CDརྒྱབ་ཤོག་མིག་འཁྲུལ་མ།

7a1c433b8cca21142f9ebe3ea3f48f89.jpeg

          སྐུ་ཞབས་Storm Thorgersonནི་དབྱིན་ཇིའི་ཇུས་འགོད་པ་དང་པར་ལེན་པ་ཞིག་ཡིན། 1944ལོར་སྐྱེས་ཤིང་2013ལོའི་ཟླ་4པའི་ཚེས་18ཉིན་ཚེ་ལས་འདས། ནུབ་གླིང་གི་འཁྲུག་གཞས་ལ་དང་དོད་ཡོད་མཁན་ཞིག་དང་ལྷག་པར་དུ་Pink Floydཡི་རོལ་དབྱངས་ལ་མཉན་མྱོང་མཁན་ཞིག་ཡིན་ཚེ་ཁོང་ལ་དོ་སྣང་བྱུང་ཡོད་ཀྱང་སྲིད། ནུབ་གླིང་དུ་གྲགས་ཆེ་བའི་རྟོག་འཕྲུལ་འཁྲུག་གཞས་རོལ་ཚོགས་Pink Floydདང་Led Zeppelinདང་། Museདང་། The Cranberriesསོགས་ཀྱི་འཐུས་ཚབ་གླུ་གཞས་ཆེད་སྒྲིག་དག་གི་CDརྒྱབ་ཤོག་ཁོང་གིས་ཇུས་འགོད་གནང་བ་ཡིན། ཁོང་གི་བརྩམས་ཆོས་དག་ལ་ཀུན་རྟོག་གི་འགྱུ་བ་རྒོད་ཅིང་སྒྱུ་རྩལ་གྱི་ཚོར་བ་ཟབ་པས་ཀུན་གྱིས་དགའ་མོས་ཆེན་པོ་བྱེད་ཀྱིན་ཡོད། ད་ནི་CDསྤྱོད་པའི་དུས་རབས་ལས་བརྒལ་ཡོད་ཀྱང་། ཁོང་གི་ཆོབ་ཚ་བའི་བརྩམས་ཆོས་དག་ནི་སྔ་མོ་ནས་འཛམ་གླིང་འཁྲུག་གཞས་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཡོད་དོ། ། 






























































          

                  (པར་དབང་མེད་པར་བཤུ་མི་རུང་།)

དཔྱད་མཆན་ཡོད།