བོད་ཁུལ་གྱི་མངོན་བུད་ཨེ་ཛི་ནད་པ་ཐོག་མ།


བོད་ཁུལ་གྱི་མངོན་བུད་ཨེ་ཛི་ནད་པ་ཐོག་མ་ཧྲེ་གྱའི་དྲི་མེད་ལགས་ཀྱི་དངོས་ཟིན།


        ཧྲེ་གྱའི་དྲི་མེད་ལགས་ནི་ཁམས་དཀར་མཛེས་ཁུལ་བྲག་མགོ་རྫོང་གཙང་སྨན་ཡུལ་ཚོའི་འབྲོག་པ་ཞིག་ཡིན་ལ། ཁོང་ནི་ད་བར་བོད་ཁུལ་དུ་རང་ཉིད་ལ་ཨེ་ཛིའི་ནད་དུག་འགོས་ཡོད་པའི་གནས་ཚུལ་གསལ་བསྒྲག་གནང་མཁན་གྱི་མི་ཐོག་མ་ཡིན། དེ་རིང་སྤྱི་སྟེགས་འདི་བརྒྱུད་ནས་གསལ་བསྒྲག་ཞུ་དོན་ནི་ནད་པ་ཁོང་དང་ཁོང་གི་ཕ་མ་དང་། ཁོང་གི་ཨ་ཁུ་དང་ཨ་ཞང་ཚང་མས་ཐེངས་མང་པོར་རེ་བ་བཏོན་པས་ཡིན་ལ། དམིགས་ཡུལ་ནི་བརྙན་ཐུང་འདི་མཐོང་མཁན་གྱི་གཞིས་བྱེས་སྤུན་ཟླ་གཙོས་མི་རིགས་སོ་སོའི་གྲོགས་པོ་ཚོས་རང་ལུས་རིན་པོ་ཆེར་བདག་གཅེས་གནང་བ་དང་།ཉམ་ཐག་པའི་ཨེ་ཛིའི་ནད་དུག་ཅན་དང་ནད་པ་དག་ལ་ལྷག་བསམ་གཙང་མས་བརྩེ་གཟིགས་གནང་བ་དང་། ཨེ་ཛི་ནད་པ་སོགས་ཉམ་དམའ་བའི་སྐྱེ་བོ་མང་པོ་ཞིག་ལ་མི་ཚེའི་རིན་ཐང་དང་བློ་སྤོབས་སྩོལ་བ་དང་།བློ་སོམ་ཉི་རུ་ཚུད་ཡོད་པའི་གསར་སྐྱེས་མང་པོ་ཞིག་ལ་དད་པའི་ནུས་པ་བསམ་གྱིས་མི་ཁྱབ་པ་ར་སྤྲོད་ཞུ་བ་དང་། རྒྱལ་ཕྱི་ནང་གི་སྐྱེ་བོ་མང་པོ་ཞིག་ལ་དད་པ་ཅན་གྱི་མི་རིགས་ཤིག་གི་སྙིང་སྟོབས་སོགས་ངོ་སྤྲོད་བྱ་བའི་ཆེད་དུ་ཡིན་ནོ།།

རང་འདུན་པ་ཆོས་དཔལ་བཟང་བོས།

སྤྱི་ལོ་༢༠༡༦ལོའི་ཟླ་༡༠པའི་ཚེས་༡༡ཉིན།


དཔྱད་མཆན་ཡོད།