བོད་བརྒྱུད་ནང་བསྟན།

        Abbas  སྤྱི་ལོ་1944ལོར་དབྱི་རན་དུ་སྐྱེས་ཤིང་ཕྱིས་སུ་ཧྥ་རན་སིའི་རྒྱལ་ས་ཕེ་རིས་སུ་གནས་སྤོས། 1981ལོར་ཁོང་མཱ་གྷི་ནམ་པར་ལེན་འཕྲིན་གཏོང་ཁང་(Magnum Photos)དུ་ཞུགས། 1995ལོར་དངོས་སུ་མཱ་གྷི་ནམ་གྱི་པར་ལེན་པ་ཞིག་ཏུ་གྱུར། ཁོང་གིས་དང་ཐོག་ནི་ཇི་རི་ཡ་དང་ཝེད་ནམ། རིགས་རྒྱུད་ཟུར་ཕུད་ལམ་ལུགས་འོག་ཡོད་པའི་ལྷོ་ཨ་ཧྥེ་རི་ཁ། དེ་བཞིན་དབྱི་རན་གྱི་གསར་བརྗེ་ཆེན་མོ་སོགས་འགལ་རྐྱེན་མང་བའི་ས་ཁུལ་གྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་གནས་སྟངས་སོགས་པར་ལེན་བརྒྱུད་ནས་ཟིན་ཐོར་བཀོད། ཕྱིས་སུ་ཁོང་གིས་ཨི་ཟི་ལམ་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས། ཆོས་ལུགས་མི་གཅིག་པའི་དད་འབངས་བར་གྱི་འགལ་ཟླ་བརྗོད་གཞི་བྱས་པའི་འདྲ་པར་བརྩམས་ཆོས་ཕོན་ཆེན་པོ་བླངས།  ཉེ་ཆར་Abbas ཡིས་ཆོས་ལུགས་ཀྱིས་ཆབ་སྲིད་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ཚབ་བྱས་ཏེ། ཆོས་ལུགས་ཉིད་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་བར་གྱི་འགལ་བའི་སྦི་སྡི་རུ་གྱུར་དང་འགྱུར་བཞིན་པའི་རྒྱུ་རྐྱེན་ལ་ཉམས་ཞིབ་གནང་བཞིན་ཡོད་པ་རེད། 











































(ཆོག་མཆན་མེད་པར་གང་བྱུང་དགོལ་མི་རུང་།)

དཔྱད་མཆན་ཡོད།