༄༅།།བང་ཡོན་ཀྲང་གི་དབུལ་སྐྱོར་ལམ་བུ།

༄༅།།བང་ཡོན་ཀྲང་གི་དབུལ་སྐྱོར་ལམ་བུ།

                王院长的扶贫之路                   

 

ཀླུ་ཚང་ཚེ་རིང་སྟོབས་ལྡན།


གཙོ་གནད།    འདིར་བང་ཡོན་ཀྲང་གིས་གཡང་ལུང་སྡེ་བའི་ཨ་མ་ཚེ་རིལ་ཚང་ལ་དབུལ་ཐར་རོགས་སྐྱོར་བྱས་པའི་གནས་ཚུལ་ལས། བསམ་བློའི་སློབ་གསོ་དང་དོན་དངོས་བར་བྱུང་བའི་སྣང་ཚུལ་རེ་འགའ་བརྗོད་དོན་དུ་བཟུང་བ་དང་།       འཁྲབ་གཞུང་འདིའི་མགོ་མཇུག་བར་གསུམ་དུ་དངོས་ཡོད་འཚོ་བ་དང་སྦྱར་ཏེ་བྱུང་རིམ་དག་ལུ་གུ་རྒྱུད་དུ་བསྟར་ཡོད།

མི་སྣ་གཙོ་བོ།   བང་ཡོན་ཀྲང་།   ཨ་མ་ཚེ་རིལ།   བུ་ཕྱུག་ཁོ།

མི་སྣ་ཕལ་བ།   ཁ་ལོ་བ་དབང་རྒྱལ།    སྡེ་དཔོན་ཁྲོ་སྐྱབས།

 

          主要内容:此剧本是我国脱贫攻坚战的一线医务工作者所经历的事实而创造。由广大扶贫对象的思想上存在一知片解,导致无法开展扶贫项目的主要内容为情节,时常遇到琐碎的事件而出现各种问题等,故剧本的故事串联着思考和感想为目地而改编。

          གསལ་བཤད།   འདི་ནི་རང་ཉིད་ཀྱི་གྲོགས་པོ་ཞིག་དངོས་སུ་བརྒྱུད་མྱོང་བའི་གནས་ཚུལ་དངོས་མ་དེ་ཇི་བཞིན་དུ་འཁྲབ་གཞུང་དུ་བཅོས་པ་ཡིན་པས་ཁེ་དབང་ལ་ཆོག་མཆན་ཐོབ་ཡོད།

          注:此剧本是一位朋友在脱贫攻坚战的事实故事而创造,并主人公的允许情况下编剧。            

 

བརྙན་ཡོལ་འབྱེད་པ།  

         སྒེའུ་ཁུང་གི་ཕྱི་རོལ་དུ་ལྷགས་རླུང་ཤུགས་ཀྱིས་ལྡང་བས་སྲང་ལམ་དུ་མི་ཧ་ཅང་ཉུང་། སྨན་ཁང་གི་བར་ཁྱམས་སུ་གཙང་སྦྲ་མཁན་ཨ་ནེ་རྒན་མོས་བྱི་དོར་བྱེད་བཞིན་འདུག 

དང་པོ།  སྔ་དྲོ།  རྫོང་སྨན་ཁང་གི་ཚོགས་འདུ་ཁང་། 

         རེས་གཟའ་ཟླ་བའི་སྔ་དྲོའི་ལས་ཚོགས་འཚོགས་པ་ན། བང་ཡོན་ཀྲང་གིས་སྨན་ལྭ་དཀར་པོ་དཀར་སེང་ངེ་ཞིག་གྱོན་ཏེ། ལག་ཏུ་ཡིག་ཆ་མཐུག་པོ་ཞིག་བསྣམས་ནས་ཁ་པར་རྒྱག་ཞོར་སྨན་ཁང་གི་ཉིས་ཐོག་ཚོགས་འདུ་ཁང་གི་ཕྱོགས་སུ་སོང་། ཚོགས་འདུ་ཁང་གི་གྱང་ངོས་སུ་རྒྱ་ཡིག་གི་ཡིག་འབྲུ་(不忘初心,牢记使命)ཆེན་པོ་ཞིག་དང་། རྒྱལ་ཁབ་ཀྱི་དབུ་ཁྲིད་དག་གི་སྐུ་པར་གསལ་གྱི་ལེར་མངོན་པ་ཞིག་མཐོང་རྒྱུ་ཡོད།  བང་ཡོན་ཀྲང་གིས་མཚོ་སྔོན་སྐད་ཀྱིས(今天我们开会的主要内容是关于我县医务干部职工对脱贫攻坚的实施方案) ཟེར་བཞིན་ཁོའི་ཁ་གཏད་ཀྱི་ཚན་ཁག་སོ་སོའི་འགོ་ཁྲིད་དག་ལ་གཟབ་ནན་གྱིས་གསལ་བཤད་བྱེད་ཀྱིན་ཡོད། མ་ཟད་སྨན་པ་རེ་རེའི་ངེས་པར་དུ་རྫོང་སྨན་ཁང་གི་ཁ་གཏད་རོགས་སྐྱོར་སྡེ་བའི་མ་མཐའི་འཚོ་བའི་འགན་སྲུང་ཀྱི་ཁྱིམ་ཚང་གཅིག་རེ་ལ་ལོ་གཅིག་གི་དབུལ་སྒྲོལ་གྱི་བྱ་བར་འགན་ཁུར་དགོས་པ། ཚན་ཁང་སོ་སོའི་ཏང་ཡོན་དང་ཀྲུའུ་རིན་རིམ་པ་ཡན་གྱིས་ཁྱིམ་ཚང་གཅིག་རེ་དང་། དེ་མིན་སྨན་པ་གཞན་གསུམ་རེ་ནས་ཁྱིམ་ཚང་གཅིག་རེར་དབུལ་ཐར་བྱ་བར་རོགས་སྐྱོར་བྱ་དགོས་ཞེས་ནན་བཤད་ཀྱིས་ཚོགས་འདུ་གྲོལ། 

 གཉིས་པ།  སྔ་དྲོ།  ཚན་ཁག་གཞུང་ལས་ཁང་། 

         ཞོགས་པའི་ཉི་ཟེར་གཞུང་ལས་ཁང་གི་གྱང་ངོས་སུ་འཕྲོས་ཤིང་། བང་ཡོན་ཀྲང་གིས་ཁ་སང་གི་ཞག་སྡོད་ནད་པའི་ནད་ཐོར་ཞིབ་ལྟ་ཙམ་བྱས་རྗེས། རང་སྨན་ཁང་གི་ཁ་གཏད་རོགས་སྐྱོར་སྡེ་བའི་མ་མཐའི་འཚོ་བའི་ཡིག་ཚགས་དག་གོང་བསྒྲིགས། ཐོག་མར་རང་ཉིད་ཀྱིས་མིག་དཔེ་གཞན་སྟོན་གྱི་ཚུལ་དུ་གཡང་ལུང་སྡེ་བའི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་སྟེ། ཨ་མ་ཚེ་རིལ་ཚང་ལ་རོགས་སྐྱོར་བྱ་རྒྱུའི་ངོས་བཏགས་བགྱིས། ཞོར་དུ་ཚན་ཁག་གཞན་དག་ལ་སྐུལ་སློང་གིས་མྱུར་དུ་ངོས་བཏགས་བྱེད་དགོས་པའི་བརྡ་ཐོ་སྐད་འཕྲིན་ཚོགས་པར་བསྐུར། 

གསུམ་པ།  ཕྱི་དྲོ།  ཨ་མ་ཚེ་རིལ་ཚང་ལ་འགྲོ་བའི་ལམ་ཁ། 

         བང་ཡོན་ཀྲང་དང་ཁ་ལོ་བ་འབྲུག་རྒྱལ་གཉིས་ཀྱིས་གཞུང་ཞབས་རླངས་འཁོར་བསྐོར་ཏེ་སྤྱི་ལེ་བདུན་ཅུའི་མཚམས་ཀྱི་གཡུང་ལུང་སྡེ་བར་བཅར། ལམ་ཕྱེད་ས་ལམ་དང་སྐབས་སྐབས་སུ་ཉག་ག་བརྒྱུད་མཐར་གཞི་ནས་གཡང་ལུང་སྡེ་བའི་སྡེ་དཔོན་ཁྲོ་སྐྱབས་ཀྱིས་སྔ་མོ་ནས་སྒུག་ཡོད་པའི་སྡེ་བའི་ལམ་མདོར་འབྱོར་པ་ན་སྡེ་དཔོན་གྱིས་དགའ་བསུའི་ཚུལ་དུ་ཁོང་གཉིས་ཁ་བཏགས་སྒྲོན། དེ་ནས་སྡེ་དཔོན་ཡང་ཁོང་གཉིས་ཀྱི་རླངས་འཁོར་དུ་བསྡད།

ང་ཡོན་ཀྲང་གིས་འབྲོག་སྐད་ཀྱིས་བཤད་རྒྱུར།  ཨ་རོག་སྡེ་དཔོན་ཁྲོ་སྐྱབས། ད་ལྟ་གཡང་ལུང་སྡེ་བར(低保)དུ་ཡོད། 

སྡེ་དཔོན་ཁྲོ་སྐྱབས་ཀྱིས།    (县级低保)དྲུག་དང་། (乡级低保)བཅུ་གསུམ་ཡོད། 

བང་ཡོན་ཀྲང་གིས།   འོ་ན་ཚེ་རིལ་ཚང་ལ་ཁྱིམ་མི་དུ་ཡོད། ལོ་རེའི་ཡོང་འབབ་ག་ཚོད་ཡིན་ནམ། 

སྡེ་དཔོན་ཁྲོ་སྐྱབས་ཀྱིས།  མོ་རང་ཉིད་དང་བུ་ཕྱུག་ཁོ་གཉིས་ལས་མེད།  ཡོང་འབབ་གཙོ་བོ་ནགས་སྲུང་གི་གླ་ཕོགས་དང་། རྨོ་བསྐྱུར་རྩྭ་འདེབས་ཀྱི་ཁ་གསབ་ཙམ་ཡིན།  དེ་མིན་ནོར་ལུག་མེད།

         དེ་ལྟར་རླངས་འཁོར་དུ་ཙག་སྒྲས་ཁྱབ་པའི་ཀྲུང་དབྱང་རླུང་འཕྲིན་གྱི་གསར་འགྱུར་གསལ་ལ་མི་གསལ་བ་ཞིག་གྲགས་ཀྱིན་གྲོག་མོ་ཆུང་ངུ་ཞིག་བརྒལ་བ་ན་མགྱོགས་མྱུར་གྱིས་ཨ་མ་ཚེ་རིལ་ཚང་དུ་འབྱོར།  

བཞི་བ།  ཕྱི་དྲོ།  ཨ་མ་ཚེ་རིལ་ཚང་།

         རླུང་འཚུབ་ཐན་ཐུན་ཞིག་སྒོའི་མདུན་ཕྱོགས་སུ་འཁྱུག་ཙམ་གཡུགས་ཤིང་། ཨ་མ་ཚེ་རིལ་གྱིས་རིལ་མ་སྒྱེ་མོ་གང་ཁུར་ཡོང་བ་དང་འཕྲད་པས་མོ་རང་ཧ་ལས་པའི་ཚུལ་གྱིས་རིལ་མ་སྒྱེ་མོ་དེ་མྱུར་དུ་སར་བཞག  སྡེ་དཔོན་ཁྲོ་སྐྱབས་ལ་འདི་དག་ཅི་རེད་ཟེར། ཡང་ཕྱུག་ཁོ་ཟེར་བཞིན་ཁ་རོག་གེར་ལངས་ནས་བསྡད། དེ་ལྟར་སྡེ་དཔོན་གྱིས་གསལ་བཤད་བྱེད་ཞོར་ཡོན་ཀྲང་ལ་ནང་དུ་ཕེབས་ཞེས་བཤད་པ་ན་ཚང་མ་གཅིག་འཕྲོར་གཅིག་གིས་ཁྱིམ་དུ་འཛུལ། བང་ཡོན་ཀྲང་ཁྱིམ་གྱི་ཡར་སྒྱེད་གཡས་ཕྱོགས་སུ་ལངས་བསྡད་དེ་ཡར་ལྟ་མར་ལྟ་བྱེད་བཞིན་དུ་ཁ་པར་དུ་པར་འགའ་བླངས། 

བང་ཡོན་ཀྲང་གིས།    ཁྱོད་ཨ་མ་ཚེ་རིལ་ཡིན་ནམ།  ང་རྫོང་སྨན་ཁང་གི་ཡོན་ཀྲང་ཡིན། ད་ལོ་རྫོང་སྲིད་གཞུང་གིས་ང་ཚོ་ལས་བྱེད་པ་རེར་ཁྱིམ་ཚང་དཀའ་ཁག་ཅན་དག་ལ་རོགས་སྐྱོར་བྱ་དགོས་པའི་དགོངས་དོན་ལྟར་དུ། ང་རང་ཁྱོད་ཚང་ལ་དམིགས་བསལ་རོགས་སྐྱོར་བྱེད་མི་ཡིན་པས། ད་ཐེངས་ཆེད་དུ་ཁྱོད་མ་བུ་གཉི་གར་རྒྱས་ལོན་བྱེད་དུ་ཡོང་བ་ཡིན། རྗེས་ཕྱོགས་སུ་ཕྱོགས་གང་ཐད་དུ་དཀའ་ཁག་འདྲ་ཡོད་ན་ང་ལ་ཤོད་ཟེར་བཞིན་ཁྱིམ་ནས་ཡར་འགྲོ་མར་འགྲོ་བྱས། 

ཨ་མ་ཚེ་རིལ་གྱིས།     ཨ།  གནམ་གྱི་སྲུངས་རྒྱུ་བོ། ད་འུ་ཚང་གི་གནས་ཚུལ་ཁྲོ་སྐྱབས་ཀྱིས་ཁྱེད་ལ་ཞུས་ཡོད་ནི་རེད་ཟེར་ཞོར་མིག་མཐའི་མཆི་མ་ལག་ཕྱིས་སྔོ་སྐྱ་མདོག་ཡལ་བར་གྱུར་པ་དེས་འབྱིད་བཞིན་དུ་མེ་ཁ་གསོ་བར་རྩོམ། 

བང་ཡོན་ཀྲང་གིས།   ཁྱོད་ཀྱི་བུ་གང་དུ་བུད་སོང་།   ལས་ཀ་ཅི་ཞིག་ལས་བཞིན་ཡོད་ཅེས་དྲིས།  (ཞོར་དུ་ཟིན་བྲིས་སུ་འདེབས་བཞིན་འདུག)

ཨ་མ་ཚེ་རིལ་གྱིས།    ཞི་ལི་རླངས་འཁོར་གྱི་ལག་རྟགས་སློབ་དུ་བུད་སོང་། ད་ཕལ་ཆེར་ཟླ་གསུམ་ལྷག་འགོར་གྱིན་ཡོད།  ཟླ་སྔོན་མར་གོ་རེ་ཞིག་དང་ཟ་ལྡ་སོགས་བསྐུར་བ་ཡིན་ཟེར་བཞིན་དུ་དཀར་ཡོལ་སྐེ་རགས་ཀྱིས་ཕྱིས། 

བང་ཡོན་ཀྲང་གིས།   ཡ་ཡ།  ད་དེ་རིང་གནས་ཚུལ་ལ་རྒྱུས་ལོན་ཙམ་བྱེད་དུ་ཡོང་བ་ཡིན། ས་ཡང་རུབ་ལ་ཉེ།  ཉིན་འགའི་རྗེས་སུ་ང་ཡང་བསྐྱར་ཡོང་། དེ་དུས་རོགས་སྐྱོར་ཀྱི་དངོས་པོ་སོགས་ཁྱེར་ར་ཡོང་།  ད་དུང་དོན་དག་ཅི་ཡོད་ན་ང་ལ་ཁ་པར་ཐོངས་ཞེས་ཤོག་ལྷེ་ཆུང་ངུ་ཞིག་གི་ཐོག་ཏུ་ཁ་པར་ཨང་གྲངས་བྲིས་ཏེ་ཨ་མ་ཚེ་རིལ་ལ་བྱིན། 

ཨ་མ་ཚེ་རིལ་གྱིས།   ཤོག་ལྷེ་ལ་ཞིབ་ལྟ་ཙམ་བྱས་རྗེས།  ཨ་ཁུ་སྨན་པ་ཁྱོད་ལ་སྐད་འཕྲིན་མེད་དམ།  དེང་སང་སྐད་འཕྲིན་སྟབས་བདེ་ཡིན་འདུག་ཅེས་ལམ་སང་སྐད་འཕྲིན་ནང་འཇུག་བྱས། 

        དེ་ལྟར་ས་ཡང་རུབ་འདུག་ལ། ཕྱི་རོལ་ན་ཁ་བའི་འདབ་མ་རེ་རེ་ས་རུ་བབས་ཤིང་། ཁ་ལོ་བས་སྡེ་དཔོན་ལ་འདི་ནས་ཕྱིར་རྫོང་ལ་འགྲོ་སའི་ལམ་ཁ་ཡག་ཤོས་འདྲ་ཡོད་མེད་ཀྱི་སྐད་ཆ་འགའ་དྲིས་མཐར། སྔར་བཞིན་དུ་ཐོག་མའི་ལམ་དེར་མི་ཞུགས་ཐབས་མེད་དུ་གྱུར་པས། དུང་བརྡ་ཞིག་གིས་བདེ་མོ་བཞག་སྟེ་ཕྱིར་འཁོར། ཨ་མ་ཚེ་རིལ་དང་སྡེ་དཔོན་གཉིས་ཀྱིས་བོད་ལྭའི་ཕུ་རུང་གཉིས་ཀ་གྱོན་ཏེ་ལག་ཟུང་གཡུགས་བཞིན་སྐྱེལ་མ་མཛད། 

ལྔ་བ།  སྔ་དྲོ།  ཁྲོམ་གཞུང་། 

        བདུན་འཁོར་གཅིག་གི་རྗེས་ཀྱི་གཟའ་སྤེན་པར། ཁྲོམ་གཞུང་དུ་མི་ཚོགས་ཧ་ཅང་མང་ལ། དགུན་གྱི་ཉི་ཟེར་གཉོམ་པོ་ཁྲོམ་རའི་སྒོ་ཆེན་དུ་འཕྲོས་པས། ལོ་ལོན་རྒན་པ་ཚོ་སྒོ་ཆེན་གྱི་འཕྲོས་སུ་འཚོགས་ཤིང་མིག་མངས་རྩེད་བཞིན་འདུག ཚོང་བ་དག་གིས་སྐད་ཅོར་ཆེན་པོས་རྩ་མོ་ཡིན། ཚོང་ཉོ། ཚོང་ཉོ་ཞེས་འུར་ཟིང་གིས་ཁྱབ།  བང་ཡོན་ཀྲང་གིས་རྫོང་ཁྲོམ་རའི་ཁ་གཏད་ཀྱི་འབྲུ་རིགས་སྡེབ་འཚོང་ཁང་དུ་སྔ་མོ་ནས་ཉོ་ཚོང་གི་ཅ་ལག་དག་ཟིན་བྲིས་སུ་ཕབ་ཡོད་པའི་ཟིན་ཐོ་ལ་ལྟ་བཞིན་དུ།  ཕྱེ་ཁུག་མ་བཞི།  ཟ་སྣུམ་རྒྱ་མ་བརྒྱ།  ནས་རྒྱ་མ་ཉིས་བརྒྱ་སོགས་ཕུ་ཁ་རླངས་འཁོར(皮卡)ཞིག་གི་ནང་དུ་བརྩིགས། 

དྲུག་པ།  ཕྱི་དྲོ།  ཨ་མ་ཚེ་རིལ་ཚང་། 

         ཡང་བསྐྱར་ས་ལམ་དང་ཉག་ག་བརྒྱུད་ཀྱིན་ཨ་མ་ཚེ་རིལ་ཚང་ལ་འབྱོར་བ་ན། ཕྱུག་ཁོས་མགོའི་སྐྲ་གཟེངས་ཤིང་། ཐ་མག་འཐེན་ཞོར་དུ།  ཡ།  གྲོགས་པོ་གྲོགས་གཅེས་ཚོ་ཟེར་བཞིན་གདོངས་ལ་མཛུམ་དང་བཅས་ཏེ། སྒོ་ཁའི་ཉི་མར་ལྡེ་ཞོར་ཏུ་མགྱོགས་འཕྲིན་དུ་ཐད་གཏོང་བྱེད་བཞིན་ཡོད། ཨ་མ་ཚེ་རིལ་ཀྱིས་སློག་པ་རྙིང་པ་ཞིག་གྱོན་ཏེ་བུ་ཕྱུག་ཁོ་དང་ཅུང་ཐག་མི་རིང་བའི་སར་ཙོག་པར་བསྡད་དེ་མ་ཎི་འཁོར་ཆུང་ཡུན་གྱིས་བསྐོར་བཞིན་ཁ་ནས་གསལ་མི་གསལ་བའི་སྒྲོལ་མ་འདོན་གྱིན་འདུག  སྐབས་དེར་བང་ཡོན་ཀྲང་གིས་རླངས་འཁོར་སྒོ་ཁར་འབྱོར་ཡང་བུ་ཕྱུག་ཁོའི་ཁ་ཡ་མི་བྱེད་པར་སྔར་བཞིན་ཐད་གཏོང་བྱེད་བཞིན་འདུག    

ཨ་མ་ཚེ་རིལ་གྱིས།     ཨ་རོ།  ཞི་ལི།  སྨན་པ་ཐོན་ཐལ་ཟེར་ཞོར་ཐུ་བ་སྤྲུགས་བཞིན་ཡར་ལངས་ཏེ་མདུན་ཕྱོགས་སུ་ག་ལེར་བཅར། 

བང་ཡོན་ཀྲང་གིས།   ཨ་མ་ཚེ་རིལ་ལ་མི་གན་སུ་རེད་ཟེར་ཞོར་རླངས་འཁོར་ལས་རོགས་སྐྱོར་དངོས་པོ་དག་སར་བླངས།

ཨ་མ་ཚེ་རིལ་གྱིས།     སྐད་གསེང་མཐོན་པོས་ཨ་རོ་ཕྱུག་ཁོ།   དངོས་པོ་ལེན་རོགས་ལ་ཤོག་ཡ། 

          དེ་ལྟར་ཁོ་ཚོས་ཕར་ལོག་ཚུར་ལོག་ངང་དངོས་པོ་དག་ཁྱིམ་དུ་བསྐྱལ་ཞིང་བང་ཡོན་ཀྲང་གིས་ཤེལ་སྒོའི་འོད་ཟེར་གྱི་ནང་དུ་ལངས་བསྡད་དེ། འདི་དག་རང་གིས་བསྐྱལ་བའི་རོགས་སྐྱོར་ཡིན་པ་དང་། ད་དུང་བུ་ཕྱུག་ཁོ་ལ་ཤ་དར་ཁྲག་དར་གྱི་གསར་བུ་ཞིག་གིས་ཁྱིམ་ཚང་གི་དོན་དུ་འབད་པ་མི་བྱེད་པར་ཉི་མ་གཏོང་ཐབས་བྱས་ན་མི་འགྲིག་ཚུལ་དང་། ངེས་པར་དུ་ཨ་མར་གཉོར་སྐྱོང་ཡག་པོ་བྱ་དགོས་ཚུལ་ནས་ཉེ་ལམ་ཅི་ཞིག་བྱེད་བཞིན་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་འདྲི་བྱས།

          བུ་ཕྱུག་ཁོ།  གཡང་ལུགས་སུ་ལངས་ཤིང་།  ལག་གཡས་པར་ཐད་གཏོང་སྒྲིག་ཆས་བཟུང་པ་དང་། ལག་གཡོན་པས་ཐ་མག་འཐེན་ཞོར་དུ་ང་རྒྱལ་དང་བཅས།  ང་ཁ་སང་ཁུལ་ཐོག་ནས་ཕྱིར་ཡོང་བ་ཡིན། རླངས་འཁོར་ལག་རྟགས་ཀྱི་རྒྱུགས་དང་པོ་སྦྱངས་དུ་སོང་བ་ཡིན། ད་རུང་མ་འཕྲོད་ཐལ་ཞེས་བཤད།

བང་ཡོན་ཀྲང་གིས།   ཕྱུག་ཁོ་ལ་གཟབ་ནན་གྱིས་རླངས་འཁོར་ལག་རྟགས་ཡོད་ན་ཧ་ཅང་བཟང་།  མིག་སྔར་འུ་ཚང་གི་གནད་དོན་ནི་དེ་མ་ཡིན་པར་དབུལ་ཐར་གྱི་འོས་འགན་ཡིན། འོ་ན་ཐོག་མར་ཁྱོད་སྐྱེས་ཕོ་རབས་ཞིག་ཡིན་པས་ཆ་ནས་ཁྱིམ་ཚང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དགོས་པས། ཉི་མ་འཁྱོལ་ཐབས་ཙམ་གྱིས་ཅི་ཞིག་བྱ། ད་དུང་ཁྱོད་ཀྱི་ཨ་མ་ཡང་ལོ་ན་རྒན་པས། བཟའ་ཚང་ཞིག་བཙལ་ཏེ་ཁྱིམ་ཚང་གི་དོན་ལ་ཤུགས་རྒྱོབས།

བུ་ཕྱུག་ཁོས།   ཡ་ཡ་ཟེར་ཞོར་དུ།  སྨན་པ།  ངས་མགྱོགས་འཕྲིན་ཐད་གཏོང་དུ་གླུ་ལེན་པ་དང་།  སྐབས་རེར་གཏམ་བཤད་པ་སོགས་བྱས་ན་བཟང་རབས་དང་། ཡོང་སྒོ་ཡང་དགོང་མ་རེར་སྒོར་སུམ་ཅུ་ནས་བཞི་ཅུ་ཙམ་ཡོད། ཨ་མ་དང་ངེད་གཉིས་ཀྱི་ཁ་པར་བཤད་གླ་དང་རང་གི་ཐ་མག་ཉོ་བར་འདང་རྒྱག་མི་འདུག་ཟེར། 

བང་ཡོན་ཀྲང་གིས།  མགོ་བོ་ཐད་དུ་གཡུགས་བཞིན། དེ་ནི་ཚན་རྩལ་དང་བསྟུན་པའི་དཔལ་འབྱོར་སྒྲུབ་ཐབས་ཞིག་ཡིན་པས། ད་རུང་ཁྱོད་དེའི་ཚད་དུ་སླེབས་མེད། ངེས་པར་ཞོར་ལས་ལ་འགྲོ་དགོས། ཡང་མིན་ན་ངེད་སྨན་ཁང་ལ་སྒོ་སྲུང་ཞིག་དགོས་པས་དེར་ཤོག་ཟེར།

བུ་ཕྱུག་ཁོས།    ཐ་མག་འཐེན་ཞོར་དུ། བཀའ་འགྱུར། ཕ་རྒོད་པོ་ཤ་གཟན་ཞིག་ལ།  བུ་ཁྭ་ཏ་སྐྱག་གཟན་ཞིག་བཅའ་ནི་མ་རེད་ཟེར་བཞིན་གོ་ཁའི་འགྲམ་དུ་དཀྱིལ་དྲུང་དུ་བསྡད།

         དེ་ལྟར་ས་ཡང་རུབ་ལ་ཉེ་བས། ཕྱི་རོལ་དུ་གྲང་ངར་ཤིན་ཏུ་ཆེ། བང་ཡོན་ཀྲང་གིས་ཨ་མ་ཚེ་རིལ་ལ་ང་ཡང་འགྲོ་དགོས། ལོ་མ་སར་གོང་ལ་ཡང་བསྐྱར་ཡོང་།  དོན་དག་ཅི་ཞིག་ཡོད་ན་ཁ་པར་ཐོངས།  ཞི་ལིར་སློབ་གསོ་ཡག་པོ་རྒྱོབས་ཟེར་བཞིན་དུ།ལྭ་རིང་མཐུག་པོའི་སྒྲོག་གུ་རྒྱག་ཞོར་དུ་ཞྭ་མོ་རྣ་རུ་ཅན་ཏེ་གོན། རིམ་གྱིས་སྒོ་ཕྱིར་བུད་པ་ན་ཁྱི་རྒན་སྒོ་ཁར་ཉལ་བ་དང་འཕྲད་པས་ཧད་དེ་སོང་།  རླངས་འཁོར་བསྐོར་ཏེ་ཕྱིར་རྫོང་ལ་འགྲོ་བའི་ལམ་དུ་ཆས། 

བདུན་པ།  ཟླ་བ་འགའི་རྗེས་སུ།  མཚན་མོ།  

ཨ་མ་ཚེ་རིལ་གྱིས།  རང་ཁྱིམ་དུ་ཉལ་བསྡད་དེ་བང་ཡོན་ཀྲང་ལ་སྐད་འཕྲིན་གྱི་ལམ་ནས། 

                             སྨན་པ་མཚན་མོ་བདེ་ལེགས། 

                             ད་ཅི་ཞིག་བྱེད་བཞིན་ཡོད། 

                             གང་དུ་ཡོད། 

                            ད་ཁྱོད་ནམ་ཡོང་རྒྱུ་ཡིན། 

                            སང་ཉིན་ང་ལ་བཤད་གླ་ཞིག་འཇོག་རོགས། 

          དེ་མིན་ད་ལོ་འུ་ཚང་གི་ཕྱུག་ཁོ་ལ་མནའ་མ་ཞིག་ལེན་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་ཚུལ་དང་ལོ་སར་སྐབས་སུ་སྟོན་མོ་བྱ་དགོས་ཚུལ་གྱི་དོན་དག་མང་པོ་ཞིག་གི་གནས་ཚུལ་སྐད་འཕྲིན་དུ་སྐར་ཆ་ལྔ་བཅུ་ཅན་མང་པོ་བཏང་། 

བརྒྱད་པ།  ཕྱི་ཉིན་ཞོགས་པ།  བང་ཡོན་ཀྲང་ཚང་།

             ཏག་ཏག་སྐབས་འདིར་སྨན་ཁང་གི་ལོ་མཇུག་སྤྱི་སྡོམ་བྱ་བར་བྲེལ་བ་ཆེ་བའི་ལས་སྣོན་བྱས་པས་མཚན་མོ་ཁྱིམ་དུ་ལོག་པ་ཤིན་ཏུ་འཕྱི། ཞོགས་པར་ཡར་ལངས་ཁར་སྐད་འཕྲིན་གྱི་སྐད་རེ་རེར་ཉན་བཞིན་མལ་ལས་ལངས། ནངས་ཇ་འཐུར་ཞོར་དུ།  བསམ་གཞིགས་ནན་ཏུར་དུ་གཏོང་བཞིན་པ་ལ་བུ་ཆུང་གིས་རྒྱ་སྐད་ཀྱིས། (爸爸您怎么了?今天连一句话都不说) ཨ་ཕས་འཛུམ་མདངས་སྟོན་བཞིན་བུ་ཆུང་གི་མགོ་ལ་བྱིལ་བྱིལ་བྱེད་ཞོར་དུ།  (孩子,没事。先吃饱,去学校好好学习哦!) སྐབས་དེར་བང་ཡོན་ཀྲང་གིས་རང་གི་ཆུང་མར་རྒྱ་སྐད་ཀྱིས(习总书记在脱贫攻坚时强调:“扶贫先扶志,扶贫必扶智”的重要性今天我终于知道了) ཟེར་བཞིན་དུ་དགུན་ལྭ་མཐུག་པོ་དེ་གྱོན་ཞིང་ཀོ་ཁུག་གྲུ་བཞི་མ་ཁུར་ཏེ་ལས་ཚོགས་སུ་ཆས། 

དགུ་བ།  ཕྱི་དྲོ།  ཁ་བ་བབས་པ།  ལས་ཚོགས་གྲོལ་བའི་ལམ་ཁ། 

        བོད་ལོའི་ཉི་ཤུ་ལྔའི་ཉིན་བང་ཡོན་ཀྲང་གིས་རླངས་འཁོར་བསྐོར་ཏེ་ལས་ཚོགས་གྲོལ་ནས་ཁྱིམ་དུ་འགྲོ་བའི་སྐབས་སུ། བཞི་མདོའི་གློག་དམར་ལ་སྒུག་ཡོད་པའི་ཚེ། ཨ་མ་ཚེ་རིལ་གྱིས་ཁ་པར་སླེབས་བྱུང་། ཁོས་ག་ལེར་རླངས་འཁོར་བསྐོར་གྱིན་ཁ་པར་སྣེ་ལེན་བྱས། 

བང་ཡོན་ཀྲང་གིས།    ཝེ།  ཨ་མ་ཚེ་རིལ། 

ཨ་མ་ཚེ་རིལ་གྱིས།     ཨ་ཁུ་སྨན་པ།   ཁྱོད་ནམ་ཡོང་རྒྱུ་ཡིན།  ཕྱུག་ཁོ་ལ་མནའ་མ་ལེན་པའི་ཉི་མ་སྐར་མ་གཏན་དུ་ཕབ་ཟིན།  གཉེན་རྟགས་ལ་སྒོར་སྟོང་ལྔ་སྟེར་དགོས་པས་ཁྱོད་ཡོང་དགོས་ཟེར། 

བང་ཡོན་ཀྲང་གིས།   དེ་བཟང་གི   ད་ཤ་ཉེ་རིང་ཚང་མ་འཚོགས་ཏེ་གྲོས་བྱོས།  སྟོན་མོ་ནམ་ཡིན།   མནའ་མ་གང་གི་ཡིན། ད་ལོའི་ནགས་སྲུང་གི་གླ་ཕོགས་དང་རྨོ་བསྐྱུར་རྩྭ་འདེབས་ཀྱི་ཁ་གསབ་ཅི་བྱས་བྱུང་ཞེས་དྲིས། 

ཨ་མ་ཚེ་རིལ་གྱིས།    དེ་ཕྱུག་ཁོས་ལག་རྟགས་ལེན་སྤྱད་བྱས་ཏེ་ཟླ་གསུམ་ལ་ཁུལ་ཐོན་ནས་མགྲོན་ཁང་ལ་བསྡད་དེ་ཚར་སོང་ནི་རེད་ཅེས་བཤད་མ་ཐག་ཁ་པར་གྱི་སྒོ་བརྒྱབ། 

བང་ཡོན་ཀྲང་གིས།    ཝེ།  ཝེ།   ཟེར་བཞིན་རླངས་འཁོར་གཞིས་ཁུལ་གྱི་སྒོ་ཆེན་དུ་འཛུལ། 

བཅུ་བ།   ཕྱི་ཉིན་སྔ་དྲོ།   སྨན་ཁང་། 

      བང་ཡོན་ཀྲང་གིས་ནད་ཁང་ཨང་༣༦༦གི་ནང་དུ་ཞག་སྡོད་ནད་པར་ལྟ་རེག་དྲི་གསུམ་གྱིས་སྨན་ཕྲུག་དག་ལ་ཡུལ་དངོས་སློབ་ཁྲིད་བྱེད་སྐབས། ཨ་མ་ཚེ་རིལ་གྱིས་ཁ་པར་སླེབས་བྱུང་། སྐབས་དེར་བང་ཡོན་ཀྲང་གིས་ཁ་པར་གྱི་ངོས་ལ་ལྟ་བཞིན་སྒོ་གཏད། ཅུང་མ་འགོར་བར་ཡང་བསྐྱར་ཁ་པར་ཐོན།   བང་ཡོན་ཀྲང་གིས་ད་དུང་ནད་ཁང་དག་ལ་ཞིབ་བཤེར་བྱས་ཚར་མེད་པས། ཡང་བསྐྱར་སྒོ་གཏད།  དེ་ནས་བང་ཡོན་ཀྲང་གིས་སྔ་དྲོའི་ལས་ཀ་མཇུག་རྫོགས་ཏེ་རང་གི་གཞུང་ལས་ཁང་དུ་ཆུ་ཁོལ་ཚ་མོ་ཞིག་འཐུང་ཞོར། ཨ་མ་ཚེ་རིལ་ལ་ཁ་པར་བཏང་།  སྐབས་དེར་ཨ་མ་ཚེ་རིལ་གྱིས་ཁོང་ཁྲོས་ངང་ནས།

ཨ་མ་ཚེ་རིལ་གྱིས།    ཝེ།  ཁ་པར་མི་ལེན་དོན་ཅི་རེད། 

བང་ཡོན་ཀྲང་གིས།  དེ་རིང་མ་ཁོམ་ཐལ།   དོན་དག་ཅི་ཡོད། 

ཨ་མ་ཚེ་རིལ་གྱིས།   དོན་དག་ཁ་སང་གི་དེ་ཡིན། ད་དུང་གོ་རེ་དམར་པོ་ཡང་བཙོ་དགོས་གི  ཁྱོད་ཡོང་ནས་རོགས་ཤིག་བྱེད་དགོས། 

བང་ཡོན་ཀྲང་གིས།  དགོད་ཞོར་དུ་ངའི་གོ་རེ་བཙོ་མི་ཤེས་ཤིང་། ཐ་ན་འབྲོག་པའི་གཉེན་སྟོན་ལའང་ཆ་རྒྱུས་མེད་པས། ད་ཅི་བྱེད། 

ཨ་མ་ཚེ་རིལ་གྱིས།  ཁྱོད་ངེད་ཚང་གི་རོགས་སྐྱོར་བྱེད་མི་ཡིན་ན་ད་རེས་ངེས་པར་དུ་རོགས་བྱེད་དགོས།  དེ་མིན་ན་ད་ཡོང་མི་དགོས་ཞེས་ཁ་པར་གྱི་སྒོ་གཏད། 

བཅུ་གཅིག    ཕྱི་དྲོ།   སྨན་ཁང་གི་སྒོ་འགྲམ། 

        བོད་ལོའི་ཉི་ཤུ་དགུའི་ཕྱི་དྲོར་བང་ཡོན་ཀྲང་ལས་ཚོགས་གྲོལ་ནས་རྐང་ཐང་དུ་སྨན་ཁང་གི་ཕྱི་རོལ་དུ་ཐོན་པ་ན་ཀུན་གྱིས་དགུ་ཐུག་ལ་གྲ་སྒྲིག་བྱེད་བཞིན་ཟས་སྣ་ཉོ་ཚོང་ལ་བྲེལ་འདུག  ཁྲོམ་གཞུང་དུ་མི་ཚོགས་ཀྱིས་ཁུག་མ་ཆེ་མ་ཆུང་གསུམ་འཁུར་མ་འདྲུད་ཀྱིས་རང་རང་གི་ཡུལ་དུ་བསྙེག་བཞིན་ཡོད།  སྐབས་དེར་བང་ཡོན་ཀྲང་གིས་ཁ་པར་བླངས་ཏེ་ཨ་མ་ཚེ་རིལ་ལ་ཁ་པར་བཏང་།

བང་ཡོན་ཀྲང་གིས།  ཝེ། ཨ་མ་ཚེ་རིལ། དོ་ནུབ་ཀྱི་དགུ་ཐུག་ཅི་འཐུང་གིན་ཡོད།

ཨ་མ་ཚེ་རིལ་གྱིས།  སྐད་མགོ་ཧ་ཅང་དམའ་མོས། ད་ཞི་ལི་མ་ཡོང་ཐལ། ང་གཅིག་པོའི་རྟེན་འབྲེལ་གྱིས་གྲོ་འབྲས་ཤིག་ཟ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད།

བང་ཡོན་ཀྲང་གིས།   ཞི་ལི་གང་ཞིག་ལ་བུད་སོང་ནི་རེད།  དགུ་ཐུག་འཐུང་གི་མི་ཡོང་ནི་ཨེ་རེད་ཅེས་མ་རུང་བའི་རྣམ་འགྱུར་གྱིས་མགོ་བོ་ཕར་གཡུགས་ཚུར་གཡུགས་བྱེད་སྐབས་ལམ་ཆེན་གྱི་བཞི་མདོར་འབྱོར།

         དེ་ལྟར་དགུ་ཐུག་ལ་བྲེལ་བའི་མི་རྣམས་ཀྱི་རླངས་འཁོར་བཞི་མདོ་རུ་འགག་པས།  ཁ་ལོ་བ་དག་གིས་དུང་བརྡ་བར་མེད་དུ་བརྒྱབ་པ་དང་ཁེལ་བ་ན་བང་ཡོན་ཀྲང་དང་ཨ་མ་ཚེ་རིལ་གྱི་ཁ་པར་སྐུད་སྣེ་མཚམས་མི་འཇོག་རང་འཇོག་ཏུ་གྱུར།  བང་ཡོན་ཀྲང་མགོ་བོ་དུད་དེ་བསམ་གཞིགས་གཏོང་ཞོར་དུ་གཞིས་ཁུལ་གྱི་ཕྱོགས་སུ་ཕྱིན།                         

རྫོགས་སོ།།

༢༠༢༠ལོའི་སྤྱི་ཟླ༨པར་ཡུལ་དབུས་ལྷ་ས་རུ་བློས་བསླངས་བྱས།  

                                          ༢༠༢༡ལོའི་སྤྱི་ཟླ༦པར་རྒྱལ་ས་པེ་ཅིང་དུ་འཁྲབ་གཞུང་དུ་བཅོས།  


ངོ་སྤྲོད་རགས་བསྡུས། 

         ཀླུ་ཚང་ཚེ་རིང་སྟོབས་ལྡན། མདོ་སྨད་མང་རྫོང་གི་མི། གོ་རབས་པའི་ན་གཞོན། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི2020ལོའི་གནའ་རབས་རྩོམ་རིག་ཁ་ཕྱོགས་ཀྱི་ཞིབ་འཇུག་སློབ་མ་ཡིན།   ཁ་པར།  15597347771

དཔྱད་མཆན་ཡོད།