འཛམ་གླིང་གི་མིང་གྲགས་ཅན་གྱི་གློག་བརྙན་དུས་ཆེན་བཞི་དང་དེ་དག་གི་བྱ་དགའི་ངོ་སྤྲོད་མདོར་བསྡུས།

timg (1).jpg


༡ ཕ་རན་སི། ཁན་ནཱེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན།

༢ འཇར་མན། བྷེར་ལེན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན།

༣ ཨི་ཐ་ལི། ལྦེ་ཉིས་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན།

༤ ཨ་རི། ཨོ་སི་ཁཱའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན།


 timg.jpg

       ཨ་རི། ཨོ་སུ་ཁཱའི། (Academy Award)གློག་བརྙན་བྱ་དགའ་གཙོ་བོ་གློག་བརྙན་དང་འབྲེལ་བའི་སྒྱུ་རྩལ་དང་ལག་རྩལ་ཐད་ལ་སྐུལ་མ་བྱེད་པའི་ཚུལ་དུ་གནང་བ་མ་ཟད། རྒྱལ་ཁབ་དང་རྒྱལ་སྤྱི་སོགས་ནས་གློག་བརྙན་གྱི་འཁྲབ་སྟོན་པ། འཁྲབ་གཞུང་རྩོམ་སྒྲིག འཁྲབ་ཁྲིད་པ། བརྙན་ལེན་པ། དབྱངས་རྩོམ་མཁན། སྒྲིག་སྦྱོར། གོན་པ། མཛེས་བཟོ། ཁྱད་ནུས་སོགས་ཀྱི་ཐད་ནས་བྱ་དགའ་གནང་སྲིད།

 timg (2).jpg

      འཇར་མན། བྷེར་ལེན་གློབ་བརྙན་དུས་ཆེན། (Berlin International Film Festival) ཡོ་རོབ་ཀྱི་རྒྱལ་སྤྱིའི་གློག་བརྙན་མཛད་སྒོ་ཆེན་མོ་ཞིག་ཡིན་པ་མ་ཟད། དུས་རབས་ལྔ་བཅུ་ལོ་རབས་བརྒྱད་ཅུའི་སྐབས་མིང་ལ་ཨོ་ཧྥེ.བྷོ་འུར་ཞེས་པས་བྱ་དགའ་འདི་མཛད། རྟགས་མ་གཙོ་བོར་གསེར་དོམ་གྱི་བྱ་དགའ་དང་དངུལ་དོམ་གྱི་བྱ་དགའ་རིགས་གཉིས་ཡོད།

གསེར་དོམ་གྱི་བྱ་དགའ་གཙོ་བོ་ཕུལ་དུ་བྱུང་བའི་ལོ་རྒྱུས་གློག་བརྙན། དངོས་བཤུས་གློག་བརྙན། ཚན་རྩལ་གློག་བརྙན། མཛེས་རྩལ་གློག་བརྙན་སོགས་ལ་སྟེར།

དངུལ་དོམ་གྱི་བྱ་དགའ་གཙོ་བོ་ཕུལ་དུ་བྱུང་བའི་འཁྲབ་ཁྲིད་པ། འཁྲབ་སྟོན་པ། འཁྲབ་གཞུང་རྩོམ་མཁན། རོལ་དབྱངས། བརྙན་ལེན། མཛེས་བཟོ་དང་གཞོན་སྐྱེས་རྣམས་ཀྱིས་འཁྲབ་པའི་འཁྲབ་གཞུང་། ལོ་རྒྱུས་རང་བཞིན་ཅན་གྱི་གློག་བརྙན་སོགས་ལ་སྟེར། མ་ཟད་གློག་བརྙན་ལ་དཔྱད་འཇོག་དང་དམིགས་བསལ་དགའ་རྟགས་ཡང་གནང་གིན་ཡོད་འདུག

timg (3).jpg

         ཨི་ཐ་ལི། ལྦེ་ཉི་སི་གློག་བརྙན་དུས་ཆེན།(Venice International Film Festival)སྤྱི་ལོ་༡༩༣༢ལོར་དབུ་བརྙེས་པ་ཡིན་ལ། འཛམ་གླིང་གི་ཆེས་ཐོག་མའི་གློག་བརྙན་དུས་ཆེན་ཡིན། ངག་རྒྱུན་དུ་འདིར་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཡབ་ཆེན་ཞེས་འབོད་སྲོལ་ཡོད། དུས་སྟོན་འདིར་གཙོ་བོ་གློག་བརྙན་གྱི་སྒྱུ་རྩལ་ཁྱད་ཆོས་མཐོར་འདེགས་དང་ཁྱབ་སྤེལ་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ཡོད། མ་གཞི་ཨི་ཐ་ལིའི་རྒྱལ་ཁབ་ནི་འཆར་ཡན་རིང་ལུགས་དར་སྲོལ་ཆེ་བའི་རྒྱལ་ཁབ་ཡིན་ལ། མིའི་རིགས་སྒྱུ་རྩལ་དང་བརྩེ་དུང་ཐལ་བརྗོད་བྱེད་པར་ཞེ་དྲག་དགའ། དེ་དང་བསྟུན་ནས་བྱ་དགའི་རིགས་ལ་ཕུལ་དུ་བྱུང་བའི་ལོ་རྒྱུས་གློག་བརྙན་དང་། དངོས་བཤུས་གློག་བརྙན། བརྙན་ཐུང་། ཨི་ཐ་ལིའི་གློག་བརྙན། ཕྱིའི་རྒྱལ་ཁབ་ཀྱི་གློག་བརྙན། མ་ཟད་འཁྲབ་སྟོན་པ་རྩེ་གྲ་དང་། འཁྲབ་གཞུང་རྩོམ་མཁན། འཁྲབ་སྟོན་པ་ཕོ་མོ། བརྙན་ལེན་པ། རོལ་དབྱངས་རྩོམ་མཁན་སོགས་བཀར་ཡོད། དེའི་ཕྱིར་ལྦེ་ཉི་སིའི་གློག་བརྙན་དུས་ཆེན་ཁོ་རང་ལ་གཞན་དང་མི་མཐུན་པའི་ཁྱད་པར་ཅན་གྱི་སྲོལ་རྒྱུན་གློག་བརྙན་གྱི་འདུ་ཤེས་ཡོད་ལ། ས་ཕྱོགས་སོ་སོའི་བརྙན་ཞེན་པ་ཚོར་གོ་སྐབས་མང་པོ་སྟེར་གྱིན་གདའ། དེ་བས་གློག་བརྙན་དུས་ཆེན་འདིར་བརྗོད་བྱ་མི་མཐུན་པ་སྣ་ཚོགས་ཡོད་ཀྱང་། སྒྱུ་རྩལ་གྱི་གལ་ཆེན་རང་བཞིན་ལ་གློག་བརྙན་གྱིས་ནམ་ཡང་ཞབས་ཞུ་བྱེད་ཅེས་པའི་ཚིག་དེ་གཙིགས་སུ་བཟུང་ཡོད། དེ་ལྟར་ལོ་རེར་བརྗོད་བྱ་ལ་འགྱུར་ལྡོག་འབྱུང་གིན་ཡོད། འོན་ཀྱང་། ལྦེ་ཉི་སིའི་གློག་བརྙན་དུས་ཆེན་གྱིས་དུས་རབས་གསར་བའི་གློག་བརྙན་འཁྲབ་སྟོན་པ་མང་པོ་གསོ་སྐྱོང་བྱས་ཡོད་ལ། ཡོ་རོབ་ཀྱི་སྲོལ་རྒྱུན་རིག་གནས་དང་སྒྱུ་རྩལ་གྱི་ལམ་བུ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་གིན་ཡོད།

 timg (4).jpg

        ཕ་རན་སི། ཁཱན་ནཱེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། (Cannes International Film Festival,Festival De Cannes)སྤྱི་ལོ་༡༩༣༩ལོར་དབུ་བརྙེས་པ་ཡིན། མཛད་སྒོ་འདི་ནི་འཛམ་གླིང་གི་གློག་བརྙན་དུས་ཆེན་ཁྲོད་མིང་དོན་མཚུངས་པའི་གཅེས་ནོར་ལྟ་བུ་ཞིག་ཡིན། གནས་འདི་ན་རྒྱ་མཚོ་དང་ཉི་འོད། མཛེས་མ་གསུམ་པོ་ཡོད་ཕྱིར། མིང་ལ་སུམ་འཛོམས་གློག་བརྙན་དུས་ཆེན་ཞེས་ཀྱང་འབོད་སྲོལ་ཡོད། མ་ཟད། གློག་བརྙན་དུས་ཆེན་ལེ་ཚན་དྲུག་ལ་བགོས་ཡོད།

༡ འགྲན་བསྡུར་ཡུལ་དངོས།

༢ གཟའ་འཁོར་གཉིས་ཀྱི་འཁྲབ་ཁྲིད་པ།

༣ ལྟ་བ་གཅིག

༤ དཔྱད་འཇོག་པའི་གཟའ་འཁོར།

༥ ཕ་རན་སིའི་གློག་བརྙན་གྱི་རྣམ་པ་གསར་པ།

༦ ཕྱི་རོལ་གྱི་བཤམས་སྟོན།

timg (5).jpg

          ཁཱན་ནེ་གློག་བརྙན་དུས་ཆེན་ནི་ཆབ་སྲིད་དང་འབྲེལ་བ་མེད་པའི་རང་དབང་ཀྱི་དུས་ཆེན་ཞིག་ཡིན་ལ། གནས་འདི་ནས་མི་རྣམས་ཀྱི་མ་གྲོས་རང་མཐུན་ངང་རང་རང་གི་བསམ་བློ་དང་འདུ་ཤེས་སྤེལ་ཆོག དེ་བས་གནས་འདི་ཡང་རང་བཞིན་ངང་གླེང་མོལ་དང་གཅིག་མཚུངས་ཀྱི་གྲོས་མོལ་བྱེད་སའི་ཕྲ་མཐོང་འཇིག་རྟེན་ཆུང་ཆུང་ཞིག་གི་གཟུགས་སུ་གྲུབ་ཡོད།

          དེ་ལྟར་ཁཱན་ནེ་གློག་བརྙན་དུས་ཆེན་ནི་མི་རྣམས་ཀྱི་འདོད་དགུ་རོལ་སའི་དུས་གལ་ཆེན་ཞིག་ཏུ་གྱུར་བ་མ་ཟད། གློག་བརྙན་གྱི་སྒྱུ་རྩལ་རང་བཞིན་དང་འཁྲབ་སྟོན་པའི་འཇོན་ཐང་གསོ་སྐྱོང་དང་། འཛམ་གླིང་གི་གློག་བརྙན་སྒྱུ་རྩལ་གྱི་ཚད་མཐོའི་རང་བཞིན་དང་ཚོང་ལས་ཁྲོད་ནས་ཀྱང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱིན་ཡོད། མ་ཟད་གློག་བརྙན་རིགས་མི་འདྲ་བ་དག་འཛམ་གླིང་གི་ཕྱོགས་སོ་སོར་འགྲེམ་སྤེལ་བྱེད་པར་གོ་གནས་མི་དམན་པ་ཞིག་བསྐྲུན་ཡོད། དེ་དང་བསྟུན་རྒྱ་ཆེ་བའི་ བརྙན་ཞེན་པ་རྣམས་ཀྱི་འདོད་མོས་ལྟར་ཆར་རྗེས་ཀྱི་ཤ་མོང་བཞིན་གློག་བརྙན་སྣ་ཚོགས་ཀུན་ལ་མཁོ་སྤྲོད་བྱེད་ཀྱིན་ཡོད།


ངེད་དྲ་བའི་ཆོག་མཆན་མེད་པར་བཤུ་མི་རུང་། 

དཔྱད་མཆན་ཡོད།