དར་ཡ་ཀན་བདེ་སྲུང་སྨན་སྤོས།

gaitubao_com_15079006957974.png

དར་ཡ་ཀན་གྱི་རིག་གནས་ཁྲག་རྒྱུན།

           དར་ཡ་ཀན་ནི་བོད་ཀྱི་གནའ་རབས་ཞང་ཞུང་སྐད་དེ་བདུད་རྩིའི་དོན་ཡིན་ལ། ཐ་སྙད་འདི་ཆེས་ཐོག་མར་ཡིག་ཐོག་ཏུ་བཀོད་པ་ནི་དུས་རབས་བརྒྱད་པའི་སྐབས་ཀྱི་ཏོན་ཧུང་ཡིག་རྙིང་གི་གསོ་རིག་ཡིག་ཆ་ཁག་ཡིན། དེས་དར་ཡ་ཀན་ཞེས་པའི་ཐོན་རྫས་མཚན་བྱང་འདིས་ལེགས་པར་བསྐྱངས་པའི་གནའ་བོའི་ཁྲག་རྒྱུན་དང་ཁུངས་ཐུབ་ཀྱི་འབྱུང་རྩ་ཉིད་མཚོན་ཡོད།

          དར་ཡ་ཀན་བདེ་སྲུང་སྨན་སྤོས་རིགས་གང་ཡང་དཔལ་ལྡན་རྒྱུད་བཞི་དང་སྨན་དཔྱད་ཟླ་རྒྱལ། ཤེལ་གོང་ཤེལ་ཕྲེང་སོགས་བོད་ཀྱི་གསོ་རིག་གི་རྨང་གྱུར་བསྟན་བཅོས་དག་ལས་ཁོལ་དུ་ཕྱུངས་ཤིང་ཁྲིགས་སུ་བསྡེབས་པ་ཡིན་ལ། བོད་ཀྱི་གསོ་རིག་གི་སྨན་སྦྱོར་རིག་པའི་སྦྱར་ཐབས་རྩ་དོན་ལྟར་ཡང་དག་པར་སྦྱར་ཞིང་ལོ་ངོ་སྟོང་ཕྲག་གི་བླ་བརྒྱུད་ལོ་རྒྱུས་མངའ་བ་ཤ་སྟག་ཡིན་པ་དང་། དར་ཡ་ཀན་གྱིས་བརླག་སྟོང་དུ་འགྲོ་ལ་ཉེ་བའི་བོད་སྨན་བདེ་སྲུང་སྨན་སྤོས་ཁག་ཅིག་གི་སྦྱོར་སྡེབ་ཚད་གཞི་དང་། འདུལ་སྦྱོང་ཕྱག་ལེན། གདོད་མའི་བཟོ་རྩལ་རྣམས་སྔར་སྲོལ་མ་ཉམས་པར་ཇི་མ་ཇི་བཞིན་དུ་སླར་གསོ་བྱས་ཡོད།

           དར་ཡ་ཀན་བདེ་སྲུང་སྨན་སྤོས་རིགས་གང་ཡང་དྲི་ཞིམ་སྤོས་ངད་ལྡན་པའི་བོད་ཀྱི་རང་བྱུང་སྨན་སྣ་རྩ་ཆེན་བཅུ་ཕྲག་འགའ་ལས་སྦྱར་ཞིང་། སྤོས་སྨན་འདི་རིགས་ཕྱོགས་ཀུན་ཏུ་བདུག་ན། ལུས་བདེ་ཞིང་ཁམས་དྭངས་པ་དང་། རླུང་ཞི་ཞིང་སེམས་གསོ་བ། གཉིད་གཡུར་བར་བྱེད་པ་བཅས་མ་ཟད། བསུང་ངད་ཤངས་ལམ་ལ་རྒྱུ་བས་དྲི་ཞིམ་སྨན་རྩྭ་དང་མེ་ཏོག་ཐང་མར་བརྡལ་བའི་དབེན་འཇགས་ཀྱི་ནེའུ་གསིང་ལ་ལྷགས་པའི་བདེ་ཚོར་སྦྱིན་ལ། ཞི་དུལ་བག་ཕེབས་དང་ཐར་ལམ་ལ་སྙེག་པར་བྱེད།

དར་ཡ་ཀན་སྨན་སྤོས་ངོས་སྦྱོར་ཡི་གེ།

           མིག་སྔར་དར་ཡ་ཀན་གྱིས་བདེ་སྲུང་དང་བློ་སྦྱོང་གཞི་གཅིག་ཏུ་བསྒྲུབ་པར་དམིགས་པའི་རིགས་གྱུར་ཐོན་རྫས་སྣ་ཁ་9བཏོན་ཡོད་ལ། No.1-6ནི་བདེ་སྲུང་དང་ལྷ་གསོལ་སྤོས་ཡིན་ཞིང་། No.7ནི་རླུང་སྤོས་ཡིན་ཏེ་རླུང་ཞི་ཞིང་གཉིད་འགུགས་པའི་ནུས་པ་ཡོད། No.8ནི་ཁྲག་རླུང་གི་སྤོས་ཡིན་ལ་ཁྲག་ཤེད་དམད་ཅིང་སྙིང་རླུང་རང་མལ་དུ་གཞུག་པར་བྱེད་པ་མ་ཟད་བོད་སྨན་དུ་འདི་ཉིད་སྣ་ཆམས་དང་ཚོར་ལོག་རྐྱེན་གྱི་ཡ་མ་ལ་བསྟེན་སྲོལ་ཡོད། No.9ནི་གྲིབ་གདོན་བདུག་སྤོས་ཡིན་ལ། དེ་ནི་གསང་སྔགས་དམ་རྫས་ཁྱད་འཕགས་ཅན་ཉི་ཤུ་ལྷག་ལས་འཕྲུལ་སྦྱོར་བྱས་པ་ཞིག་ཡིན་ཏེ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་བླ་མ་མཆོག་སྤྲུལ་དམ་པ་རིམ་བྱོན་གྱི་ཐུགས་རྗེའི་ཕྱག་རྒྱུན་དྲི་མ་བྲལ་བ་ལས་འཁྲུངས་ཤིང་ལུང་རྒྱུན་མ་ཉམས་པར་བརྒྱུད་པ་ཞིག་ཡིན། རྒྱུན་དུ་བདུག་ན་གདོན་བགེགས་མཐར་སྐྲོད་ཐུབ་པ་མ་ཟད། སྙིང་མི་དགའ་བ་དང་། དངངས་སྐྲག་ལངས་པ། གཉིད་མི་ཁུག་པ། འདར་བ། བརྒྱལ་པ་སོགས་ལའང་ཕན་ནོ། །

1507899813907798.jpg

  • སྨན་སྤོས་ཀོ་ལ་ཉེར་ལྔ།

རིགས།:དར་ཡ་ཀན་སྨན་སྤོས།No.1

གྲུབ་ཆ།:ཀ་ཀོ་ལ། ཁ་ཆེ་གུར་གུམ། ཨར་ནག ཙན་དན་དཀར་པོ། ལི་ཤི། སྤོས་དཀར། ཤིང་ཚ། རྒྱ་ཤུག་སོགས།

ཕན་ནུས།:ལུས་ཀྱི་ཁྲག་རླུང་གི་རྒྱུ་བ་སྙོམས་པ་དང་། གཉིད་གཡུར་བ། མཁའ་དབུགས་གཙང་བཟོ། འབུ་སྲིན་སྐྲོད་པ། ཆམ་རིམས་འགོག་པ། ཁམས་གསོ་ཞིང་སྤྲོ་འཕེལ་བ། ཁྱད་པར་དུ་དཀོན་མཆོག་ལ་གསོལ་མཆོད་འབུལ་བའི་རྫས་མཆོག་ཉིད་དོ། །

1507900084336465.jpg

  • སྤོས་མཆོག་དྲི་ཟའི་སྙིང་ནོར།

རིགས།:དར་ཡ་ཀན་སྨན་སྤོས།No.2

གྲུབ་ཆ།:ལི་ཤི། ཙན་དན་དཀར་དམར། ཀ་ཀོ་ལ། ཨ་གར་གོ་སྙོད། ཤིང་ཚ། བྲག་སྤོས། དགའ་ལྡན་མཁན་པ་སོགས།

ཕན་ནུས།:ལུས་ཀྱི་ཁྲག་རླུང་གི་རྒྱུ་བ་སྙོམས་པ་དང་། གཉིད་གཡུར་བ། མཁའ་དབུགས་གཙང་བཟོ། འབུ་སྲིན་སྐྲོད་པ། ཆམ་རིམས་འགོག་པ། ཁམས་གསོ་ཞིང་སྤྲོ་འཕེལ་བ། ཁྱད་པར་དུ་དཀོན་མཆོག་ལ་གསོལ་མཆོད་འབུལ་བའི་རྫས་མཆོག་ཉིད་དོ། །

1507900244213652.jpg

  • ཐེག་ཆེན་བརྗིད་པའི་དྲི་བསུང་།

རིགས།:དར་ཡ་ཀན་སྨན་སྤོས།No.3

གྲུབ་ཆ།:ཨར་ནག ཀ་ཀོ་ལ། ཁ་ཆེ་གུར་གུམ། ཙན་དན་དམར་པོ། སྤོས་དཀར། ཤུ་དག རྒྱ་ཤུག་སོགས།

ཕན་ནུས།:ལུས་ཀྱི་ཁྲག་རླུང་གི་རྒྱུ་བ་སྙོམས་པ་དང་། གཉིད་གཡུར་བ། མཁའ་དབུགས་གཙང་བཟོ། འབུ་སྲིན་སྐྲོད་པ། ཆམ་རིམས་འགོག་པ། ཁམས་གསོ་ཞིང་སྤྲོ་འཕེལ་བ། ཁྱད་པར་དུ་དཀོན་མཆོག་ལ་གསོལ་མཆོད་འབུལ་བའི་རྫས་མཆོག་ཉིད་དོ། །

1507900187251821.jpg

  • ལྷ་ཚོགས་དགྱེས་པའི་མཆོད་སྤྲིན།

རིགས།:དར་ཡ་ཀན་སྨན་སྤོས།No.4

གྲུབ་ཆ།:ཨར་ནག ཙན་དན་དཀར་པོ། ལི་ཤི། ཏང་ཀུན། བ་ལུ། ཨ་རུ་ར། མ་ནུ། ཤིང་ཚ་སོགས།

ཕན་ནུས།:ལུས་ཀྱི་ཁྲག་རླུང་གི་རྒྱུ་བ་སྙོམས་པ་དང་། གཉིད་གཡུར་བ། མཁའ་དབུགས་གཙང་བཟོ། འབུ་སྲིན་སྐྲོད་པ། ཆམ་རིམས་འགོག་པ། ཁམས་གསོ་ཞིང་སྤྲོ་འཕེལ་བ། ཁྱད་པར་དུ་དཀོན་མཆོག་ལ་གསོལ་མཆོད་འབུལ་བའི་རྫས་མཆོག་ཉིད་དོ། །

1507900446518403.jpg

  • རིགས་ལྡན་ཕོ་བྲང་གཟིམ་སྤོས།

རིགས།:དར་ཡ་ཀན་སྨན་སྤོས།No.5

གྲུབ་ཆ།:ཁ་ཆེ་གུར་གུམ། ཨར་ནག ཙན་དན་དཀར་དམར། ཤིང་ཚ། པྲི་ཡང་ཀུ། མ་ནུ། རྒྱ་ཤུག་སོགས།

ཕན་ནུས།:ལུས་ཀྱི་ཁྲག་རླུང་གི་རྒྱུ་བ་སྙོམས་པ་དང་། གཉིད་གཡུར་བ། མཁའ་དབུགས་གཙང་བཟོ། འབུ་སྲིན་སྐྲོད་པ། ཆམ་རིམས་འགོག་པ། ཁམས་གསོ་ཞིང་སྤྲོ་འཕེལ་བ། ཁྱད་པར་དུ་དཀོན་མཆོག་ལ་གསོལ་མཆོད་འབུལ་བའི་རྫས་མཆོག་ཉིད་དོ། །

1507899766115260.jpg

  • འདོད་ཡོན་བདུད་རྩིའི་སྤྲིན་ཕུང་།

རིགས།:དར་ཡ་ཀན་སྨན་སྤོས།No.6

གྲུབ་ཆ།:ཙན་དན་དཀར་པོ། ལི་ཤི། སྤང་སྤོས། པྲི་ཡང་ཀུ། མཁན་པ་ཨ་ཀྲོང་། རྒྱ་སྤོས། རྩྭ་གསེར་སྐུད་སོགས།

ཕན་ནུས།:ལུས་ཀྱི་ཁྲག་རླུང་གི་རྒྱུ་བ་སྙོམས་པ་དང་། གཉིད་གཡུར་བ། མཁའ་དབུགས་གཙང་བཟོ། འབུ་སྲིན་སྐྲོད་པ། ཆམ་རིམས་འགོག་པ། ཁམས་གསོ་ཞིང་སྤྲོ་འཕེལ་བ། ཁྱད་པར་དུ་དཀོན་མཆོག་ལ་གསོལ་མཆོད་འབུལ་བའི་རྫས་མཆོག་ཉིད་དོ། །

1507899985928367.jpg

  • རླུང་སྤོས་ཨ་གར་སོ་གཅིག།

རིགས།:དར་ཡ་ཀན་སྨན་སྤོས།No.7

གྲུབ་ཆ།:ཨ་གར་རིགས་གསུམ་དང་ཙན་དན་དཀར་དམར། བཟང་པོ་དྲུག འབྲས་བུ་གསུམ། མ་ནུ་བཞི། གཟེར་འཇོམས་རིགས་གསུམ་སོགས། ཕན་ནུས།:རླུང་གིས་རོ་སྟོད་འཚངས་ཤིང་ཁ་ལྕེ་སྐམ་པ་དང་། གཉིད་མེད་པ། གཡལ་འདར་བྱེད་པ། དོན་མེད་ཚིག་པ་ཟ་བ། མགོ་ཡུ་འཁོར་བ། རྣ་བར་འུར་སྒྲ་སྒྲོག་པ། གློ་བུར་དུ་དྲན་མེད་བརྒྱལ་བ། ཡན་ལག་རེངས་འཁུམས་བྱེད་པ་སོགས་ལ་ཕན།

1507899935478341.jpg

  • དུད་ཀ་ཁྲག་རླུང་སོར་འཇུག།

རིགས།:དར་ཡ་ཀན་སྨན་སྤོས།No.8

གྲུབ་ཆ།:ཨར་ནག ཨ་བྱག་གཟེར་འཇོམས། མིང་ཅན་སེར་པོ། ཀོ་བྱི་ལ། བ་ཤ་ཀ ཙན་དན་དཀར་དམར། གུལ་ནག གླ་རྩི། ཁ་ཆེ་གུར་གུམ་སོགས།

ཕན་ནུས།:ཁྲག་ཤེད་གཅོག་ཅིང་རླུང་ཁ་གནོན་པ་དང་། སྙིང་བདེ་བར་བྱེད་པ། ཆམས་པ་སྤོར་འཚངས་དང་། ཡ་མ་གདོང་སྲིན་འཚངས་ཤས་ཅན་བཅས་ལའང་ཕན།

1507899882116306.jpg

  • ཟབ་གསང་གྲིབ་གདོན་བདུག་སྤོས།

རིགས།:དར་ཡ་ཀན་སྨན་སྤོས།No.9

གྲུབ་ཆ།:ཡུངས་དཀར། གུལ་ནག ཐང་ཕྲོམ་འབྲུ། ཤུ་དག་ནག་པོ། རྒྱ་སྐྱེགས། བྱ་ཏྲི། སྤང་སྤོས། ཤིང་ཀུན། བོང་ནག མུ་ཟི་ནག་པོ། གླ་རྩི། རྟ་ནག་བོན། སྦྲུལ་པགས། རྨ་བྱའི་སྒྲོ། རྒྱ་མཚལ་སོགས།

ཕན་ནུས།:གདོན་བགེགས་མཐར་སྐྲོད། དུད་ཁྱིམ་ཞི་འཇགས། བར་ཆད་ལམ་སེལ། བཀྲ་ཤིས་གཡང་འཕེལ་སོགས་འབྱུང་ལ། འགྲུལ་སྣ་དང་བཙོག་གྲིབ། འགལ་རྐྱེན། ནད་རིམས་སོགས་བསྲུང་བར་བྱེད་དོ། །

དར་ཡ་ཀན་སྤོས་སྦྱོར་ལག་ལེན།

ལག་ལེན་རིམ་པ་དང་པོ།  ཤུག་སྡོང་དམར་པོ་དྲི་ཞིམ་ཅན་གཏུབས་ཏེ་ཤིང་གཏུན་འགའ་རུ་བགོས་ཤིང་ཕྱི་ཤུན་བཤུས། དེ་ལ་ཤིང་གཟེར་བརྡབས་ཤིང་བརྡར་ཤིང་ལེབ་མཐུག་འཕྲུལ་མིག་ཡོད་པ་དེ་ཆུ་འཁོར་གྱི་ཡུ་བའི་སྟེང་སྤྲད། ཝ་ཆུ་དྲག་འབབ་ཀྱིས་ཆུ་འཁོར་ཉིན་མཚན་མཚམས་འཇོག་མེད་པར་ཁྲིད་ཅིང་རྡོ་ཤོག་པོའི་སྟེང་ཆུ་བརྡར་བྱས་ཏེ་ཤུག་སྡོང་ཡོངས་རྫོགས་ཤིང་སྐྱོ་ལྡེ་གུ་རུ་བསྒྱུར་ཞིང་རྡོ་གཞོང་དུ་བསགས་རྗེས་བཏོན་ནས་གྲིབ་སྐམ་བྱ།

ལག་ལེན་རིམ་པ་གཉིས་པ། ཆུ་བརྡར་ལེགས་པར་གྲུབ་པའི་ཤུག་རྩི་དང་འདུལ་སྦྱོང་ཚད་ལོན་པའི་སྨན་སྣ་ཁག་གི་ཕྱེ་མ་མཉམ་དུ་ལག་པས་འཕུར་བསྲུབ་བྱ། གཟིམ་སྤོས་ནི་དཀོན་མཆོག་ལ་གསོལ་མཆོད་འབུལ་བར་ཉེ་བར་མཁོ་བའི་རྫས་མཆོག་ཉིད་ཡིན་སྟབས། ལག་པས་འཕུར་བསྲུབ་མ་བྱས་གོང་དུ་ཆེས་ཐོག་མའི་དག་སྣང་དང་དད་གུས་ཀྱི་སེམས་བསྐྱེད་དགོས་པས། ལས་འགོ་མ་བརྩམས་གོང་དུ་ལག་པ་དང་སྣོད་ཆས་ཆུ་གཙང་གིས་དག་པར་བཀྲུ་དགོས། དེས་གཟིམ་སྤོས་ཀྱི་སྤུས་ཚད་སྲུང་ཐུབ་པ་མ་ཟད། ནང་སེམས་ཀྱི་རྟོག་པ་འོག་འགྱུའི་རིགས་འཁྲུས་ནས་ལྷད་མ་གོས་པའི་དྭངས་གསལ་མེ་ལོང་དུ་བསྒྱུར་ཐུབ།

ལག་ལེན་རིམ་པ་གསུམ་པ། སྤོས་སྨན་སྣ་ཚོགས་སྦྲུས་པའི་ཤིང་སྐྱོ་དེ་རྭ་ཅོ་རུ་བརྒྱངས་ཤིང་རྭ་རྩེ་ཡི་ཁུང་བུ་ནས་བཙིར་ཏེ་རེངས་བུ་བཟོ་བར་བྱ། འདི་ནི་སྤོས་སྦྱོར་སྐབས་ཆེས་གལ་ཆེ་བའི་ལག་ལེན་གྱི་རིམ་པ་ཞིག་ཡིན་ཏེ་སྤོས་ཀྱི་རེངས་བུ་རྣམས་ཡོ་ཀྱོག་མེད་པའི་སྐུད་པའི་གཟིགས་ཅན་དུ་འགྲུབ་པར་བྱེད་དགོས།

ཆེས་མཇུག་མཐའི་ལག་ལེན་གྱི་རིམ་པ། དྲོ་གྲང་འཚམ་པའི་ཁོར་ཡུག་གི་ཆ་རྐྱེན་འོག་ཏུ་གྲིབ་སྐམ་བྱ།

           དར་ཡ་ཀན་སྨན་སྤོས་ཀྱིས་འཇིག་རྟེན་འདིའི་ཐོག་ཆེས་དྭངས་ཤིང་གཙང་བའི་ཉི་ཟེར་གྱི་ཡང་བཅུད་བཞིབས་ཤིང་། ཁ་བ་སྒང་པའི་ཆེས་རྣམ་དག་གི་དྲི་བསུང་བསྡུ་ལེན་བྱས་ཡོད་ལ། ཕྱོགས་སོ་སོའི་མི་རྣམས་ལ་བོད་མི་རིགས་ཀྱི་ལྷད་མེད་ཀྱི་ཆོས་དད་དང་སྤོབས་པ་སྒྲོག་པར་བྱས་ཡོད།

gaitubao_com_15079006656965.jpg

དར་ཡ་ཀན་གྱི་སྨན་རྒྱུའི་འབྱུང་ཁུངས།

          དར་ཡ་ཀན་སྨན་སྤོས་རིགས་གང་ཡིན་ཡང་ལྷད་མེད་རང་བྱུང་གི་ཐོན་རྫས་ཡིན་ཞིང་། 100%ཡི་སྐྱེ་དངོས་སྨན་རྫས་ཤ་སྟག་ལས་སྦྱར་ལ་རྫས་འགྱུར་གྲུབ་ཆའི་ལྷད་མ་གོས། སྐྱེ་སར་སྐྱེས་དང་དུས་སུ་བཏུས་པ་དང་། །སྐམ་གསེད་ལེགས་དང་སོ་མ་རྙིངས་པ་དང་། །དུག་འདོན་འཇམ་བཙལ་འཕྲོད་པར་སྦྱར་བའོ། །ཞེས་པའི་སྔོ་སྨན་གྱི་གཅེས་པའི་ཡན་ལག་བདུན་ལྡན་གྱི་རྩ་དོན་ལྟར་ཁུངས་དག་གི་སྨན་རྒྱུ་རྩ་ཆེན་རྣམས་ལས་སྦྱར་བ་ཡིན། དཔེར་ན་ཤུག་ཚེར་དང་དྭ་ལིས། གསེར་སྐུད། པྲི་ཡངྐུ། སྤང་སྤོས། མཁན་པ་གསེར་མགོ་སོགས་བླ་བྲང་མཐའ་འཁོར་གྱི་ས་མཐོ་རི་གཙང་གི་གནས་ནས་བཏུས་ཤིང་། ཤུ་དག་ནག་པོ་དང་བྲག་སྤོས། ཏང་ཀུན། མ་ནུ། རུ་རྟ། ཨ་བྱག་གཟེར་འཇོམས། རྒྱ་སྐྱེགས། བྱ་ཏྲི། རྒྱ་སྤོས། མིང་ཅན་སེར་པོ་སོགས་བོད་ལྗོངས་ཀྱི་མཚོ་ངོས་མཐོ་ཚད་སྨི་4000ཡན་གྱི་ས་ཁུལ་ཁག་ནས་ཐོན་ལ། དགའ་ལྡན་མཁན་པ་ལྟ་བུ་ནི་དགའ་ལྡན་དགོན་པའི་ཉེ་འཁོར་གྱི་རི་ངོས་ནས་བཏུས་པའི་རྩྭ་མཆོག་ཡིན། ཡང་ཀ་ཀོ་ལ་དང་ཙན་དན་དཀར་པོ། ཨ་གར་གོ་སྙོད། ཨ་རུ་ར། ཏིག་ཏ། ཤིང་ཀུན་སོགས་ནི་རྒྱ་གར་དང་བལ་པོ་ནས་ཐོན་ཞིང་བོད་ལྗོངས་ཀྱི་དམྱལ་ལམ་རྫོང་འགག་སྒོ་ནས་ནང་འདྲེན་བྱས་པ་ཡིན།…

           དར་ཡ་ཀན་གྱིས་རི་སྐྱེས་རྩི་ཤིང་སྨན་རྫས་དེ་དག་སྲུང་སྐྱོང་ཐོག་འོས་འཚམ་གྱིས་བེད་སྤྱོད་བྱེད་པའི་བྱ་ཐབས་སྤྱོད་ཀྱིན་ཡོད་ལ། ཚན་རིག་དང་མཐུན་པའི་སྒོ་ནས་ཕན་ཡོད་ཀྱིས་འཐུ་སྒྲུབ་བྱས་ཤིང། སྐྱེ་དངོས་རྩི་ཤིང་འདི་དག་འཚར་སྐྱེ་ཡི་རྒྱུན་མཐུད་རང་བཞིན་ལ་ཁག་ཐེག་བྱས་ཡོད།

དཔྱད་མཆན་ཡོད།