པར་བ་དང་བརྙན་ལེན་པ་བཀྲ་ཤིས་རྡོ་རྗེ།

1479010064108065.jpg1479010075139083.jpg

        བཀྲ་ཤིས་རྡོ་རྗེ་ནི་རང་ཉིད་ཀྱི་སྦྱངས་འབྲས་ལ་བསྟེན་ནས་པར་དང་བརྙན་ལེན་ལ་མཁས་པའི་བོད་པ་ཞིག་ཡིན། ཁོ་རང༡༩༧༢ལོར་ཀན་ལྷོ་ནས་སྐྱེས་ཤིང་དུས་ད་སྐབས་ཨ་པུའུ་ཀྲ་པེ་རུ་གཏན་སྡོད་བྱས་ཡོད། གནས་ངེས་མེད་དུ་འགྲིམ་པར་དགའ་ཞིང་སྔ་ཕྱིར་རྒྱ་གར་དང་བལ་བོ། འབྲུག་ཡུལ། ཧྥ་རན་སི། ཨ་ལེན་ཆིའུ་སོགས་རྒྱལ་ཁབ་དྲུག་ལྷག་དུ་འཚོ་བ་རོལ་བའི་ཉམས་མྱོང་ཡོད་ཅིང་ཁོའི་བརྩམས་ཆོས་ལ་རིག་གནས་སྣ་མང་མཉམ་འདྲེས་ཀྱི་ཁྱད་ཆོས་མངོན་ཡོད།

        ༢༠༡༥ལོར། ཁོའི་འགྲན་ཞུགས་བརྩམས་ཆོས༼   ཀྲུང་གོ་བའི་མིག་ནང་གི་ཨ་ལེན་ཆིའུ ༽ ཞེས་པ་པར་དུ་བསྐྲུན་པར་མ་ཟད་ཨ་ལེན་ཆིའུ་རྒྱལ་ཁབ་སོ་སོ་ནས་འགྲེམ་སྟོན་བྱས། དེ་མིན། ཁོ་རང་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལའང་སྤྲོ་བ་ཤུགས་ཆེར་ལྡན་ཞིང་སྔོན་ཆད་སོག་པོའི་མི་རིགས་དང་བོད་རིགས་སྤུན་ཟླའི་གཞས་ཚོགས་འཁྲབ་སྟོན་ཁྲོད་བརྙན་ལེན་གྱི་ལས་ཀ་གཉེར་མྱོང་།

   

དཔྱད་མཆན་ཡོད།