ཆབ་སྲིད་གློག་བརྙན་བཤད་པ།

p739047417.jpg

         དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུ་བའི་སྨད་དུནུབ་གླིང་དུ༼ཆབ་སྲིད་གློག་བརྙན༽ གྱི་ཚ་རླབས་འཕྱུར་འགོ་བརྩམསདེ་ནི་གྷི་རི་སིའི་འཁྲབ་ཁྲིད་པ་ཁང་སི་ཐན་ཏེན·ཁུ་སི་ཐ—ཅ་ཧྥུའུ་ལ་སི་མཆོག་གིས་ཕབ་བསྐྲུན་མཛད་པའི་གློག་བརྙན༼Zམི་བསད་ཆབ་སྲིད་གྱོད་དོན་ཞིག་གི་དབྱེ་ཞིབ༽༡༩༦༩ལོལས་འགོ་ཚུགས་པ་ཡིནགློག་བརྙན་དེར་རྒྱལ་ཁ་ཆེན་པོ་ཐོབ་རྗེསསྤྱི་ཚོགས་ཀྱི་ཆབ་སྲིད་དོན་རྐྱེན་བརྗོད་གཞི་བྱས་པ་དང་ཆབ་སྲིད་དགག་སྒྲུབ་རང་བཞིན་ཤུགས་དྲག་པའི་གློག་བརྙན་གྱི་རིགས་དེ་འཕྲལ་དར་ཁྱབ་ཆེན་པོ་ཕྱིན་པ་མ་ཟདད་དུང་ཨི་ཐ་ལི་ནས་འབྱུང་རྩའང་རྙེད་བྱུང་ཨི་ཐ་ལིའི་གློག་བརྙན་སྒྱུ་རྩལ་པ་དག་གིས་རང་རྟོགས་ཀྱིས་རྣམ་པ་འདི་ཉིད་སྤྱད་ནས་རྒྱལ་ནང་གི་ཆབ་སྲིད་དོན་རྐྱེན་དང་ཆབ་སྲིད་གནད་དོན་ལ་རྣོ་ངར་ཆེ་བའི་དཔྱད་བརྗོད་སྤེལ་ཏེགློག་བརྙན་གྱི་སྤྱི་ཚོགས་རང་བཞིན་དེ་དུས་སྐབས་གང་ལས་ཀྱང་འབུར་དུ་ཐོན་ཅིང་རྒྱ་ཆེ་བར་བཏང་དེའི་སྒྱུ་རྩལ་མཚོན་ཐབས་དང་འཁྲབ་སྟངས་ཐབས་རྩལ་ཐདདངོས་ཡོད་རིང་ལུགས་གསར་མའི ༽ དངོས་བྲིས་སྲོལ་རྒྱུན་རྒྱུད་འཛིན་བྱས་ཡོད་པ་ལས་གཞནཕྱི་ལྗོངས་བརྙན་ལེན་གཙིགས་སུ་འཛིན་ལབདེན་ཐུབ་ཀྱི་ཚོར་བ་དང་འཚོ་བའི་མྱོང་བར་ཤུགས་རྒྱག་པ་ལས་གཞནདུང་ཟློས་གར་གློག་བརྙན་གྱི་དགེ་མཚན་སྡུད་ཅིང་རྟག་པར་ཟློས་གར་རང་བཞིནགཙིགས་སུ་བཟུང་ནས་ཅུང་ཚགས་དམ་ཞིང་ཁ་ཚང་བའི་བྱུང་རིམ་སྒྲིག་གཞི་ཡོད་པའོ། །

           ཆབ་སྲིད་གློག་བརྙན་གྱི་ཚབ་མཚོན་བརྩམས་ཆོས་ལ་ད་དུང༼ལྐོག་གསོད༽༡༩༧༢ལོདང༼བྲོ་ཚོགས་ཀྱི་ཨོག་ལེན་ཆུང་བ༽༡༩༧༤ལོདེ་མིན༼ཁྱད་པར་བའི་ཁྲིམས་ཁང༽༡༩༧༥ལོསོགས་ཡོད་དོ། །

 

51_270-340.jpg

ཞར་བྱུང་ཆབ་སྲིད་གློག་བརྙན་དང་མི་རིགས་གློག་བརྙན་གླེང་བ

     དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུ་བའི་སྔ་གཞུག་གི་ཡོ་རོབ་གླིང་དུ་འཁྲུག་ཆེན  གཉིས་པའི་རྗེས་ཀྱི་དཔལ་འབྱོར་འཕྲལ་མར་བསྐྱར་དུ་དར་བ་ལས་བྱུང་བའི་འགལ་བ་སྣཚོགས་ཀྱིས་ཁེངས་ཡོད་ལལྷག་པར་དུ་ཨི་ཐ་ལིར་མཚོན་ནས་བཤད་ནསྤྱི་ཚོགས་དངཆབ་སྲིད་ཀྱི་ཉམས་ཉེན་ཟམ་མི་ཆད་པར་བྱུང་ཞིང་འཇིགས་སྐུལ་རིང་ལུགས་དང་ལོ་རྒྱུསསྐྱོ་གར་རིང་ལུགས་སྐབས་ཐོག་ཅིག་ལ་དར་ཁྱབ་ཆེན་པོར་ཕྱིན་ལཟིང་ཆ་ཆེ་བའི་སྤྱིཚོགས་དངོས་ཡོད་ཀྱིས་ཆབ་སྲིད་གློག་བརྙན་ལ་རྒྱབ་ལྗོངས་གཏོས་ཆེན་པོ་ཞིག་སྤྲདདེདང་དུས་མཚུངས་སུ་དེང་རབས་ཤེས་རིག་མགྱོགས་པོར་འཕེལ་འགྱུར་བྱུང་བ་དེས་མི་ཚོའི་བསམ་པའི་འཁྱེར་སོ་གཞན་དུ་འགྱུར་ཚད་ཇེ་ཆེ་རུ་བཏང་བར་མ་ཟདརིན་ཐང་ལྟ་ཚུལགསར་བ་དང་སྲོལ་རྒྱུན་རིན་ཐང་དབར་འགལ་བ་དང་རྙོག་དྲ་ཆེན་པོ་ཞིག་བྱུང་སོང་ཡོརོབ་གླིང་གི་ཤེས་ཡོན་པ་འགའ་ཤས་ཀྱིས་ཧུར་ཐག་འབད་ཐག་གིས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་འབྱུང་ཁུངས་རྩད་གཅོད་བྱས་ནས་བསམ་པའི་འཇིགརྟེན་གྱི་གཞན་འགྱུར་འདི་རིགས་མེད་པར་གཏོང་རྩིས་བྱསདེར་བརྟེན་ཨི་ཐ་ལིའི༼ མིརིགས་གློག་བརྙན༽ཞེས་པ་དེ་བྱུང་བ་རེད

      དེང་རབས་གློག་བརྙན་གྱི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བརྗོད་པའི་ལེའུ་ལསཆབ་སྲིད་གློག་བརྙན་བཤད་པ་སྟེ་ལྔ་བའོ། །

      སྨུག་རིས་མྱུལ་བཤེར་ལག་དེབ་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་མཛད་པའི༼གློག་བརྙན་ལག་དེབ༽ལས་ཁོལ་དུ་ཕྱུང་སྟེ་སྒྲོལ་དཀར་ཚེ་རིང་དུ་འབོད་པས་ཕྱི་ལོ༢༠༡༣པའི་ཟླ༣ཚེས༡༣ ཉིན་བསྒྱུར་བ་དགེའོ། ། མུ་འགོད

 

ངེད་དྲ་བའི་ནང་དོན་གང་བྱུང་དུ་དགོལ་མི་རུང་། 

དཔྱད་མཆན་ཡོད།