གློག་བརྙན་སྒྲིག་བཟོ་ལྟེ་གནས་ཏེ་ཁྱུང་ཆེན་བརྙན་གླིང་།

  


 

     སྤྱི་ཟླ་༥་བའི་ཚེས་༡༢་ཉིན། མིག་སྔར་བོད་ཁུལ་ཡོངས་ནས་གཞི་རྒྱ་ཆེས་ཆེ་བའི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཏེ་༼ཁྱུང་ཆེན་བརྙན་གླིང་༽ཞེས་པ་མཚོ་ལྷོ་འབའ་རྫོང་ནས་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས་པར་རེད།  ལས་གཞི་འདི་ཉིད་ལེགས་པར་གྲུབ་རྗེས་བོད་ཁུལ་གྱི་གློག་བརྙན་སྒྲིག་བཟོ་དང་བོད་ཀྱི་བརྙན་ཟློས་ལས་རིགས་ཐད་ཀྱི་མི་སྣ་སྐྱེད་སྲིང་། བརྙན་ཟློས་རིག་གནས་ཀྱི་འཕེལ་རྒྱས་ལ་སྨན་པའི་ཞབས་ཞུ་མཁོ་འདོན་མཛོད་པར་གྲགས།

640.jpeg

     རྒྱུས་ལོན་བྱུང་བ་ལྟར་ན། བརྙན་གླིང་འདིར་མ་དངུལ་བྱེ་བ་གཅིག་ལྷག་བཏང་ཡོད་ཅིང་འབའ་རྫོང་སྲིད་གཞུང་གིས་འཛུགས་སྐྲུན་ཐད་ཀྱི་རོགས་སྒྲུབ་མཛད། ཞིབ་ཕྲའི་གྲངས་འབོར་གྱི་གནས་ཚུལ་ལ་རྒྱུས་ལོན་མ་བྱུང་། སྤྱིའི་རྒྱ་ཁྱོན་རྨིད་གྲུ་བཞི་མ་༨༠༠༠་ལས་བརྒལ་ཡོད་ལ་རྨིད་གྲུ་བཞི་མ་༦༠༠ཅན་གྱི་བརྙན་ལེན་ཁང་སོགས་ཡོད་དོ།།

0-1.jpg


     བརྙན་གླིང་གི་འགན་འཁུར་པ་བསོད་ནམས་རིན་ཆེན་རྒྱལ་ལགས་ཀྱིས་མཚམས་སྦྱོར་གནང་བ་ལྟར་ན།  བརྙན་གླིང་གི་གནས་གཞིའི་མཐའ་འཁོར་གྱི་ལེ་བར་ཆིག་བརྒྱའི་ནང་ཚུན་དུ་རང་བྱུང་ཡུལ་ལྗོངས་དང་མིས་བཟོས་ཡུལ་ལྗོངས་མཉམ་གནས་ཡིན་ཏེ།  དེའི་ནང་འབའ་ཡུལ་གྱི་རྩྭ་ཐང་དང་རྨ་ཆེན་གངས་རི། མང་རྫོང་གི་བྱེ་སྣ་སོགས་ནི་གློག་བརྙན་བརྩམས་ཆོས་ལ་སྤུས་ལེགས་པའི་སྣང་བརྙན་གྱི་རྒྱུ་ཆ་གདོན་པར་འཚལ། ༼བརྙན་གླིང་འདི་ག་ཞིང་ལས་དང་འབྲོག་ལས་ཀྱི་སྤེལ་རྒྱུག་མཚམས་དཀྱིལ་དུ་ཆགས་པ་དང་། རྒྱལ་ཁབ་་རིམ་པའི་གེ་སེར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་སོགས་སུ་གཏོགས་པས་ཁོར་ཡུག་ཐད་ཀྱི་ཁྱད་འཕགས་དགེ་མཚན་ཡང་ཡོད་་་་༽་དེ་ལྟར་བཤད།

0-2.jpg

0.jpg


     གནས་གཞིའི་གཉེར་སྐྱོང་ལ་དངོས་སུ་ཞུགས་པ་ནས་གློག་བརྙན་དང་མུ་འབྲེལ་ཟློས་གར། དངོས་པར་གློག་བརྙན། བརྡ་ཁྱབ། གླུ་བརྙན་༼MV༽་སོགས་བརྙན་ཟློས་ལས་རིགས་ཀྱི་ལས་གཞིའི་རྣམ་གྲངས་ཁུར་ལེན་གནང་རྒྱུ་རེད་དོ།།


 

དཔྱད་མཆན་ཡོད།