བརྙན་འཕྲིན་ཟློས་གར་དང་གློག་བརྙན་གྱི་ཁྱད་པར།


        བརྙན་འཕྲིན་ཟློས་གར་ནི་མི་སྣའི་སྐད་ཆ་གཙོ་བོའི་ཐོག    གར་སྟེགས་ཀྱི་བརྙན་ཡོལ་གཉིས་མཉམ་དུ་འཁྲབ་དགོས་པ་རེད།   ཡིན་ནའང་།    གློག་བརྙན་ནི་དེ་ལྟར་མིན་པར། གར་སྟེགས་ཀྱི་ཡུལ་ལྗོངས་གཙོ་ཆེར་འཛིན་དགོས་པ་རེད།   དཔེར་ན།   རྒྱང་རིང་ནས་མི་ཞིག་ཡོང་བའམ་ཡང་ན།   ཡུལ་ལྗོངས་ཤིག་གཙོ་ཆེར་བཟུང་ནས་དེའི་རྒྱབ་ནས་གླུ་སྐད་ཅིག་གམ།   མ་ཎི་བགྲངས་བའི་སྐད་སྒྲ་ཅིག་ལ་དམིགས་པ་སོགས་བྱེད་དགོས་པ་ལས། བརྙན་འཕྲིན་ཟློས་གར་ལྟར་མི་སྣའི་ལབ་གླེང་དེ་གཙོ་མ་ཡིན།

        གཞན་ཡང་།  གློག་བརྙན་ཞིག་གི་དུས་ཚོད་ནི་རིང་ཤོས་ལ་ཡང་ཆུ་ཚོད་གཉིས་ནས་བརྒལ་རྒྱུ་མེད།  དེ་ཡང་།  གློག་བརྙན་གྱི་རིན་བབས་ནི་སྐར་མར་གཞིགས་ནས་རྩིས་རྒྱག་བྱེད་བཞིན་ཡོད་པས།   གློག་བརྙན་འགའ་ལ་སྐར་མ་གཅིག་གི་རིང་ན་ཨ་སྒོར་ཁྲི་མང་པོ་འགྲོ་བཞིན་ཡོད།   དེ་མིན་གློག་བརྙན་ནི་མི་རྣམས་རང་ཉིད་ལས་བྲེལ་ཆེ་བའམ་ཡང་ན་སེམས་མི་བདེ་བ།   དེ་མིན་དགའ་རོགས་དང་ཁྱིམ་མི་སོགས་དགའ་སྡུག་གཉིས་ཀྱི་ཐོག་ནས་བལྟ་བར་ཡོང་མཁན་ཡིན་པས།   གློག་བརྙན་དེ་རིང་དྲགས་ན་ལྟ་མཁན་ཉུང་བ་མ་ཟད་རིན་གོང་ཡང་ཅུང་མཐོ་བ་སླེབས་ངེས་པས།    དེ་ཚོའི་ཐོག་ནས་ཀྱང་ཐག་གཅོད་བྱས་པ་མ་ཡིན་ནམ།

        བརྩེ་ལྡན་གྱི་ཀློག་པ་པོ་ཚོ། འདི་ནི་རང་ཉིད་ཀྱི་དཔེ་ཀློག་དང་འཚོ་བའི་མྱོང་བ་དངོས་ལས་བྱུང་བའི་བསམ་ཚུལ་ཙམ་ཞིག་ཡིན་པས།     བདག་གི་བརྩེ་བའི་ཀློག་པ་པོ་ཚོས་དེའི་སྐོར་ལ་དགོངས་ཚུལ་ཡོད་ན་མ་སྦས་ལྷུག་བརྗོད་གནང་རྒྱུ་དེ་ནི།     ང་དང་ཁྱེད་ད་དུང་ང་ཚོའི་ཉེ་འཁོར་གྱི་གྲོགས་པོ་ཚང་མའི་དོན་ཡིན་པ་མ་བརྗེད་པར་གནང་རོགས།


 

དཔྱད་མཆན་ཡོད།