལ་དུ་ཡོང་རྒྱུ་བྱས། དེ་ལྟར་ན་ཁོས་བརྩེ་བས་སྟོང་བའི་རྟག་བརྟན་གྱི་ལྷ་ལུས་དེ་མི་རྟག་པའི་ཆས་གང་ཡོད་མོད་བརྩེ་དུང་འཐོབ་རྒྱུར་རེ་བ་ཡོད་པའི་ལུས་རྟེན་ཞིག་ལ་བརྗེ་དགོས་འདུག   ཨ་ལིས་ཁད་ཉིས་སིའི (Henri Alekanis)གློག་བརྙན་པར་བཀོད་ནི་དཔེ་མེད་པའི་མཛེས་པོ་ཡོད། ལོ་ཉི་ཤུའི་རྗེས་ངས་གློག་བརྙན་དེར་ཐོག་མར་བལྟས་རྗེས། ཐེངས་དང་པོར་པིར་ལེན་ལ་འགྲོ་དུས་སུ་བསམ་གཟས་ནས་གློག་བརྙན་དེའི་ཕབ་སྐྲུན་ས་གནས་གྲས་ཀྱི་གཅིག་སྟེ་རྒྱལ་ཁབ་དཔེ་མཛོད་ཁང་ལ་བལྟ་རུ་སོང་།

     http://zh.wikipedia.org/wiki/%E6%9F%8F%E6%9E%97%E8%92%BC%E7%A9%B9%E4%B8%8B    

     https://www.youtube.com/watch?v=13kPsa1j8I8


 གཉིས་པ།  ཆར་བའི་ཁྲོད་ནང་གཞས་གཏོང་བ།  Stanley Donen and Gene Kelly (1952)

           གློག་བརྙན་འདིར་ངས་ཐེངས་མང་པོར་བལྟས་ཡོད། འདི་ནི་རོལ་མོའི་ཟློས་གར་ཞིག་ཡིན། གཏམ་རྒྱུད་འདིའི་ནང་418x600_1.jpgགི་གླུ་བ་གསུམ་ལ་ཆོབ་ཚ་ཞིང་སྤྲོ་སྣང་ལྡན་ལ། མི་གཤིས་དང་ལྡན་ཞིང་བརྩེ་བས་ཕྱུག་པའི་རྡོག་བྲོ་འཁྲབ་པ་བརྒྱུད་རྒྱལ་ཁའི་ལམ་བུར་བསྙེགས་ཡོད་པའི་ཚུལ་བསྟན་ཡོད།  གློག་བརྙན་འདི་ནི་སེམས་ཁམས་མི་དྭངས་བའི་དུས་སུ་བལྟ་འོས། ངས་ནམ་རྒྱུན་ལྟ་ཐེངས་རེར་ང་ལ་དགའ་སྤྲོའི་མིག་ཆུ་འདོན་པར་བྱེད།             

          http://zh.wikipedia.org/wiki/%E8%90%AC%E8%8A%B1%E5%AC%89%E6%98%A5 འདི་ནི་གློག་བརྙན་འདིའི་སྣང་བརྙན་སྐད་གྲགས་ཆེ་ཤོས་དེ་ཡིན།

          https://www.youtube.com/watch?v=2oWk4ZiuSHE  སྣང་བརྙན་འདིས་ང་ལ་མིག་ཆུ་འདོན་དུ་འཇུག་འོང་།
          https://www.youtube.com/watch?v=TKlub5vB9z8  འདི་ནི་ཞབས་བྲོ་ཡག་ཤོས་ཀྱི་སྣང་བརྙན་ཞིག་ཡིན།


གསུམ་པ།  མན་ཧ་ཏཱན།  Woody Allen (1979)

           ང་རང་ཝུ་དྷིས་ཨེ་ལིན་གྱི་གློག་བརྙན་ལ་ཧ་ཅང་དགའ། ངས་ཁེ་རོའི་རྒྱ་སེའི་མེ་ཏོག(The Purple Rose of Cairo)གླེང་ཡང་ཆོག   རྒྱུ་མཚན་ནི་དེར་གློག་བརྙན་ལ་དད་གུས་དང་20120607033109173.jpgགློག་བརྙན་ཁང་ལ་དགའ་སྣང་གིས་ཕྱུག  འོན་ཀྱང་མན་ཧ་ཏཱན་ལ་ཧ་ལས་པའི་མཛེས་དཔྱོད་ཀྱི་རིན་ཐང་ཡོད་འདུག  འདི་ནི་སྐྱ་རིས་གློག་བརྙན་གཞན་ཞིག་ཡིན་ཞིང་། གློག་བརྙན་འདི་བརྒྱུད་ང་ཚོའི་སྣང་ངོར་ནེའུ་ཡོག་ནི་འཛམ་གླིང་ཅན་གྱི་གྲོང་ཁྱེར་ཞིག་ཡིན་པའི་ལྷ་སྒྲུང་དེ་བསྐྲུན་ཡོང་།  ༢༠༡༠ལོར་ང་རང་ཐོག་དང་པོར་ནེའུ་ཡོག་ཏུ་སོང་དུས། ཝུ་དྷིས་ཨེ་ལིན་གྱི་གློག་བརྙན་ནང་གི་འཁྲབ་ཡུལ་ཁག་དངོས་སུ་མཐོང་བས་དགའ་སྤྲོ་ཚད་མེད་སྐྱེས།   དེ་ལས་གཞན་ལོ་རབས་ཉི་ཤུ་བའི་ནང་གི་ཡ་ཧུ་དཱ་པའི་རིགས་ཀྱི་གཞས་རྩོམ་མཁན་ཕུལ་བྱུང་ཅན་ རྗོར་རྗི་གྷེ་ཞི་བུན (George Gershwin)གྱིས་བརྩམས་པའི་རོལ་མོ་ནི་གློག་བརྙན་དེའི་མཛེས་པའི་ཆ་གཞན་དེའོ།།

 http://zh.wikipedia.org/wiki/%E6%9B%BC%E5%93%88%E9%A0%93_(%E9%9B%BB%E5%BD%B1)འདི་ནི་འགོ་རྩོམ་ཁའི་སྣང་བརྙན་ཡིན།

 https://www.youtube.com/watch?v=0o6QKpNK9Cc


 བཞི་བ།   དེང་གི་དུས། Charles Chaplin (1936)

           ང་རང་ཆ་ཕི་ལིན(Chaplin)གྱི་གློག་བརྙན་དང་། ཁྱད་པར་དུ་སྒེར་གཅོད་པ་ཆེན་མོ་ཞེས་པའི་གློག་བརྙན་དེར་དགའ།  འོན་ཀྱང་གློག་བརྙན་20120525070045755.jpgའདི་ནི་ང་ལ་མཚོན་ན་དོན་སྙིང་མི་འདྲ་བ་ཞིག་ཡོད་དེ། འདི་ནི་ངས་ཧྥ་རན་སི་རང་ནས་བལྟས་པའི་གློག་བརྙན་ཐོག་མ་དེ་ཡིན་པས་ང་ལ་ལྷག་པའི་དུངས་ཀ་བྱིན་ཡོད། ཡིན་ན་ཡང་གློག་བརྙན་འདིའི་སྤྱི་ཚོགས་ཀྱི་དོན་སྙིང་ནི་ང་རང་གློག་བརྙན་འདིར་དགའ་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་ཏེ། དེས་མ་རྩ་རིང་ལུགས་ཀྱི་སྨྱོ་ཧམ་གྱི་བྱ་སྤྱོད་དང་དཔལ་འབྱོར་གོང་འཕེལ་གྱི་མིང་ཐོག་ནས་མི་སྒེར་གྱི་འབྲེལ་ལམ་མེད་པར་བཟོས་ཡོད་པ་ལ་མངོན་སུམ་འཛེམ་མེད་ཀྱིས་དགག་རྒྱག་བྱས་ཡོད། ཁོའི་གློག་བརྙན་གཞན་དག་ཏུའང་ཡིད་དབང་འཕྲོག་ཅིང་དགོད་བྲོ་བའི་ལམ་ནས་དེའི་བརྗོད་བྱ་གཙོ་བོ་དག་འཁྲབ་པར་བྱེད།  ཆ་ཕི་ལིན་ནི་དུས་རབས་༢༠ ནང་གི་སྐྱེས་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་མི་སྣའི་གྲས་ཀྱི་གཅིག་ཡིན་ནོ།།

          https://www.youtube.com/watch?v=IjarLbD9r30


 ལྔ་བ།  བརྩེ་བའི་ཆུ་ཕྲན། John Cassavettes (1984)

            རྗོན་ཁ་ས་བེ་ཏཱེ་སི་ལ་གོང་གི་འཁྲབ་ཁྲིད་པ་དག་ནང་བཞིན་གྱི་མཚན་སྙན་མེད་ཀྱང་སྲིད་མོད། ཁོ་ནི་ལོ་རབས་བདུན་ཅུ་དང་བརྒྱད་ཅུ་པའི་ནང་ཤུགས་རྐྱེན་ཆེ་ཤོས་དང་002564bb22d90d72b56643.jpgསྤྲོ་སྣང་ཆེ་ཤོས་ཀྱི་ཨ་རིའི་རང་དབང་བརྙན་བཟོ་བའི་གྲས་ཀྱི་གཅིག་ཡིན། ངས་ཁོང་གི་གློག་བརྙན་དག་ནི༡༩༨༩ལོར་ཁོ་རང་སྐུ་འདས་རྗེས་མ་གཏོགས་མ་ཤེས། ཁོ་དང་ཁོའི་སྐུ་ལྕམ་རཱོ་ལན་དཱ་སི (Gena Rowlandas) གཉིས་ནི་ཚེ་གང་བོར་གློག་བརྙན་འཁྲབ་རོགས་དང་མི་ཚེའི་གཏན་གྲོགས་ཡིན་འདུག   འཁྲབ་ཁྲིད་པ་ཁོ་རང་གི་གྲོགས་པོ་ཚོ་དང་མཉམ་དུ་བརྙན་ཕབ་པའི་ཐད་ཀྱང་སྐད་གྲགས་ཡོད། འདིའི་ཕྱོགས་ནས་པད་མ་ཚེ་བརྟན་དང་ཟོན་ཐར་རྒྱལ། གདུགས་དཀར་ཚེ་རིང་སོགས་དང་ཡང་ཅུང་འདྲ་སྟེ།  ཁོའི་གློག་བརྙན་ནང་གྲོགས་པོའི་བར་གྱི་མཛའ་བརྩེ་ལྷུག་པོར་མངོན་ཡོད། ཁོའི་གློག་བརྙན་དག་ནི་རྟག་པར་འགྲོ་གྲོན་དམའ་ཞིང་། གྲོགས་པོ་དང་དང་མཉམ་དུ་ཇ་ཁ་ཆང་ཁ་ནས་བཟོས་ལ། དེའི་ནང་སྐབས་ཐོག་གི་པར་རིས་མང་དུ་འདུས་པའི་པར་མིག་རིང་པོ་དག་གིས་གྲུབ་ཡོད་ཅིང་། དེས་མི་དང་མིའི་བར་གྱི་བརྩེ་བ་དང་མཛའ་བརྩེ་མཚོན་པ་མ་ཟད། སྡུག་བསྔལ་དང་ཁེར་རྐྱང་ཡང་མཚོན་ཡོད།

   http://zh.wikipedia.org/wiki/%E7%B4%84%E7%BF%B0%C2%B7%E5%8D%A1%E8%96%A9%E7%B6%AD%E8%8C%B2

   https://www.youtube.com/watch?v=x6nKKB2As0E


 དྲུག་པ། འོད་ལྗང་གུ།  Eric Rohmer (1986)

          ཧྥ་རན་སིའི་རླབས་རྒྱུན་གསར་བའི་གློག་བཟོ་བ་དག་གི་ཁྲོད་ནས་ང་རང་ཧྥག་ཟི་ཐུ་རེ་ཧྥུ་དང་རཱོ་མེར(Eric Rohmer)གཉིས་ལ་ལྷག་པར་དགའ།  གློག་བརྙན་28e78db62cae5ac.jpgའདི་ནི་གཞོན་ནུ་མ་ཞིག་དང་ཁོ་མོའི་བརྩེ་དུང་གི་གཏམ་རྒྱུད་ཡིན་འདུག་པས་བརྩེ་དུང་ནི་གློག་བརྙན་འདིའི་བརྗོད་བྱ་གཙོ་བོ་དེ་ཡིན། གློག་བརྙན་ནང་གི་མི་སྣའི་ཁ་བརྡ་དག་ནི་སྔོན་ནས་གྲ་སྒྲིག་བྱས་པ་མེད་པར་འཁྲབ་སྟོན་པས་སྐབས་ཐོག་ལ་བཤད་པས།  གློག་བརྙན་ནང་གི་ཁ་བརྡའི་ཆར་བཅོས་མ་མ་ཡིན་པའི་བདེན་སྣང་ཞིག་ཐོན་ཡོད། དེང་གི་ཧྥ་རན་སིའི་གློག་བརྙན་ལ་གནད་དོན་ཞིག་ཡོད་པ་ནི་གོང་རིམ་སྤྱི་ཚོགས་ནང་བྱུང་བའི་གཏམ་རྒྱུད་ཡིན་འདུག   འོན་ཀྱང་རཱོ་མེར་གྱི་གློག་བརྙན་ནང་ཆེས་སྤྱིར་བཏང་གི་འཚོ་བ་དང་མི་རྣམས་བྱུང་ཡོད་པས་ཚང་མས་རང་གི་འཚོ་བ་དངོས་དང་སྦྱར་ཐུབ་བོ།།

      http://zh.wikipedia.org/wiki/%E7%B6%A0%E5%85%89

      https://www.youtube.com/watch?v=sp7a2jYftp0


བདུན་པ།  ཕྱག་རྒྱ་བདུན་པ།  Ingmar Bergman (1957)

            གྲགས་ཅན་གྱི་གློག་བརྙན་འདི་ནི་སུའེ་ཏེན་གྱི་བརྙན་བཟོ་བ་སྐད་གྲགས་ཅན་ཨེན་མར་བྷ་རེ་མན་གྱི་གློག་བརྙན་ཞིག་ཡིན། སྐྱ་རིས་གློག་བརྙན་འདིའི་ནང་དུས་རབས་10(367).jpgདཀྱིལ་མའི་སུའེ་ཏེན་གྱི་སྐྱེ་འཆིའི་ལྟ་བའི་སྐོར་བརྗོད་ཡོད་དེ། སྐྱ་མི་ཞིག་གིས་འཆི་བདག་དང་མཉམ་དུ་འགྱིག་རྩེད་དེ་རྒྱལ་ཕམ་རྩད་པ་དེར་ལོ་ཉི་ཤུའི་ནང་ཡོད་པའི་བདག་གིས་ཐོག་མར་བལྟས་པ་ལས་འཆི་བའི་སྐོར་ལ་བསམ་གཞིག་མང་པོ་ཞིག་སྤྲད་ཡོད།   འདོད་པའི་གཤོག་པ(Wings of Desire) དང་མན་ཧ་ཏཱན(Manhattan)དང་འདྲ་བར་གློག་བརྙན་འདིའི་ལག་ཐབས་ཀྱང་མིག་གི་ལོངས་སྤྱོད་ཅིག་ཡིན་འདུག  གཞན་ད་དུང་བྷ་རེ་མན་གྱི་གློག་བརྙན་གཞན་ཁ་ཤས་ཏེ་དཔེར་ན་རི་སྐྱེས་འབྲི་ཏ་ས་འཛིན(Wild Strawberries)   དང་། ཀུ་ཅོ་དང་ངུ་ཤུམ(Cries and Whispers) ལྟ་བུའང་ང་དགའ་ཤོས་ཀྱི་གློག་བརྙན་ཡིན།


བརྒྱད་པ། རོ་ཆེ་ཧྥུ་ཐིའི་གཞོན་ནུ་མ། Jacques Demy (1967)

           འདི་ནི་རོལ་མོའི་ཟློས་གར་ཞིག་ཡིན་ལ་ཧྥ་རན་སིའི་གྲགས་ཅན་གྱི་བརྙན་བཟོ་བ་བཞའ་ཁེའུ་ཟི་དྷེ་མཱེ་ཡི་གློག་བརྙན་ཡིན་འདུག  ཆར་བའི་ཁྲོད་ནས་གཞས་གཏོང་བ་ཞེས་trim.jpgཔའི་གློག་བརྙན་ནང་བཞིན་འདི་ལ་ལྟ་ཐེངས་རེར་ཡང་ང་ལ་སྨྲ་མི་ཤེས་པའི་ཚོར་འདུ་དྲག་པོ་ཞིག་སྤྲོད་ཡོང་། གློག་བརྙན་འདི་ཕབ་ནས་ཅུང་མ་འགོར་བར་དེའི་གཙོ་འཁྲབ་པ་དྷེ་ནེའུ་ཝེ (Catherine Deneuve) དང་མོའི་ཨ་ཅེ་དྷོ་ལེ་ཁད(Françoise Dorléac)གཉིས་འགྲིམ་འགྲུལ་དོན་རྐྱེན་ཁྲོད་སྐུ་འདས་ཡོད། གློག་བརྙན་འདི་ནི་ཧྥ་རན་སིའི་ལུགས་ཀྱི་ཨ་རིའི་སྲོལ་རྒྱུན་རོལ་མོའི་གློག་བརྙན་ཞིག་ཡིན། ངའི་རེ་ཡང་ནམ་ཞིག་གི་ཚེ་ན་བོད་ཀྱི་འཁྲབ་ཁྲིད་པ་ཞིག་གིས་ཀྱང་རོལ་མོའི་གློག་བརྙན་ལེགས་པོ་ཞིག་ཕབ་རྒྱུ་དེ་ཡིན་ལ། སྤྱིར་བོད་ནི་གླུ་གར་གྱི་རིག་གནས་མོད་ཅིང་དེ་ལ་དགའ་བའི་མི་རིགས་ཤིག་ཡིན་པ་དང་། དུས་མཉམ་དུ་བོད་ཀྱི་གསར་བྱུང་འཁྲབ་ཁྲིད་པ་དག་གི་རྣམ་དཔྱོད་ཡངས་པོས་ངའི་ཕུགས་བསམ་འདི་ནི་ནམ་ཞིག་ཚེ་མངོན་འགྱུར་བྱ་ཡོང་ངོ་སྙམ།།       

    https://www.youtube.com/watch?v=uopjMuYY3F8
    http://en.wikipedia.org/wiki/The_Young_Girls_of_Rochefort


100.jpg

རྩོམ་པ་པོ་དང་པེ་ཅིན་གྱི་ཆང་ཁང་ག་གེ་མོ་ཞིག་ཏུ།


གློག་བརྙན་འོས་སྦྱོར་ཞེས་པ་ནི་གློག་བརྙན་ལ་ལྟ་རྒྱུར་དགའ་བོ་ཡོད་པའི་མི་བཅུ་གྲངས་ལྷག་ལ་ཆེད་དུ་ངེད་དྲ་བ་ནས་རང་ཉིད་དགའ་ཤོས་ཀྱི་གློག་བརྙན་ལྔ་ནས་བཅུ་བར་ངོ་སྤྲོད་བྱེད་དུ་འཇུག་གིན་པའི་ལེ་ཚན་ཞིག་ཡིན། འདི་བརྒྱུད་ནས་ཁྱེད་ཀྱིས་གློག་བརྙན་བལྟ་ཕྱོགས་ཀྱི་ལམ་ཁ་ཤིག་ཤེས་ཡོང་བའི་རེ་འདུན་གཙང་མ་དང་བཅས། གཞན་དག་ང་ཚོས་བསྟུད་མར་དགོད་འཆར་ཡོད་པར་ཁྱེད་ནས་དོ་སྣང་མཛད་རོགས་ཞུའོ།།

དཔྱད་མཆན་ཡོད།