མདོ་ལྷོ་གློག་བརྙན་འཕྲིན་རིག་གནས་རྒྱ་ཁྱབ་ཚད་ཡོད་ཀུང་ཟི།

མདོ་ལྷོ་གློག་བརྙན་འཕྲིན་རིག་གནས་རྒྱ་ཁྱབ་ཚད་ཡོད་ཀུང་ཟི་ནི་སྤྱི་ལོ༢༠༡༠ལོར་བཙུགས་པ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གློག་བརྙན་རྒྱ་ཁྱབ་ཀུང་ཟི་ཐོག་མ་ཡིན་ལ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལས་སྒོ་གསར་སྤེལ་བྱ་མཁན་ས་གནས་དེ་གའི་སློབ་ཆེན་སློབ་མས་གྲུབ་པའི་གློག་བརྙན་གསར་རྩོམ་སྡེ་ཁག་ཐོག་མ་ཡང་ཡིན། ཀུང་ཟིས་རྫོང་སྟུག་ཅིང་མི་རིགས་ཀྱི་ཁྱད་ཆོས་ཟབ་པའི་ཀན་ལྷོའི་རིག་གནས་རྒྱབ་ལྗོངས་འོག་ནས་སྔ་རྗེས་སུ་ཕུལ་བྱུང་གི་གློག་བརྙན་བརྩམས་ཆོས་མི་ཉུང་བ་ཞིག་གསར་རྩོམ་བྱས་ཤིང་། བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་ལྗོངས་ཞིང་ལྔའི་བོད་ཁུལ་མ་ཟད་ནང་ལོག་ས་ཁུལ་དུའང་ཤུགས་རྐྱེན་དང་བག་ཆགས་བཟང་བོ་བཞག་ཡོད། ང་ཚོའི་ཀུང་ཟི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དམངས་སྲོལ་སྲང་ལམ་གྱི་ཐོག་ཁང་གསུམ་པར་གནས་ལ། ད་ཡོད་རྐང་འཛིན་མི་སྣ༡༦དང་། མཉམ་འབྲེལ་འཁྲབ་སྟོན་པ༣༠  སློབ་གནས་ཞབས་འདེགས་མི་སྣ༥༠ལྷག་ཡོད། སྤྱི་ལོ༢༠༡༠ལོ་ནས༢༠༡༦ལོའི་བར། སྔ་ཕྱིར། གློག་བརྙན་ཐུང་གྲས་དང་། བརྡ་ཁྱབ་གློག་བརྙན། དངོས་པར་གློག་བརྙན་སོགས་སྟེ《གླིང་དཀར་སྟོད་ཀྱི་བྱམས་པ》དང་། 《ཁྱོད་རང་དྲན་པའི་སྟོན་ཀ 《རེ་ས》《དྲོད་ཁོལ།》 《སྐལ་བཟང་མེ་ཏོག》 《འཁོར་བའི་སྒྲོལ་མ། 》《གཙོད་གྲོང་གི་ལས་དབང་།》《 དགུན་ཟླ་རིང་མོ། 》《ཨ་མདོའི་སྲས་མཁར་དགུ་ཐོག》《ནོར་བུ་བཟང་པོ།》 《ཀྲུང་གོའི་ཀན་ལྷོའི་ཤམ་བྷ་ལའི་སྒྱུ་རྩལ་དུས་ཆེན།》སོགས་བརྙན་ཕབ་བྱས་ཡོད།  《གླིང་དཀར་སྟོད་ཀྱི་བྱམས་པ》་ལ་ཀན་སུའུ་ཞིང་ཆེན་སྐབས་གཉིས་པའིDVགསར་རྩོམ་འགྲན་བསྡུར་ཁྲོད“ཕུལ་བྱུང་གློག་བརྙན་”གྱི་གཟེངས་རྟགས་ཐོབ་པ་དང་། པེ་ཅིང་སྐབས༡༧པའི་སློབ་ཆེན་སློབ་མའི་གློག་བརྙན་དུས་ཆེན་ཐེངས་༡༢པའི་དངོས་བཤུས་གློག་བརྙན་འགྲན་བསྡུར་ཁྲོད“ཕུལ་བྱུང་སྐོར་འཇུག་གློག་བརྙན”གྱི་གཟེངས་རྟགས་ཐོབ།

格桑花开海报.jpg

 ཉེ་བའི་ཆར་ཀུང་ཟིས་དངོས་པར་གློག་བརྙན་ཆེས་གྲས《ཉིན་མོ་དེ་ལ》དང《ལོ་གསར་རོལ་བ།》སོགས་བརྙན་ཕབ་བྱས་ཡོད་ལ། བརྙན་ཕབ་མགོ་བརྩམ་ལ་ཉེ་བའི་བོད་ཀྱི་གློག་བརྙན་ཆེ་གྲས་《རི་བོའི་ཕ་རོལ》གྱི་ལད་ཟློས་ཕབ་ར་དང་འབྲེལ་ཡོད་གནས་ཚུལ་ཀྲུང་དབྱང་བརྙན་སྟེགསCCTV-9ནས་བཏང་། ཀུང་ཟིས་མ་དངུལ་དམངས་སྒོར་ཁྲི༧༨༠བཏང་ནས་མིག་སྔའི་ཀན་ལྷོའི་ཐད་གཏོང་ནུས་པ་ལྡན་པའི་རིག་གནས་རྣམ་འབྱེད་རྟེན་གཞི་གེ་སེར་རིག་གནས་ཐད་གཏོང་རྟེན་གཞིའི་འཛུགས་བསྐྲུན་འགོ་ཚུགས་ཤིང་། ཀན་ལྷོའི་ས་ཁུལ་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་སྟེགས་བུ་རུ་བསྐྲུན་པར་འབད་བརྩོན་བྱེད་མུས་སུ་ཡོད་ལ། ལྗོངས་ཞིང་ལྔའི་བོད་ཀྱི་ས་ཁུལ་ནས་རྩ་འཛུགས་ཀྱིས་བསྡུས་པའི《བོད་ཀྱི་སྐད་ངག་སྙན་མོ》སོགས་གཞི་རྒྱ་ཆེ་བའི་འཁྲབ་ཚན་ནོར་བུ་བཟང་པོའི་དྲ་བ་བརྒྱུད་ནས་ཐད་གཏོང་བྱས། ཀན་ལྷོ་རང་སའི་རྟགས་མའི་གར་སྟེགས་བསྐྲུན་པ་དང་། བརྡ་ཁྱབ་སྟེགས་བུ་བསྐྲུན་པ། གེ་སེར་རིག་གནས་རྣམ་འབྱེད་རྟེན་གཞིའི་སྟེགས་བུ་བརྒྱུད་ནས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་ལ་སྔ་ན་མེད་པའི་ཁྱབ་བསྒྲག་ཁྱབ་གདལ་གྱི་ནུས་པ་ཐོན་པར་བྱ་རྒྱུ་ཡིན།





དཔྱད་མཆན་ཡོད།