ཁན་ནེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།

0dd7912397dda1441ef3edb8b2b7d0a20df431adcaefa6fe.jpg

                                                                                                     ཁན་ནེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཚོགས་ར།

            ཁན་ནེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(Festival De Cannes)ལ་ཁང་ཁྲེང་ངམ་ཁན་ཁྲེང་གློག་བརྙན་དུས་ཆེན་ཞེས་བསྒྱུར་བའང་ཡོད། ༡༩༣༩ལོར་གསར་འཛུགས་ཞེས་པ་ཡིན་ཞིང་དེང་སྐབས་འཛམ་གླིང་ཐོག་ཤུགས་རྐྱེན་ཆེས་ཆེ་བ་དང་ཆེས་རྩེ་གྲའི་གློག་བརྙན་དུས་སྟོན་ཞིག་ཡིན་པས། ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་བཅས་ལ་འཛམ་གླིང་གི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གསུམ་དུ་གྲགས་ཤིང་། འཇར་མན་གྱི་པེར་ལིན་གློག་བརྙན་དུས་སྟོན་དང་དབྱི་ཐ་ལིའི་ཝེ་ནཱ་སི་གློག་བརྙན་དུས་སྟོན། ཁ་ན་ཏའི་ཏོ་ལོན་ཏོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན། མ་ཟད་ཅེ་ཁིའི་ཁཱ་རོ་བེ་ཧྥ་ལི་གློག་བརྙན་དུས་སྟོན་བཅས་ལ་འཛམ་གླིང་གི་གློག་བརྙན་དུས་སྟོན་ལྔ་རུ་འབོད་སྲོལ་ཡོད། ད་དུང་པེར་ལིན་བརྙན་འགྲེམ་དང་ཝེ་ནཱ་སི་བརྙན་འགྲེམ། ཨུ་རུ་སུའི་མོ་སི་ཁོ་བརྙན་འགྲེམ་བཅས་ལ་འཛམ་གླིང་གི་སྒྱུ་རྩལ་གློག་བརྙན་དུས་སྟོན་བཞི་རུ་གྲགས།  ཧྥ་རན་སིའི་ཁན་ནེ་གློག་བརྙན་དུས་སྟོན་གྱི་བརྗོད་བྱ་དེ་རྒྱ་མཚོ་དང་མཛེས་མ། ཉི་འོད་གསུམ་གྱི་༼ Sea Sex Sun ༽ རྐྱེན་བྱས3Sགློག་བརྙན་དུས་སྟོན་ཟེར་སྲོལ་ཡོད།

a686c9177f3e6709c38cde953bc79f3df9dcd100bba175f7.jpg         ༡༩༤༦ལོའི་ཟླ༩བའི་ཚེས༢༠ཉིན་ཧྥ་རན་སིའི་ལྷོ་རྒྱུད་ཀྱི་སྐད་གྲགས་ཆོད་པའི་ཡུལ་བསྐོར་ལྗོངས་རྒྱུའི་གྲོང་ཁྱེར་ཁན་ནེ་ནས་ཐོག་མར་བསྡུ་འགོ་ཚུགས་ཤིང་། ༡༩༤༨ལོ་དང༡༩༥༠ལོ། ༡༩༦༨བཅས་ཀྱི་ལོ་ལ་སྒྲུབ་མཚམས་བཞག་པ་ལས་གཞན། ལོ་རེར་ཐེངས་གཅིག་རེ་བསྡུ་བཞིན་ཡོད་ཅིང་། ཆེས་མཐོའི་གཟེངས་རྟགས་ལ་གསེར་གྱི་ཏ་ལའི་བྱ་དགའ་ཟེར། མིག་སྔར། ཁན་ནེ་གློག་བརྙན་དུས་སྟོན་ལོ་རེའི་ཟླ་ལྔ་བའི་ཟླ་དཀྱིལ་དུ་སྒྲུབ་རྒྱུར་གཏན་འཁེལ་ཡོད་ཅིང་སྒྲུབ་ཡུན་ཉིན༡༢ཡས་མས་རིང་ཡིན་ལ། སྤྱིར་བཏང་དུ་གཟའ་མིག་དམར་ཉིན་འགོ་གཟུག་ཅིང་རྗེས་མའི་གཟའ་ཉི་མའི་ཉིན་མཇུག་བསྡུ་བ་ཡིན། དེའི་རིང་གློག་བརྙན་འགྲན་བསྡུར་ལས་གཞན། མཉམ་གཅིག་ཏུ་ཁྲོམ་རར་ཡང་སྤེལ་བཞིན་ཡོད། གློག་བརྙན་དུས་སྟོན་དེར་འགྲན་བསྡུར་དངོས་དང་འཁྲབ་ཁྲིད་པའི་གཟའ་མཇུག ལྟ་སྟངས་རིགས་ཤིག དཕྱད་བརྗོད་པའི་གཟའ་འཁོར། ཧྥ་རན་སིའི་གློག་བརྙན་གྱི་རྣམ་པ་གསར་པ། ཚོགས་ཕྱིའི་ཚོང་རའི་འགྲེམ་སྤེལ་བཅས་སྡེ་ཚན་དྲུག་དུ་བགོས་ཡོད། 

                                                    

 ཁན་ནེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བྱ་དགའ་ཐོབ་པའི་གློག་བརྙན་གྱི་མིང་ཐོ།

སྐབས་དང་པོ།(1946ལོ)

            ཕུལ་བྱུང་བྱ་དགའ།   ༼ ལྕགས་ལམ་གཡུལ་འགྱེད ༽    འཁྲབ་ཁྲིད་པ།  རེ་ནེ·ཁི་ལེ་མེན་ཐྲི།  ༼ འཇར་མན། ༽

སྐབས་གཉིས་པ།(1947ལོ)

          ཕུལ་བྱུང་བྱ་དགའ།    ༼ བརྩེ་གདུང་སེམས་ལ་སིམ ༽ འཁྲབ་ཁྲིད་པ། རྗ་ཁེལ ·པེལ་ཁེར།    ༼ འཇར་མན། ༽

སྐབས་གསུམ་པ། (1949ལོ)

          གསེར་གྱི་ཏ་ལའི་བྱ་དགའ།     ༼ ཕུང་གསུམ་པ ༽   འཁྲབ་ཁྲིད་པ། ཁ་ལོ ·ལི་ཏི།    ༼ དབྱིན་ཇི ༽

          ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།   ༼ མ་ལ་པ་ཀའི་གྱང ༽   འཁྲབ་ཁྲིད་པ།  རེ་ནེ  ·ཁི་ལེ་མེན་ཐྲི།    ༼ ཧྥ་རན་སི། དབྱི་ཐ་ལི ༽

སྐབས་བཞི་པ། (1951ལོ)

           གསེར་གྱི་ཏ་ལའི་བྱ་དགའ།   ༼ ངོ་མཚར་བའི་མེ་ལན ༽   འཁྲབ་ཁྲིད་པ།  ཝེ་ཐོ་རེ་ཨོ · ཏེ· སི་ཁ།  ༼ དབྱི་ཐ་ལི ༽

                                                     ༼ ལྕམ་མོ་ཇུ་ལེ ༽             འཁྲབ་ཁྲིད་པ།  ཨར་ཧྥུ  ·ཞེ་ཡེ་པོ་ཀུ།   ༼ སུའེ་ཙེར ༽

          ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ བརྗེད་ཟིན་པའི་མི་ཚོ ༽  འཁྲབ་ཁྲིད་པ། ལུ་ཡེ་སི ·པུ་ནུ་ཨེལ།   ༼ མོ་ཞི་ཀོ ༽

སྐབས་ལྔ་པ། (1952ལོ)

             གསེར་གྱི་ཏ་ལའི་བྱ་དགའ།  ༼ ཟུར་དོ་ཡི་རེ་བཞག ༽ འཁྲབ་ཁྲིད་པ། ལེ་ན་ཐོ· ཁ་སི་ཐི་ལ་ནེ།   ༼དབྱི་ཐ་ལི ༽

                                                       ༼ ཨོ་སེ་ལོ ༽  འཁྲབ་ཁྲིད་པ། ཨོ་སིན· ཝེར་སི།    ༼ མོ་རོ་ཁོ ༽

            ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།   ༼ དཔའ་རྟུལ་གྱི་ཁྱད་མཚར་འགྲུལ་བཞུད ༽  འཁྲབ་ཁྲིད་པ།  ཁི་རེ་སི་ཐེན· རྗ་ཁུ།     ༼ ཧྥ་རན་སི ༽

སྐབས་དྲུག་པ། (1953ལོ)

             གསེར་གྱི་ཏ་ལའི་བྱ་དགའ།   ༼ འཇིགས་སྣང་གི་རིན་དོད ༽  འཁྲབ་ཁྲིད་པ། ཧེན་རི· རྗོར་རྗེ ·ཁི་ལོའུ་ཟོར།  ༼ཧྥ་རན་སི། དབྱི་ཐ་ལི ༽

སྐབས་བདུན་པ། (1954ལོ)

            གསེར་གྱི་ཏ་ལའི་བྱ་དགའ།  ༼ དམྱལ་བའི་སྒོ ༽   འཁྲབ་ཁྲིད་པ། དབྱི་ཀྲུའུ་ཀྲིན་ཀྲི་ཀྲུའུ།

སྐབས་བརྒྱད་པ། (1955ལོ)

           གསེར་གྱི་ཏ་ལའི་བྱ་དགའ།  ༼ མར་ཐི ༽   འཁྲབ་ཁྲིད་པ།  ཏེར་པོ་ཐི·  མན།   ༼ ཨ་རི ༽

           ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ ཞི་པུ་ཁ་ཡི་དཔའ་རྒོད ༽ འཁྲབ་ཁྲིད་པ།  སེར་ཇེ· ཡུ་ཁེ་ཝེ་ཆི།   ༼ སུའུ་ལེན༽

                                                                 ༼ སྐྱེས་པའི་རྩོད་གླེང ༽    འཁྲབ་ཁྲིད་པ།  ཇུ་ལེ་སི· དྷ་སིན། ༼ ཧྥ་རན་སི ༽

སྐབས་དགུ་པ། (1956ལོ)

            གསེར་གྱི་ཏ་ལའི་བྱ་དགའ།   ༼ ཁུ་སིམ་མེར་གནས་པའི་འཇིག་རྟེན ༽ འཁྲབ་ཁྲིད་པ། ལོའུ་ཡེ ·མལ་ལེ།  རྗ་ཁི ·ཡེ་ཧྥུ· ཁི་སི་ཐེ།   ༼ ཧྥ་རན་སི ༽

            ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ ཨོ་སེ་ལོ ༽      འཁྲབ་ཁྲིད་པ།   སེར་ཇེ ·ཡུ་ཁེ་ཝེ་ཆི།   ༼ སུའུ་ལེན ༽

སྐབས་བཅུ་པ། (1957ལོ)

            གསེར་གྱི་ཏ་ལའི་བྱ་དགའ།  ༼ ཕྱོགས་མཚམས་ཀུན་ནི་ཕ་ཡུལ་ཡིན ༽  འཁྲབ་ཁྲིད་པ། ཝི་ལིན་མུ· ཝེ་ལར།   ༼ ཨ་རི ༽

            ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།   ༼ བྲོས་བྱོལ་བ ༽     འཁྲབ་ཁྲིད་པ། རོ་པེར་ཐྲི ·པི་རེ་སོན།   ༼ ཧྥ་རན་སི ༽

སྐབས་བཅུ་གཅིག་པ། (1958ལོ)

          གསེར་གྱི་ཏ་ལའི་བྱ་དགའ།   ༼ ལྷོ་བཞུད་ཁྲུང་ཁྲུང ༽     འཁྲབ་ཁྲིད་པ། མེ་ཁི་ཧེལ· ཁ་ལ་ཐྲོ་ཛི་ཧྥུལ།   ༼ སུའུ་ལེན ༽

          ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ། ༼ ཚེ་ཡི་མཐའ ༽  འཁྲབ་ཁྲིད་པ། ཨན་ཀུ་མར· པེར་ཀུ་མན།  ༼ སུའེ་ཙེར ༽

སྐབས་བཅུ་གཉིས་པ། (1959ལོ)

          གསེར་གྱི་ཏ་ལའི་བྱ་དགའ།   ༼ མི་ནག་ཨོར་ཧྥེ ༽    འཁྲབ་ཁྲིད་པ།  མ་སེའར ·ཁ་མུའུ།  ༼ ཧྥ་རན་སི ༽

          ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ བཞི་བརྒྱ་བ ༽ འཁྲབ་ཁྲིད་པ། ཧྥ་རན་ཁོ་སོ·ཐྲི་རུ་ཧྥུ།  ༼ ཧྥ་རན་སི ༽

སྐབས་བཅུ་གསུམ་པ། (1960ལོ)

         གསེར་གྱི་ཏ་ལའི་བྱ་དགའ།  ༼ སྐྱིད་པའི་འཚོ་བ ༽  འཁྲབ་ཁྲིད་པ། ཧྥེ་ཏེ་རི་ཁོ·ཧྥེལ་ལི་ནི།   ༼ དབྱི་ཐ་ལི ༽

སྐབས་བཅུ་བཞི་པ། (1961ལོ)

          གསེར་གྱི་ཏ་ལའི་བྱ་དགའ།    ༼ ཝེ་རི་དི་ཨན་ནཱ ༽  འཁྲབ་ཁྲིད་པ།  ལུ་ཡེ་སི ·པུ་ནུ་ཨེལ། ༼ སི་ཕེན ༽

                                                    ༼  གྱེས་བྲལ་རིང་མོ ༽ འཁྲབ་ཁྲིད་པ།  ཧེན་རི·ཁིའར་པི།   ༼ ཧྥ་རན་སི། དབྱི་ཐ་ལི ༽

          ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ དམག་འཁྲུག་གི་མེ་ལྕེ་དགུང་དུ་འཕྱོ ༽   འཁྲབ་ཁྲིད་པ། ཡུ་ལི་ཡ·སོན་ཚེ་ཝ། ༼ སུའུ་ལེན༽

སྐབས་བཅོ་ལྔ་པ།  (1962ལོ)

         གསེར་གྱི་ཏ་ལའི་བྱ་དགའ།    ༼ དམ་བཅའ ༽   འཁྲབ་ཁྲིད་པ།  ཨ་སའར་མོ·ཏུའུ་ཨ་ཐི།    ༼ པར་ཙིལ ༽

སྐབས་བཅུ་དྲུག་པ། (1963ལོ)

         གསེར་གྱི་ཏ་ལའི་བྱ་དགའ།    ༼ གཟིག ༽  འཁྲབ་ཁྲིད་པ།  ལུ་ཆི་ནོ ཝི་སི་ཁོན་ཐི།    ༼ དབྱི་ཐ་ལི ༽

སྐབས་བཅུ་བདུན་པ། (1964ལོ)

          གསེར་གྱི་ཏ་ལའི་བྱ་དགའ།    ༼ ཆེར་པོ་ཡི་ཆར་གདུགས༽  འཁྲབ་ཁྲིད་པ།  རྗ་ཁི·ཏེ་མེ།   ༼ ཧྥ་རན་སི། འཇར་མན ༽

སྐབས་བཅོ་བརྒྱད་པ། (1965)

          གསེར་གྱི་ཏ་ལའི་བྱ་དགའ།    ༼ ཐབས་རྩལ ༽   འཁྲབ་ཁྲིད་པ། ལི་ཁྲ་ཏི·ལེ་སི་ཐི།   ༼ དབྱིན་ཇི ༽

          ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ འགེགས་བསོད་གཏོང་བའི་ནགས་ཚལ ༽འཁྲབ་ཁྲིད་པ། ལི་ཝི་བུའུ·ཆི་ལེ་ཡི།  ༼ རོམ་ནི་ཡ ༽

སྐབས་བཅུ་དགུ་པ།( 1966ལོ)

           གསེར་གྱི་ཏ་ལའི་བྱ་དགའ།     ༼ ཕོ་དགའ་མོ་དུངས ༽  འཁྲབ་ཁྲིད་པ། ཁི་ལོ་ཏི·ལི་ལུའུ་ཞུ།   ༼ཧྥ་རན་སི ༽

                                                      ༼ སྐུ་དྲག་གི་རང་གཟུགས་ཕྱིར་མངོན་པ༽   འཁྲབ་ཁྲིད་པ། ཕེ་ཐི་ལོ·ཅེ་མི།    ༼ དབྱི་ཐ་ལི ༽

           ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ ཕོ་ལན་ན་བཞུགས་པའི་ལེ་ཉིན ༽ འཁྲབ་ཁྲིད་པ། སེར་ཇེ·ཡུ་ཁེ་ཝེ་ཆི།   ༼ སུའུ་ལེན ༽

སྐབས་ཉི་ཤུ་པ།  (1967ལོ)

          གསེར་གྱི་ཏ་ལའི་བྱ་དགའ།   ༼ ཆེར་བསྐྱེད་པ  ༽ འཁྲབ་ཁྲིད་པ། མེལ་ཁི་ལང་ཆི་ལོ·ཨན་ཏོ་ནི་ཨོ་ནི།  ༼ དབྱིན་ཇི། དབྱི་ཐ་ལི ༽

                                                    ༼ ཁྲི་གདུགས་ཉི་མ ༽  འཁྲབ་ཁྲིད་པ།  ཧྥེ་རེན་སི·ཁོ་སཱ།   ༼ ཞུང་ཡ་ལི ༽

སྐབས་ཉི་ཤུ་ཉེར་གཅིག་པ། (1968ལོ)

             ཧྥ་རན་སིའི༼ ཟླ་ལྔ་བའི་རླུང་འཚུབ ༽ཀྱི་རྐྱེན་བྱས་མཚམས་ཆད།

སྐབས་ཉི་ཤུ་ཉེར་གཉིས་པ། ( 1969ལོ)

               གསེར་གྱི་ཏ་ལའི་བྱ་དགའ།       ༼ གལ་ཏེ་་་་་་་་་ ༽    འཁྲབ་ཁྲིད་པ།  ལིན་ཏི་སིན·ཨན་ཏི་སིན།  ༼ དབྱིན་ཇི ༽

              ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།   ༼ གཏེ་པོ་ཨན་ཏོ་ནི་ཨོ ༽   འཁྲབ་ཁྲིད་པ།   ཀུ་ལུ་པེར·རོ་ཆ།  ༼ པར་ཙིལ༽

                                                                     ༼ སྤྱི་དམངས་བཟང་པོ་ཡོད་ཚད༽ འཁྲབ་ཁྲིད་པ། ཡེ་ཆེ་ཁིཇ་སི་ཉི།  ༼ ཅེ་ཁི ༽

སྐབས་ཉི་ཤུ་ཉེར་གསུམ་པ། (1970ལོ)

              གསེར་གྱི་ཏ་ལའི་བྱ་དགའ།   ༼ སྐམ་དམག་གི་ཕྱི་ཚན་སྐོར་སྐྱོད་སྨན་ཁང ༽  འཁྲབ་ཁྲིད་པ།  རོ་པོ་ཐི·ཨོའར་ཐི་མན།

              ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།    ༼ མཇུག་མཐའི་ལེ་ཨོ ༽   འཁྲབ་ཁྲིད་པ། ཇོ་ཧན·པོར་མན།   ༼ དབྱིན་ཇི ༽

སྐབས་ཉི་ཤུ་ཉེར་བཞི་པ། (1971ལོ)

            གསེར་གྱི་ཏ་ལའི་བྱ་དགའ།   ༼ འཕྲིན་སྐྱེལ་བ ༽    འཁྲབ་ཁྲིད་པ།  ཡེལ་སི་ཧྥུ·ལོ་ཞི།   ༼ དབྱིན་ཇི ༽

སྐབས་ཉི་ཤུ་ཉེར་ལྔ་པ། ( 1972ལོ)

            གསེར་གྱི་ཏ་ལའི་བྱ་དགའ།   ༼ བཟོ་བ་གྲལ་རིམ་ལྷ་ཡུལ་དུ་སྙེག་པ ༽  འཁྲབ་ཁྲིད་པ།  ཨེ་ལི་ཨོ·ཕེ་ཐི་ལི།    དབྱི་ཐ་ལི ༽

                                           ༼ མ་ཐྲེའི་དོན་རྐྱེན༽  འཁྲབ་ཁྲིད་པ།  ཧྥུ་ལང་ཞི་སི་ཁི·ལོ་ཞི།     ༼དབྱི་ཐ་ལི ༽

            ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།    ༼ དམར་པོའི་བསྟོད་གླུ ༽  འཁྲབ་ཁྲིད་པ།   མེ་ཁི་ལོ་སི·རྗང་ཆུའུ།    ༼ཞུང་ཡ་ལི ༽

སྐབས་ཉི་ཤུ་ཉེར་དྲུག་པ། (1973ལོ)

              གསེར་གྱི་ཏ་ལའི་བྱ་དགའ།    ༼ ཐོ་ཡོར ༽ འཁྲབ་ཁྲིད་པ།  ཅེ་རེའེ·ཧྲ་ཚི་པོ།   ༼ ཨ་རི ༽

                                                         ༼ གླ་པ ༽    འཁྲབ་ཁྲིད་པ། ཨེ་ལོན·པུའུ་ལི་ཆི་སི།   ༼ དབྱིན་ཇི ༽

སྐབས་ཉི་ཤུ་ཉེར་བདུན་པ།  (1974ལོ)

          གསེར་གྱི་ཏ་ལའི་བྱ་དགའ།       ༼ གླེང་མོལ ༽   འཁྲབ་ཁྲིད་པ།  ཧྥུ་ལང་ཞི་སི·ཧྥུ་ཐེ·ཁི་པོ་ལ།   ༼ ཨ་རི ༽

སྐབས་ཉི་ཤུ་ཉེར་བརྒྱད་པ། (1975ལོ)

          གསེར་གྱི་ཏ་ལའི་བྱ་དགའ།   ༼ གཡུལ་འགྱེད་ཀྱི་ལོ་ཐོ ༽  འཁྲབ་ཁྲིད་པ། མོ་ཧམ་མེ་ཏི·ལ་ཁ་དར-ཧ་མི་ན།  ༼ ཨར་ཅི་རི་ཡ ༽

          ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ བཀའ་རྒྱ ༽   འཁྲབ་ཁྲིད་པ། མེ་ཆེལ·པུ་རུ་ལེ་ཐྲི།   ༼ ཁ་ན་ཏ༽

                                                               ༼ཐུན་མིན་གྱི་ཁྲིམས་ར ༽ འཁྲབ་ཁྲིད་པ།  ཁོན་སི་ཐྲ་ཐིན་ནོ་སི·རྗ་ཧྥུ་ར་སི།  ༼ ཧྥ་རན་སི ༽

སྐབས་ཉི་ཤུ་ཉེར་དགུ་པ། (1976ལོ)

            གསེར་གྱི་ཏ་ལའི་བྱ་དགའ།   ༼གླ་འཁོར་ཁ་ལོ་བ ༽ འཁྲབ་ཁྲིད་པ། མར་ཐིན·སི་ཁི་ཞི་སི།   ༼ཨ་རི ༽

            ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ ཞེན་ལོག་དང་ཞེ་མེར། ད་དུང་ཐ་ཆད ༽  འཁྲབ་ཁྲིད་པ། དབྱི་ཐྲོ་རེ·སི་ཁོ་ལ།  ༼ དབྱི་ཐ་ལི ༽

སྐབས་སུམ་ཅུ་པ། (1977ལོ)

             གསེར་གྱི་ཏ་ལའི་བྱ་དགའ།   ༼བདག་གི་ཕ་དང་བདག་གི་མགོན ༽  འཁྲབ་ཁྲིད་པ། པོ་ལོ·ཐ་ཝེ་ཡ་ནེ། ཝེ་ཐོ་ལི་ཨོ ཐ་ཝེ་ཡ་ནེ། ༼དབྱི་ཐ་ལི ༽

སྐབས་སུམ་ཅུ་སོ་གཅིག་པ། (1978ལོ)

            གསེར་གྱི་ཏ་ལའི་བྱ་དགའ།  ༼ སྒྲོག་ཤིང ༽  འཁྲབ་ཁྲིད་པ།  ཨེ་མེ་ནོ·ཨོ་མི།   ༼ དབྱི་ཐ་ལི ༽

             ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ གཤིན་པོའི་རྣམ་ཤེས་ཀྱི་དུངས་བ ༽  འཁྲབ་ཁྲིད་པ།   ཏ་ཏའོ་ཀྲུའུ།  ༼འཇར་པན ༽

སྐབས་སུམ་ཅུ་སོ་གཉིས་པ། (1979ལོ)

           གསེར་གྱི་ཏ་ལའི་བྱ་དགའ།    ༼ དེང་གི་བློ་སྒོ་འབྱེད་དེབ ༽    འཁྲབ་ཁྲིད་པ། ཧྥུ་ལང་ཞི་སི·ཧྥུ་ཐི·ཁི་པོ་ལཱ།  ༼ ཨ་རི ༽

                                                      ༼ ལྕགས་ཀྱི་རྔ་བོ་ཆེ ༽འཁྲབ་ཁྲིད་པ། ཨོའར་ཁི·ཧྲི་ལུང་ཏོ་ཧྥུ། ༼ ཨ་རི ༽

           ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ ལྷ་ཡུལ་གྱི་ལོ་དང་ཟླ་བ༽  འཁྲབ་ཁྲིད་པ། ཐྲེ་རེན་ཁེ·མ་ལི་ཁི། ༼ དབྱིན་ཇི ༽

སྐབས་སུམ་ཅུ་སོ་གསུམ་པ། (1980ལོ)

            གསེར་གྱི་ཏ་ལའི་བྱ་དགའ།   ༼ གྲིབ་གཟུགས་ཀྱི་དཔའ་རྟུལ ༽  འཁྲབ་ཁྲིད་པ། ཧེ་ཙེ་མིང་།  ༼ འཇར་པན༽

                                                      ༼ རྗེ་སིའི་ལོ་རབས ༽  འཁྲབ་ཁྲིད་པ། པོ་པོ·ཧྥུ་སི།    ༼ ཨ་རི ༽

            ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།   ༼ རི་རྩེའི་གཡབ་མོ  ༽  འཁྲབ་ཁྲིད་པ། ཁི་ལི་ཚི་ཐོ་ཧྥུ·ཀྲ་ནུའུ་ཤིས།  ༼ ཕོ་ལན༽

སྐབས་སུམ་ཅུ་སོ་བཞི་པ། (1981ལོ)

             གསེར་གྱི་ཏ་ལའི་བྱ་དགའ།   ༼ བསྲན་ཚུགས་པའི་མི ༽  འཁྲབ་ཁྲིད་པ། ཨན་ཅེ·ཝ་ཡེ་ཏཱ།  ༼ ཕོ་ལན༽

སྐབས་སུམ་ཅུ་སོ་ལྔ་པ། (1982ལོ)

             གསེར་གྱི་ཏ་ལའི་བྱ་དགའ།      ༼ བོར་སྟོར་ཆེན་མོ ༽  འཁྲབ་ཁྲིད་པ།  ཁི་སི་ཐ·ཅཱ་ཧྥུ་ལ་སི།   ༼ ཨ་རི ༽

                                                         ༼ རང་དབང་གི་ལམ་བུ༽ འཁྲབ་ཁྲིད་པ། ཡི་མ་ཚི·ཀུ་ནེ།    ༼ ཐུར་ཁེ ༽

             ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼སྐམ་ཐོག་གི་འགྲུལ་བཞུད༽  འཁྲབ་ཁྲིད་པ། ཝེར་ནེར·ཧེར་ཙོ་ཀུ   ༼ འཇར་མན་ནུབ་མ༽

སྐབས་སུམ་ཅུ་སོ་དྲུག་པ། (1983)

             གསེར་གྱི་ཏ་ལའི་བྱ་དགའ།        ༼ ཡུའུ་ཧྲན་ཅེ་ཁོ  ༽འཁྲབ་ཁྲིད་པ།   ཅིན་ཚུན་ཁྲང་ཕིང་།   ༼ འཇར་པན༽

             ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།   ༼ དངུལ་ལོ ༽  འཁྲབ་ཁྲིད་པ། རོ་པེར་ཐྲི·པི་རེ་སོན།   ༼ ཧྥ་རན་སི ༽

                                                                    ༼ ཡུལ་གྱི་གདུང་བ ༽ འཁྲབ་ཁྲིད་པ།  ཨན་ཏི་ལི·ཁྲར་ཁི་ཨོ་ཝེ་སི་ཁེ། ༼ སུའུ་ལེན༽

སྐབས་སུམ་ཅུ་སོ་བདུན་པ། (1984)

                གསེར་གྱི་ཏ་ལའི་བྱ་དགའ།    ༼ ཕ་རེ་སིའི་ཏེ་ཁི་སཱ་སི ༽ འཁྲབ་ཁྲིད་པ། ཝེ་མུའུ·ཝིན་ཏི་སུ།  ༼ ཧྥ་རན་སི། འཇར་མན༽

                ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ གྲོང་གསེབ་ཀྱི་གཟའ་ཉི་མ ༽  འཁྲབ་ཁྲིད་པ།  པེར་ཁྲན་རན·ཐྲ་ཝེར་ནིར། ༼ ཧྥ་རན་སི ༽

སྐབས་སུམ་ཅུ་སོ་བརྒྱད་པ། (1985)

                གསེར་གྱི་ཏ་ལའི་བྱ་དགའ།  ༼ ཨ་ཕ་གཞུང་དོན་སྒྲུབ་ཏུ་བུད་སོང ༽  འཁྲབ་ཁྲིད་པ། ཨེ་མེལ·ཁུའུ་སི་ཐུའུ་ལི་ཁ། ༼ ནན་སི་ལ་ཧྥུ༽

                ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ། ༼ སྤྲོ་དགའི་ལྐོག་འཕྲད ༽    འཁྲབ་ཁྲིད་པ། ཨན་སྒྲི་རེ·ཐེ་ཆི་ནེ།  ༼ ཧྥ་རན་སི ༽

སྐབས་སུམ་ཅུ་སོ་དགུ་པ། (1986ལོ)

                གསེར་གྱི་ཏ་ལའི་བྱ་དགའ།  ༼ ཆོས་སྤེལ་བ ༽  འཁྲབ་ཁྲིད་པ། ལོ་ལན·ཡེ་ཧྥེ།  ༼ དབྱིན་ཇི ༽

                 ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ། ༼ ལས་གྲོལ་རྗེས་སུ ༽  འཁྲབ་ཁྲིད་པ།  མར་ཐི·སི་ཁོར་སེ་སི།༼ཨ་རི ༽

སྐབས་བཞི་བཅུ་པ། (1987ལོ)

            གསེར་གྱི་ཏ་ལའི་བྱ་དགའ།  ༼ གདོན་འདྲེ་ཡི་མཁའ་དབྱིངས་འོག་ན ༽  འཁྲབ་ཁྲིད་པ། མོ་ལི་སི·ཕེ་ཡ་ལེ་ཐི། ༼ ཧྥ་རན་སི ༽

             ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ པེལ་ལིན་གྱི་མཁའ་དབྱིངས་འོག་ན ༽ འཁྲབ་ཁྲིད་པ། ཝི་མུ·ཝིན་སྒྲིར་སི།  ༼ ཧྥ་རན་སི། འཇར་མན ༽

སྐབས་བཞི་བཅུ་ཞེ་གཅིག་པ། (1988ལོ)

            གསེར་གྱི་ཏ་ལའི་བྱ་དགའ།  ༼དབང་བསྡུ་མཁན་པེལ་ལེ ༽ འཁྲབ་ཁྲིད་པ། པེའར·ཨོ་ཀུའུ་སི་ཐི།  ༼ཏེན་མག༽ 

            ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ ལྷོ་ཕྱོགས ༽  འཁྲབ་ཁྲིད་པ།  ཧྥེར་ནན་ཏོ·སོ་ལ་ནཱ་སི།   ༼ ཨ་ཀེན་ཐིན༽

སྐབས་བཞི་བཅུ་ཞེ་གཉིས་པ། (1989ལོ)

             གསེར་གྱི་ཏ་ལའི་བྱ་དགའ།    ༼འཁྲིག་པ་དང་འཆལ་གཏམ། ད་དུང་བརྙན་ཕབ་ཆས ༽  འཁྲབ་ཁྲིད་པ། སི་ཏེན་བིན·སོ་ཏ་པོ་གི  ༼ ཨ་རི ༽

             ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ འཁྱམ་པོའི་རྒྱང་གླུ ༽   འཁྲབ་ཁྲིད་པ། ཨེ་མེར·ཁུ་སི་ཁྲུ་རི་ཁ།  ༼ ནན་སི་ལ་ཧྥུ༽

སྐབས་བཞི་བཅུ་ཞེ་གསུམ་པ། (1990ལོ)

            གསེར་གྱི་ཏ་ལའི་བྱ་དགའ།   ༼ ངའི་སེམས་རབ་ཏུ་མྱོས ༽      འཁྲབ་ཁྲིད་པ། ཏ་ཝེ·ལིན་ཆི།   ༼ ཨ་རི ༽

            ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ གླ་འཁོར་སྔོན་པོ ༽  འཁྲབ་ཁྲིད་པ། ཕ་ཝེར·ལོང་རྗེན།  ༼ ཨུ་རུ་སུ། ཨ་རི ༽

སྐབས་བཞི་བཅུ་ཞེ་བཞི་པ། (1991ལོ)

            གསེར་གྱི་ཏ་ལའི་བྱ་དགའ།   ༼པར་ཏོན་ཧྥིན་ཁི ༽  འཁྲབ་ཁྲིད་པ། ཁི་ཨིན་སྤུན་གཉིས།   ༼ ཨ་རི ༽

            ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ། ༼པར་ཏོན་ཧྥིན་ཁི ༽  འཁྲབ་ཁྲིད་པ། ཁི་ཨིན་སྤུན་གཉིས།   ༼ ཨ་རི ༽

སྐབས་བཞི་བཅུ་ཞེ་ལྔ་པ།  (1992ལོ)

            གསེར་གྱི་ཏ་ལའི་བྱ་དགའ།   ༼ དགེ་སེམས་ཀྱི་ངོ་ལོག ༽   འཁྲབ་ཁྲིད་པ།  པེའར·ཨོ་ཀོ་སི་ཐྲི།  ༼ ཏེན་མེག༽

            ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ རོལ་རྩེད་མཁན ༽ འཁྲབ་ཁྲིད་པ།  རོ་པེར་ཐྲི·ཨར་ཐི་མན།  ༼ཨ་རི ༽

སྐབས་བཞི་བཅུ་ཞེ་དྲུག་པ།  ( 19993ལོ)

             གསེར་གྱི་ཏ་ལའི་བྱ་དགའ།   ༼ ཁྲོ་རྒྱལ་དང་གར་མ ༽  འཁྲབ་ཁྲིད་པ།  ཁྲེན་ཁའེ་ཀུ།  ༼ ཀྲུང་གོ ༽

                                                        ༼ རྣོ་སྤྲེང ༽     འཁྲབ་ཁྲིད་པ།  ཇ་ནེ·ཁམ་ཕེན།    ༼ ཨོ་སི་ཁྲོ་ལི་ཡ། འཇར་མན ༽

             ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ རྗེན་ནེ་བ ༽  འཁྲབ་ཁྲིད་པ།  ཁིན·ལོ་ཆི།   ༼ དབྱིན་ཇི ༽

སྐབས་བཞི་བཅུ་ཞེ་བདུན་པ། ( 1994ལོ)

              གསེར་གྱི་ཏ་ལའི་བྱ་དགའ།    ༼འཇུ་བཟུང་བཀའ་རྒྱ་ནག་པོ  ༽ འཁྲབ་ཁྲིད་པ།  ཁུན་ཏིན·ཇེ་རོ་མནཐ་རན་ཏི་ནོ།   ༼ཨ་རི ༽

              ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼  སྙིང་ཉེ་བའི་ཉིན་ཐོ ༽   འཁྲབ་ཁྲིད་པ།   ནན་ནེ·མོ་རེའུ་ཐྲི།   ༼ དབྱི་ཐ་ལི ༽

སྐབས་བཞི་བཅུ་ཞེ་བརྒྱད་པ། (1995ལོ)

             གསེར་གྱི་ཏ་ལའི་བྱ་དགའ།  ༼ ས་འོག༽ འཁྲབ་ཁྲིད་པ།   ཡེ་མར·ཁུ་སི་ཐུ་རི་ཁ།   ༼ཧྥ་རན་རི ༽

             ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ ཞེ་སྡང ༽  འཁྲབ་ཁྲིད་པ།  མ་སེར·ཁ་སོ་ཝེ་ཚི།    ༼ འཇར་མན༽

སྐབས་བཞི་བཅུ་ཞེ་དགུ་པ། (1996ལོ)

            གསེར་གྱི་ཏ་ལའི་བྱ་དགའ།    ༼ གསང་བ་དང་འཆལ་གཏམ ༽  འཁྲབ་ཁྲིད་པ།  མེ་ཁེལ·ལི།   ༼ ཧྥ་རན་སི ༽

            ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ ཆར་དྲག་རླུང་འཚུབ༽  འཁྲབ་ཁྲིད་པ།  ཁི་ཨིན་སྤུན་གཉིས།     ༼ཨ་རི ༽

སྐབས་ལྔ་བཅུ་པ།  (1997ལོ)

           གསེར་གྱི་ཏ་ལའི་བྱ་དགའ།  ༼ སེའུའི་བྲོ་བ ༽   འཁྲབ་ཁྲིད་པ། ཨ་པ་སི·ཅི་ཡ་ལོ་སི་ཐ་མི།  ༼ དབྱི་རན༽

                                                    ༼སྦྲུལ་ཉ་ལྟོ་དཀར༽ འཁྲབ་ཁྲིད་པ།  ཅིན་ཚུན་ཁྲང་ཕིང་།   ༼ འཇར་པན༽

           ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།   ༼ འགྲོས་མྱུར་བའི་སྐལ་ཡག་གི་ལོ་ཟླ ༽    འཁྲབ་ཁྲིད་པ།  བང་ཅཱ་བེ།  ༼ ཞང་ཀང་ས་ཁུལ ༽

སྐབས་ལྔ་བཅུ་ལྔ་གཅིག་པ། (1998ལོ)

            གསེར་གྱི་ཏ་ལའི་བྱ་དགའ།   ༼ རྟག་བརྟན་གྱི་ཉིན་གཅིག༽ འཁྲབ་ཁྲིད་པ། སེ་ཨོ·ཨན་ལྗེ་ལོ་ཕུའུ་ལོ་སི།  ༼ གྷི་རེ་སི༽

            ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ། ༼ དམག་སྤྱི ༽  འཁྲབ་ཁྲིད་པ། ཡེ་ཧན·པོར་མན།  ༼ དབྱིན་ཇི ༽

སྐབས་ལྔ་བཅུ་ལྔ་གཉིས་པ།  (1999ལོ)

           གསེར་གྱི་ཏ་ལའི་བྱ་དགའ།   ༼ རོ་སེ་ཐྲ ༽  འཁྲབ་ཁྲིད་པ།    ཏེན་ནེ་སྤུན་གཉིས། ༼ པེ་ལི་ཧྲི ༽

            ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ། ༼ ངའི་ཨ་མ་དང་འབྲེལ་བའི་དོན་མཐའ་དག༽ འཁྲབ་ཁྲིད་པ། ཕེ་ཏི་ལོ·ཨར་མོ་ཏོ་ཝར། ༼ སི་ཕེན ༽

སྐབས་ལྔ་བཅུ་ལྔ་གསུམ་པ།  (2000ལོ)

           གསེར་གྱི་ཏ་ལའི་བྱ་དགའ།   ༼ མུན་ནང་གི་གར་མཁན༽  འཁྲབ་ཁྲིད་པ། ལར་སི·ཝོན ·ཐྲིར།   ༼ ཏེན་མག ༽

           ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ གཅིག་གཅིག༽ འཁྲབ་ཁྲིད་པ། དབྱང་ཏི་ཁྲང་།   ༼ ཐེ་ཝན། འཇར་པན༽

སྐབས་ལྔ་བཅུ་ལྔ་བཞི་པ། (2001ལོ)

              གསེར་གྱི་ཏ་ལའི་བྱ་དགའ།   ༼ བུའི་ཁང་པ ༽   འཁྲབ་ཁྲིད་པ།  ནན་ནི·མོ་རེ་ཐྲི།   ༼ དབྱི་ཐ་ལི ༽

             ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།    ༼ ཡོང་མ་ཐུབ་པའི་སྐྱེས་པ ༽ འཁྲབ་ཁྲིད་པ།  ཁི་ཨིན་སྤུན་གཉིས།   ༼ ཨ་རི ༽

སྐབས་ལྔ་བཅུ་ལྔ་ལྔ་པ། (2002ལོ)

            གསེར་གྱི་ཏ་ལའི་བྱ་དགའ།  ༼ རྣོ་སྤྲེང་དཀྲོལ་མཁན ༽  འཁྲབ་ཁྲིད་པ།   རོ་མན·རེ་མོན་དི·ཕོ་ལན་སི་ཁི།  ༼ ཧྥ་རན་སི ༽

            ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ ལྷ་བཟོ་བཟི་བོ ༽ འཁྲབ་ཁྲིད་པ།  ལིན་ཆོན་ཚེ།   ༼ ལྷོ་ཁོ་རེ་ཡ༽
                                                                ༼ ཞེན་ལོག་པའི་བརྩེ་བ༽ འཁྲབ་ཁྲིད་པ། པོ་ལོ·ཐྲོ་མ་སི·ཨན་སྒྲིར་སོན།  ༼ ཨ་རི ༽

སྐབས་ལྔ་བཅུ་ལྔ་དྲུག་པ།  (2003 ལོ)

            གསེར་གྱི་ཏ་ལའི་བྱ་དགའ།    ༼ གླང་ཆེན ༽  འཁྲབ་ཁྲིད་པ།  གུ་སི·ཝན·སན་ཁྲི།   ༼ ཨ་རི ༽

            ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ། ༼ གླང་ཆེན ༽  འཁྲབ་ཁྲིད་པ།  གུ་སི·ཝན·སན་ཁྲི།   ༼ ཨ་རི ༽

སྐབས་ལྔ་བཅུ་ལྔ་བདུན་པ། (2004 ལོ)

            གསེར་གྱི་ཏ་ལའི་བྱ་དགའ།    ༼ ཧྥ་རེན་ཧེར་ཁྲི911 ༽   འཁྲབ་ཁྲིད་པ།  མེ་ཁེལ·མོའར།   ༼ ཨ་རི ༽  

            ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ འབུར་ཐོན་པ ༽  འཁྲབ་ཁྲིད་པ།  ཏོ་ནེ·གཱ་ཁྲི་ལི་ཧྥུ།   ༼འཇར་མན༽

སྐབས་ལྔ་བཅུ་ལྔ་བརྒྱད་པ། (2005 ལོ)

           གསེར་གྱི་ཏ་ལའི་བྱ་དགའ།    ༼ བྱིས་པ ༽  འཁྲབ་ཁྲིད་པ།  ཏེན་ནེ་སྤུན་གཉིས།  ༼ པེ་ལི་སེ ༽

           ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ གཡོལ་བ༽  འཁྲབ་ཁྲིད་པ།  མེ་ཁེལ·ཧ་ནེ་ཁི།  ༼ ཨོ་སི་ཁྲོ་རི་ཡ༽

སྐབས་ལྔ་བཅུ་ལྔ་དགུ་པ།  (2006 ལོ)

          གསེར་གྱི་ཏ་ལའི་བྱ་དགའ།   ༼ འབྲས་ཤིང་རླུང་གིས་བསྐྱོད ༽  འཁྲབ་ཁྲིད་པ།  ཁིན·ལོ་ཆི།  ༼དབྱིན་ཇི། ཧྥ་རན་སི། ཨེར་ལན། ༽

           ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ། ༼ མཁའ་བགྲོད་སྟེགས་བུ ༽ འཁྲབ་ཁྲིད་པ།·ཀང་ས་ལེ་སི ཡེ་ན་ལི་ཏོ།  ༼ ཨ་རི ༽

སྐབས་དྲུག་ཅུ་པ། (2007 ལོ)

           གསེར་གྱི་ཏ་ལའི་བྱ་དགའ།   ༼ ཟླ་བཞི། བདུན་གསུམ། ཉིན་གཉིས༽   འཁྲབ་ཁྲིད་པ།  ཁིར་སི་ཐེན·མུན་ཅི།    ༼ རོམ་ནི་ཡ༽

            ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ། ༼ ཆུར་འཛུལ་ཆུ་ཚོད་དང་ཕྱེ་མ་ལེབ༽ འཁྲབ་ཁྲིད་པ། ཇུ་ལིན·སུའུ་ནཱ་པེལ།  ༼འཇར་མན། ཨ་རི ༽

སྐབས་དྲུག་ཅུ་རེ་གཅིག་པ། (2008 ལོ)

             གསེར་གྱི་ཏ་ལའི་བྱ་དགའ།  ༼ མཁར་གྱང་བར་ན༽      འཁྲབ་ཁྲིད་པ།    ལུ་རེན་ཐྲི·ཁན་ཐྲེ།   ༼ ཧྥ་རན་སི ༽

             ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ། ༼ སྤྲེའུ་གསུམ ༽  འཁྲབ་ཁྲིད་པ། ནེ་རི·པེལ་རྗི·ཁེ་ལན།      ༼ ཐུར་ཁེ ༽

སྐབས་དྲུག་ཅུ་རེ་གཉིས་པ།  (2009ལོ)

            གསེར་གྱི་ཏ་ལའི་བྱ་དགའ།  ༼ རས་དཀྲིས་དཀར་པོ༽ འཁྲབ་ཁྲིད་པ། མེ་ཁེལ·ཧ་ནེ་ཁི། ༼ འཇར་མན༽

             ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ། ༼ ཁི་ནཱ་རེ ༽ འཁྲབ་ཁྲིད་པ། པུ་རི་ལན་ཐྲི·མེན་དོ་ཟ། ༼ ཧྥེ་ལིན་ཕིན༽

སྐབས་དྲུག་ཅུ་རེ་གསུམ་པ།  (2010ལོ)

            གསེར་གྱི་ཏ་ལའི་བྱ་དགའ། ༼སྐྱེ་བ་སྔོན་མ་འགུགས་ཐུབ་པའི་ཨ་ཁུ་པོན་མེ ༽  འཁྲབ་ཁྲིད་པ། ཨ་ཕི་ཆ་ཕོང·ཝེ་ར་སེ་ཧ་ཁིལ།      ༼ཐེ་ལན་སྒྲི ༽

             ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ སྐོར་སྐྱོད ༽ འཁྲབ་ཁྲིད་པ། མ་སེར·ཨ་མལ་རི་ཁི། ༼ འཇར་མན༽

སྐབས་དྲུག་ཅུ་རེ་བཞི་པ།   ( 2011ལོ )

             གསེར་གྱི་ཏ་ལའི་བྱ་དགའ།  ༼ སྲོག་ཤིང་།༽ འཁྲབ་ཁྲིད་པ། ཐེ་ལོན་སི·མ་ལི་ཁི། ༼ ཨ་རི ༽

            ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།  ༼ སྲོག་བསྡོས་ཀྱི་འཁོར་བསྒྱུར ༽ འཁྲབ་ཁྲིད་པ།  ནེ་ཁོ་ལ་སི·བེན་ཐྲིན·རེ་ཧྥུན།  ༼ ཨ་རི ༽

སྐབས་དྲུག་ཅུ་རེ་ལྔ་པ།(2012ལོ)

             གསེར་གྱི་ཏ་ལའི་བྱ་དགའ།  ༼ བརྩེ་བ ༽ འཁྲབ་ཁྲིད་པ། མེ་ཁེལ·ཧ་ནེ་ཁི། ༼ ཨོ་སི་ཁྲོ་རི་ཡ༽

             ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ། ༼ ཕམ་ཁའི་ཁྲོད་ཀྱི་རེ་བཞག ༽ འཁྲབ་ཁྲིད་པ། ཁར་ལོ་སི·རེ་རྗ་ཏ་སི།  ༼ མེ་ཞི་ཁོ༽                                                                          

དཔྱད་མཆན་ཡོད།