བོད་བརྙན་གླེང་སྟེགས་དང་བརྙན་འགྲེམ་བྱེད་སྒོའི་གདན་ཞུའི་ཡི་གེ

༄༅། །མཁྱེན་ཡངས ____________________ ལགས།


     བོད་ལ་གློག་བརྙན་གྱི་རིག་པ་འདི་དར་ནས་ལོ་བཅུ་གསུམ་འཁོར་བའི་སྐབས་འདི་དང་བསྟུན་ཏེ། བོད་ཀྱི་གློག་བརྙན་གྱི་མིག་སྔའི་གྲུབ་འབྲས་དང་ད་ལྟའི་གནས་བབ་སོགས་ཐད་ནས་བསམ་བློ་བརྗེ་རེས་ཀྱི་གོ་སྐབས་ཤིག་བསྐྲུན་ཆེད། ངེད་གོ་སྒྲིག་ལྷན་ཚོགས་ནས་བོད་ཀྱི་གློག་བརྙན་དང་འབྲེལ་བའི་བགྲོ་གླེང་དང་བརྙན་འགྲེམ་བྱེད་སྒོ་ཞིག་ཉིན་གཉིས་རིང་འཚོག་རྒྱུ་གཏན་དུ་ཁེལ་ཡོད། དེ་ལ་ངེད་ཅག་ནས་དམིགས་བསལ་སྒོས་གདན་འདྲེན་ཞུས་པའི་འཁྲབ་ཁྲིད་པ་དང་བརྙན་དཔྱད་པ་དག་ལས་གཞན། སྤྱི་ཚོགས་ཡོངས་ལ་ཁ་གཏད་དེ་གདན་འདྲེན་ཞུ་ཡིག་འདི་བསྐུར་པ་ཡིན། གལ་ཏེ་ཁྱེད་ལ་གཤམ་གྱི་ཁྱབ་ཁོངས་འདི་དག་དང་འབྲེལ་བའི་གཏམ་གསར་ཅི་རིགས་ཡོད་ཚེ།རེབ་འདིའི་ཚོགས་འདུའི་ཐོག་ནས་མཉམ་སྤྱོད་བྱ་རྒྱུའི་འབོད་སྐུལ་ཞུས་པ་ཡིན།

གཅིག  བརྗོད་གཞི། 

     1.  རྒྱལ་སྤྱིའི་མཐོང་སྣང་ཁྲོད་ཀྱི་བོད་ཀྱི་གློག་བརྙན་སྐོར།

     2.  བོད་སྐད་གློག་བརྙན་གྱི་བྱུང་བ་དང་ད་ལྟའི་གནས་བབ་སྐོར།

     3.  བོད་ཀྱི་གློག་བརྙན་སྐོར་གྱི་བསམ་བློ་དང་སྒྱུ་རྩལ་སྐོར།

     4.  བོད་ཁུལ་གྱི་གློག་བརྙན་ཐོན་ལས་སྐོར།

     5.   བོད་ཀྱི་གློག་བརྙན་དང་འབྲེལ་བའི་བརྗོད་གཞི་གཞན།

གཉིས།  འཚོག་གནས་དང་དུས། 

         བསང་ཁོག་རྩྭ་ཐང་།  ཟླ་བརྒྱད་པའི་ཟླ་མཇུག (ཉིན་གཉིས།)

གསུམ།  གཙོ་སྒྲུབ།

         པྲ་དྲ་གློག་བརྙན་འཕྲིན་གཏོང་སྦྱོར་ཚད་ཡོད་ཀུང་ཟི།

         ལྷ་ལས་བབ་གློག་བརྙན་འཕྲིན་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་།

བཞི།  ཚོགས་འདུའི་ལས་རིམ།

         ཉིན་དང་པོ།    བོད་བརྙན་སྐོར་གྱི་དཔྱད་གླེང་། དབུ་འབྱེད་མཛད་སྒོ་སོགས།

         ཉིན་གཉིས་པ།  གློག་བརྙན་འགྲེམ་སྟོན་དང་། མཇུག་བསྡུའི་མཛད་སྒོ་སོགས།

ལྔ།  མཉམ་འཇོག

        l  ཞུགས་འདོད་མཁན་དག་གིས་འགན་འཛིན་ལ་འབྲེལ་ཏེ་ཐོ་འགོད་རེའུ་མིག་ལེན་དགོས།

       2  དཔྱད་འདེམས་ཚར་རྗེས་ང་ཚོས་གང་མགྱོགས་སྒོས་གདན་འདྲེན་ཞུ་ཡིག་བསྐུར་རྒྱུ།

       3  གཏམ་བཤད་དང་འགྲེམ་སྟོན་དུ་ཞུགས་འཆར་གྱི་གློག་བརྙན་གང་ཡིན་ཡང་། དྲ་རྒྱ་སོགས་སུ་མ་སྤེལ་བ་ཡིན་དགོས།

     4 ལམ་གླ་ལས་གཞན། ཉིན་གཉིས་རིང་གི་ཟ་མ་དང་སྡོད་ས་གོ་སྒྲིག་ཚོགས་ཆུང་ནས་འགན་ཁུར་རྒྱུ། ཚོགས་འདུར་ཚོགས་གླ་སོགས་ཅི་ཡང་སྤྲོད་མི་དགོས།

འབྲེལ་གཏུག  

          ཡེ་ཤེས་ལྷ་མོ།  17394402728         དཀོན་མཆོག་སྲི་དར། 15195906697

          འཕགས་ནོར། 17380560911             ཀུན་ཏུ་བཟང་པོ། 15281503455

གསལ་བཤད། 

1.  འབྲེལ་ཡོད་གནས་ཚུལ་དག་རིམ་པར་པྲ་དྲ་ (www.filmtbt.com) དང་།  བོད་ཀྱི་གློག་བརྙན་འཕྲིན་སྟེགས (Tibetan-kdy) སོགས་ནས་སྤེལ་རྒྱུ་ཡིན་པས། དེ་དག་ལ་དོ་སྣང་བྱ་རོགས།

2.   ཁྱེད་ནས 2018ལོའི་ཟླ7པའི་ཚེས30 ཉིན་ཐོ་འགོད་རེའུ་མིག་ཕྱིར་བསྐུར་དགོས།  1634593458@qq.com

3.  གལ་ཏེ། ཁྱེད་ཀྱིས་ཚོང་འཕྲིན་དང་ཁྱབ་སྒྲོག་སོགས་ཀྱི་ཐད་ནས་ངེད་ཅག་ལ་མཉམ་ལས་བྱ་འདོད་ཚེ། གང་མགྱོགས་སྒོས་འབྲེལ་གཏུག་བྱ་རོགས།


བྱེད་སྒོའི་གོ་སྒྲིག་ཚོགས་ཆུང་ནས།

2018/7/21

Lindenderry open air cinema.jpg

དཔྱད་མཆན་ཡོད།