"པེ་ཅིང་ཤར་གྲོང"གི་སྒྱུ་རྩལ་བ་རྣམས།

0df3d7ca7bcb0a46ec389d526963f6246b60af46.jpg

         པེ་ཅིང་ཤར་གྲོང་ཞེས་པའི་མིང་འདི་ནི་སྒྱུ་རྩལ་པའི་འདུས་སྡེ་ཨ་རིའི་ཉེའུ་ཡོག་ཤར་གྲོང་ལ་ལྟོས་ནས་བཏགས་པ་རེད། སྐབས་དེར་རྒྱ་ནག་གི་གཞོན་སྐྱེས་སྒྱུ་རྩལ་པ་སྐོར་ཞིག་རྒྱལ་ས་པེ་ཅིང་གི་ཤར་ཁུལ་དུ་འཛོམས་ཏེ་ཁོང་ཚོ་སྡོད་སའི་གྲོང་ཚོ་དེར་པེ་ཅིང་ཤར་གྲོང་ཞེས་བཏགས་ཤིང་། མ་འོངས་པར་རྒྱ་ནག་གི་དེང་རབས་སྒྱུ་རྩལ་གྱི་གནས་མཆོག་ཅིག་ཏུ་འགྱུར་བའི་རེ་སྨོན་བཅངས། སྐབས་དེར་ཁོང་ཚོའི་འཚོ་བའི་གནས་སྟངས་ཉམ་ཆུང་ཡང་བློ་སྤོབས་ཆེན་པོས་སྒྱུ་རྩལ་ལ་བློ་སྦྱོང་དང་ལག་ལེན་ཟམ་མ་ཆད་པར་བྱས་ཏེ་མུན་དོང་ལྟ་བུའི་དངོས་ཡོད་འཚོ་བར་གདོང་ལེན་བྱས། ཕྱིས་སུ་ཉེན་རྟོག་པས་གཞོན་སྐྱེས་སྒྱུ་རྩལ་པའི་དཔུང་སྡེ་འདིར་སྟངས་འཛིན་དང་བསུན་གཙེར་ཡང་ཡང་བྱས་ཏེ་རིམ་གྱིས་པེ་ཅིང་ཤར་གྲོང་ཞེས་པ་མིང་གི་ལྷག་མར་བསྒྱུར། ཡིན་ན་ཡང་། ཁོང་ཚོས་སྤྱོད་པའི་སྒྱུ་རྩལ་གྱིས་མཚོན་པའི་རྒྱ་ནག་གི་དེང་རབས་སྒྱུ་རྩལ་ཀྱི་སྒོ་གླེགས་གསར་དུ་ཕྱེས། སྐབས་དེའི་པེ་ཅིང་ཤར་གྲོང་གི་སྒྱུ་རྩལ་པའི་སྡེ་རུ་ཨེ་ཝེ་ཝེ་དང་། ཙའོ་ཞོ་ཙོའུ་ཀྲོའུ་དང་། ཀྲང་ཧིན་དང་། མ་ལོའུ་མིང་དང་། པར་བ་རོང་རོང་སོགས་འདུས་སོ། ། 



       པར་བ་རོང་རོང་། འདྲ་པར་བརྩམས་ཆོས་འདི་དག་ནི་ཁོང་པེ་ཅིང་ཤར་གྲོང་དུ་སྡོད་སྐབས་སུ་བསྐྱོན་པ་ཡིན་ལ། འདི་ཡང་ཁོང་གི་པར་ལེན་སྒྱུ་རྩལ་གྱི་དུས་རིམ་ཐོག་མའི་བརྩམས་ཆོས་ཡིན། 


















02.jpg












          (པར་དབང་མེད་པར་མི་བཤུ་བར་ཞུ།)

དཔྱད་མཆན་ཡོད།