དགེ་རྒན་ཞིག་གི་སློབ་གསོའི་བྱེད་ཐབས་ཀྱི་ཟུར་གཅིག

           ལོ་རེ་རེར་ང(Rafe Esquith)དང་ངའི་སློབ་མ་ཚོས་གློག་བརྙན་འདི་ཚོར་རོལ་མྱོང་བྱས་པ་ཡིན། བདེན་ཏེ། དེའི་ཁྲོད་ཀྱི་བརྙན་ཁ་ཤས་ལོ་ཚོད་མི་འདྲ་བའི་བྱིས་པ་ཚོར་མི་འཚམ་པ་ཤེས་མོད་ཀྱང་། དེ་དག་ནི་ངའི་སློབ་མ་ཚོས་དཔྱད་འཇོག་དང་དགའ་བསུ་ཚད་མེད་བྱས་མྱོང་བའི་གློག་བརྙན་ཏག་ཏག་ཡིན་པ་གོར་མ་ཆག

      ­­    ༼ དཔའ་རྒོད་བཅུ་གཉིས[1] ༽ འདི་ནི་ང་ཚོའི་འཛིན་གྲྭས་ཆེས་ཐོག་མར་མཉམ་དུ་བལྟས་པའི་གློག་བརྙན་ཐོག་མ་དེ་ཡིན། གློག་བརྙན་འདིར་ཁྱད་ནུས་ཅི་ཡང་བཀོལ་མེད་ནའང་ཕུལ་དུ་བྱུང་བའི་གཏམ་བརྗོད་གློག་བརྙན་འདིས་ཅིས་ཀྱང་སློབ་མ་ཚོར་གློག་བརྙན་ནི་གང་ལ་བརྟེན་ནས་རླབས་ཆེན་དུ་གྱུར་བའི་ལྟ་ཚུལ་བསྒྱུར་ངེས།

          ༼ ཉིན་གུང[2] ༽ཕུལ་དུ་བྱུང་བའི་ནུབ་ཁུལ་གྱི་གློག་བརྙན་ཡོད་ཚད་དང་འདྲ་བར། གློག་བརྙན་འདིས་ཀྱང་བརྗོད་ཀྱིན་པ་ནི་ནུབ་ཁུལ་གཅིག་པོ་མ་ཡིན་པར། ཁོས་མི་སྒེར་ངོས་ནས་ཀུན་སྤྱོད་ཀྱིརྩ་དོན་ནན་བཤད་བྱེད་ཀྱིན་ཡོད་དེ། ཕལ་ཆེར་མི་གཅིག་གིས་ཀྱང་རྩ་དོན་བཤད་ཀྱིན་མེད་པར་བྱས་ནའང་སྔར་བཞིན་རྩ་དོན་སྲུང་དགོས་པ་དེའོ།།

           ༼ འཕྲེད་བརྒལ[3] ༽འདི་རླབས་ཆེན་གྱི་གློག་བརྙན་ཞིག་མིན་ནའང་གསར་བརྗེའི་དམག་འཁྲུག་ངོ་སྤྲོད་བྱེད་སྐབས། འདི་ནི་བསླབ་གཞིའི་ཁ་གསབ་རྒྱུ་ཆ་ལེགས་པོ་ཞིག་ཡིན།

          ༼ སྔགས་པOZ[4] ༽   ས་ཆ་གང་དང་གང་ཡིན་རུང་ཕ་ཡུལ་ལ་གཏན་ནས་བསྡུར་ཐབས་མེད།

          ༼ ཞག་གཅིག་གི་རྩེད་དགོད[5] ༽ བཤད་སྲོལ་ལྟར་ན་འདི་ནི་དབྱངས་ཀྱིས་དགའ་བ་དཔག་མེད་སྟེར་ནུས་པའི་གློག་བརྙན་ཅིག་ཡིན་པར་བཤད།

          ༼ རྨི་ལམ་མངོན་འགྱུར[6] ༽ཕུལ་དུ་བྱུང་བའི་དབྱུག་འཕེན་སྤོ་ལོའི་གློག་བརྙན་གྱི་གྲས་གཅིག་སྟེ། ཕལ་ཆེར་ང་ཚོས་འཛམ་གླིང་འགྲན་བསྡུར་གྱི་མགོ་དངོས་སུ་མ་བརྩམ་གོང་གི་གཟའ་འཁོར་གཅིག་གི་སྔུན་ཏག་ཏག་ལ་བལྟས་པ་ཡིན།

         ༼ དམུས་ལོང་མའི་འཇིགས་སྣང་ཟིན་ཐོ[7]  ༽ ང་ཚོས་ཡེ་ཤུའི་ཆོས་བྱེད་པའི་དུས་ཆེན་ཉིན་འཇིགས་རུང་གི་གློག་བརྙན་འདིར་བལྟས་པ་ཡིན། བྱིས་པ་ཚོསAudrey Hepbunཡི་སྐར་ཆེན་ལྟ་བུའི་གཟི་འོད་ཉམས་སུ་མྱངས་ཤིང་ཁོ་ཚོalan Arkinཡིས་འཁྲབ་པའི་མི་ངན་དེ་ལ་གཏིང་ནས་འཇིགས་སྣང་སྐྱེས། མ་ཟད་གློག་བརྙན་ནང་གི་རྒྱག་རེས་བྱེད་པའི་བརྙན་རིས་དེ་ཚོ་སྐྲག་ཐག་ཆོད་པ་ཞིག་རེད།

         ༼ དམག་མིRyanསྐྱོབ་པ[8] ༽ ང་ཚོས་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་གྱི་གཟའ་འཁོར་གཅིག་ཏག་ཏག་སྔོན་ལ་གློག་བརྙན་འདིར་བལྟས་པ་ཡིན། བྱིས་པ་ཚོས་Tom Hanksཡིས་བརྗོད་པའི་གསོན་དགོས་ཟེར་བའི་ཚིག་དེ་ནམ་ཡིན་ཡང་བརྗེད་མི་སྲིད། ཁོ་ཚོས་ལོ་ཧྲིལ་བོར་འཁྲབ་ཚིག་འདི་བསྐྱར་ཟློས་བྱེད་བཞིན་མཆིས།

         ༼ བྱ་བ་ལམ་འགྲོ[9] ༽ ང་ཚོས་དྲིན་གཟོའི་དུས་ཆེན་སྔོན་གྱི་གཟའ་ལྷག་པའི་ཕྱི་དྲོར་གློག་བརྙན་འདིར་བལྟས་པ་ཡིན། མ་ཟད་བལྟས་ཚར་རྗེས་མཉམ་དུ་དགོང་ཟས་ཟོས་པ་ཡིན། འདི་ནི་འཛིན་གྲྭའི་ནང་གི་སློབ་མ་ཕལ་མོ་ཆེར་མཚོན་ན་སྐྱེ་བ་ད་ཐེངས་འདིར་ཆེས་ཐོག་མར་དྲིན་གཟོའི་དུས་ཆེན་གྱི་དགོང་ཟས་ལ་རོལ་བ་ཡིན།

         ༼ ལྷོ་བྱང་དམག་འཁྲུག[10] ༽ འདི་ནི་མིང་དུ་གྲགས་པའི་དངོས་བཤུས་གློག་བརྙན་བཟོ་མཁནKen burnsཡིས་ཨ་རིའི་སྤྱི་པའི་བརྙན་འཕྲིན་ཁངPRSལ་བཟོས་པའི་གློག་བརྙན་ཞིག་ཡིན། འདི་ནི་ཨ་རིའི་ལྷོ་བྱང་དམག་འཁྲུག་ལ་ཁ་གསབ་ཀྱི་རྒྱུ་ཆ་ཡག་ཤོས་དེ་ཡིན། གཞན་ད་དུང་༼ གཟི་བརྗིད་ལྡན་པའི་གཡུལ་འགྱེད ༽དང་ཐུའུ་ནཱ་རོལ་རྩེད་ཀུང་ཟིས་ཕབ་པའི་༼ Gettysburg ༽ལ་གཟིགས་ཆོག

          ༼ འཚོ་བ་ནི་ཇི་འདྲའི་མཛེས་ཨང[11] ༽ང་ཚོས་ལོ་རེའི་ཟླ12པའི་ཚེས23ཉིན་George Bailey ལ་བལྟས་ནས་ཚེ་གཅིག་གི་ཆེས་གལ་ཆེ་བའི་སློབ་ཁྲིད་གཅིག་པོ་དེར་སློབ་སྦྱོང་བྱེད་ངེས།

          ༼ འཕྱི་བའི་ཉིན་མོ[12] ༽ བྱིས་པ་ཚོས་དགོད་ཁ་གཏིང་ནས་འཆོར་བར་བྱེད་པའི་གློག་བརྙན་འདི་ཟླ2པར་བལྟས་པ་ཡིན་ཏེ་ཁོ་ཚོས་ཕྱི་དྲོ་ཞིག་གི་དུས་ཚོད་བེད་སྤྱད་ནས་དུས་ཆེན་ཞིག་ཤེས་རྟོགས་བྱུང་སོང་།

          ༼ Casablanca [13]༽  ང་ཚོས་ལོ་རེའི་དགའ་རོགས་དུས་ཆེན་ལ་གློག་བརྙན་འདིར་བལྟས་པ་ཡིན་ཞིང་། ཁོ་ཚོས་འཁྲབ་ཚིག་ནང་གི་བྱིས་པ་ཚོ། ཁྱེད་ཚོར་རག་ལས་ཞེས་པ་དེར་དཔེ་མེད་དགའ་བོ་བྱེད།

         ༼ མི་དང་ཙི་གུའི་བར་ནས[14] ༽ང་ཚོསSteninbeckཡི་སྒྲུང་གཏམ་ཀློག་རྗེསJohn Malkovichདང་Gary Siniseགཉིས་ཀྱིས་གཙོ་འཁྲབ་གནང་པའི་གློག་བརྙན་འདིར་བལྟས་པ་ཡིན།

         ༼ སྐུ་ཞབསsmithཝ་ཧྲིན་ཐོན་ལ་སླེབས་པ[15] ༽  གློག་བརྙན་འདི་ནི་ཨ་རིའི་རྩ་ཁྲིམས་དང་སྲིད་གཞུང་སྐོར་སློབ་ཁྲིད་གནང་སྐབས་ཀྱི་ཁ་གསབ་རྒྱུ་ཆ་ཡག་ཤོས་དེ་ཡིན།

         ༼ བྱིའུ་རོ་བིན་ཞིག་གསོད་པ[16] ༽འདི་ནི་ང་ཚོས་ལོ་རེར་བལྟས་པའི་དཔེ་ཆ་ཆེས་རྗེས་མ་དེ་ཡིན་ལ་ཆེས་མཇུག་མཐའི་གློག་བརྙན་དེའང་ཡིན། བྱིས་པ་ཚོས་ནམ་རྒྱུན་དཔེ་ཆ་ཀློག་པ་དང་གློག་བརྙན་ལ་ལྟ་བའི་སྐབས་སུ་མིག་ཆུ་དབང་མེད་དུ་བཞུར་ཡོང་། ང་ཡང་དེ་ལྟ་ཞིག་ཅི་ལ་མིན།  

         གོང་གི་གློག་བརྙན་དེ་ཚོ་བལྟ་དགོས་པའི་རེ་བ་བཏོན་པ་ཙམ་ཡིན། དེ་མིན་བསླབ་དེབ་དང་དུས་ཆེན་སོགས་དང་འབྲེལ་ནས་མི་སྣ་གྲགས་ཅན་གྱི་རྣམ་ཐར་དང་དངོས་བཤུས་གློག་བརྙན་གྲགས་ཅན་སོགས་སྟོན་པའམ་ཡང་ན་ཕ་མ་དང་དགེ་རྒན་དག་གིས་གློག་བརྙན་མང་པོ་ཞིག་གི་མིང་ཐོ་བཟོས་རྗེས་སྔར་མེད་གསར་གཏོད་མང་པོ་བྱས་ཆོག འོན་ཀྱང་། བྱིས་པ་དང་མཉམ་དུ་གློག་བརྙན་ལ་བལྟ་རྒྱུ་གལ་ཆེ་ཞིང་ཁོ་ཚོའི་གོ་རྟོགས་སད་དུ་འཇུག་པ་དང་། ཁོ་ཚོས་ཁུ་སིམ་མེར་གློག་བརྙན་བལྟ་བ་དང་ཞིབ་མོས་བསམ་བློར་གཏོང་བར་རང་ཚོས་མིག་དཔེ་སྟོན་དགོས།

        Rafe Esquithནི་ཨ་མེ་རི་ཁའི་མིང་དུ་གྲགས་པའི་སློབ་ཆུང་གི་དགེ་རྒན་ཞིག་ཡིན་ཞིང་། ཁོའི་སྣ་མང་རྨད་དུ་བྱུང་བའི་སློབ་ཁྲིད་ཀྱི་ཐབས་རྩལ་དང་སློབ་གསོའི་བྱེད་ཐབས་ཀྱིས་སློབ་མ་མང་པོ་ཞིག་སློབ་སྦྱོང་ལ་སྤྲོ་བ་འཕེལ་དུ་བཅུག་ཅིང་ཁོ་ཚོའི་མ་འོངས་པའི་ལས་དབང་ལ་ཁ་ལོ་ཡང་ཡང་བསྒྱུར་མྱོང་།

 


[1] 十二怒汉

[2] 正午

[3] 决战怒河

[4] 野绿仙踪

[5] 一夜狂欢

[6] 梦幻成真

[7] 盲女惊魂记

[8] 拯救大兵瑞恩

[9] 一路顺风

[10] 南北战争

[11] 生活多美好

[12] 土拨鼠之日

[13] 卡萨布兰卡

[14] 人鼠之间

[15] 史密斯先生到华盛顿

[16] 杀死一只知更鸟

དཔྱད་མཆན་ཡོད།