ཁྱུང་རུ་རྟགས་མའི་གློག་བརྙན་འཁྲབ་སྐབས་གཉིས་པའི་བདམས་ཐོན་བརྩམས་ཆོས།

       ཁྱུང་རུ་རྟགས་མའི་འཁྲབ་གཞུང་གསར་རྩོམ་འགྲན་བསྡུར་སྐབས་གཉིས་པའི་ཐོག་མའི་བརྩམས་ཆོས་དཔྱད་འདེམས་ཀྱི་ལས་རིམ་ཡོངས་སུ་མཇུག་དྲིལ།

       རེབ་འདིར་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་གསར་བརྩམས་གློག་བརྙན་འཁྲབ་གཞུང་༤༢འདི་གའི་གཙོ་སྒྲུབ་ཁང་ལ་བསྐུར་འབྱོར་བྱུང་ཞིང་།  ཐོག་མའི་དཔྱད་འདེམས་པ་བཅུ་ཡིས་འཁྲབ་གཞུང་དེ་དག་གི་བརྗོད་གཞི་དང་གཏམ་རྒྱུད།རྩོམ་ལུས་སོགས་ཕྱོགས་གང་ཅིའི་ཐད་བློ་གཟུ་བོས་དཔྱད་བསྡུར་ཡང་ཡང་བྱས་པ་བརྒྱུད་འཁྲབ་གཞུང་༩ཁྱུང་རུ་རྟགས་མའི་གློག་བརྙན་འཁྲབ་གཞུང་འགྲན་སྡུར་སྐབས་གཉིས་པའི་བདམས་ཐོར་ཚུད་པ་གཏན་འཁེལ་བ་རེད། 

      ད་རེས་བདམས་ཐོར་ཚུད་པའི་འཁྲབ་གཞུང་དག་ལ་སྤྱི་ཟླ༩བའི་ཚེས་༢༣ཉིན། གཏང་རག་གཟིགས་འབུལ་མཛད་སྒོ་བསྡུས་ཏེ་དཔྱད་འདེམས་ཚོགས་ཆེན་གྱི་བདམས་ཐོན་ལྟར། ཁྲ་བོ་གཟིའི་ཁྱུང་རུ་རྟགས་མ་དང་།  དྲུག་དཀར་གཡུའི་ཁྱུང་རུ་རྟགས་མ།  མཐོན་མཐིང་བཻཌཱུརྱའི་ཁྱུང་རུ་རྟགས་མ་བཅས་ཐོབ་མཁན་གྱི་འཁྲབ་གཞུང་དངོས་སུ་ཁྲོམ་བསྒྲགས་བྱ་རྒྱུ་ཡིན་པར་མ་ཟད། ལས་རིགས་འདིའི་ཐད་ཀྱི་ཆེད་མཁས་པ་དང་འཁྲབ་ཁྲིད་པ་གྲགས་ཅན་གསར་འགོད་སྡེ་ཁག་སོགས་གདན་ཐོག་གཅིག་ཏུ་འཛོམས་ཏེ།  གཞོན་རབས་གློག་བརྙན་གྱི་ནར་སོན་ལོ་རྒྱུས་འདི་ལ་དཔང་པོ་བྱེད་རྒྱུ་ཡིན་པས་མོས་པ་ཅན་དག་གིས་མུ་མཐུད་དུ་འཁྲབ་གཞུང་གསར་རྩོམ་འགྲན་སྡུར་གྱི་ཛ་དྲག་ཆེ་བའི་འགྲན་རྩོད་དང་མཐའ་འབྲས་ལ་དོ་སྣང་ཡོད་པ་ཞུ།

640-1.jpeg

1535859852126866.jpeg

བརྩམས་ཆོས་དག་གི་སྒྲོག་པར་སྐྱ་ཐིག (概念海报)


1535859851533680.jpeg

དཔྱད་མཆན་ཡོད།