དངོས་ཐོག་གློག་བརྙན་བཤད་པ།

michelbrault.jpg


       དངོས་ཐོག་གློག་བརྙན་ཞེས་པ་ནི་དངོས་འབྲི་རིང་ལུགས་པའི་གློག་བརྙན་གྱི་ཉམས་སྤྱད་དེ་ཕབ་སྐྲུན་བྱས་པའི་དངོས་བྲིས་གློག་བརྙན་ལ་བསྟན་པ་ཡིན་ལདེ་དང༼དྲངའབྲེལ་གློག་བརྙན༽གྱི་བརྙན་ལེན་བཟོ་སྐྲུན་ཐད་འདྲ་ས་མང་པོ་ཞིག་ཡོད་དེདཔེར་ན་མིསྣ་དང་དོན་རྐྱེན་ངོ་མ་དེ་ཐོག་མའི་དཔྱད་གཞིར་བྱེད་ཅིང་དངོས་ཡོད་ཅི་ལྟ་བ་བཞིནཕབ་པའི་འཁྲབ་རྩལ་དང་འཁྲབ་མཁན་གྱི་ཟུར་བཤད་བཀག་པ་སོགས་ལྟ་བུའོ། དངོསཐོག་གློག་བརྙན་དང་དྲང་འབྲེལ་གློག་བརྙན་གཉིས་ཀྱི་ཁྱད་པར་ཉག་ཅིག་ནི་དངོས་ཐོགགློག་བརྙན་གྱིས་བརྙན་ལེན་འཕྲུལ་ཆས་དེ་ཁ་ཁུ་སིམ་པའི་དངོས་ཡོད་ཟིན་འགོད་པ་ཞིག་ཏུ་ལྟ་ཞིང་བརྙན་ལེན་བྱར་ཟུག་སློང་བ་རྩ་དོན་དུ་བྱེད་ཀྱང་དྲང་འབྲེལ་གློག་བརྙན་གྱིས་ནི་བརྙན་ལེན་འཕྲུལ་ཆས་དེ་རང་འགུལ་གྱིས་བརྙན་ལེན་བྱའི་ཁོར་ཡུག་ཏུ་ཞུགས་ཏེལན་རེར་བརྙན་ལེན་ཡུལ་གྱིས་ཁོ་རང་ཚོའི་བསམ་ཚུལ་མངོན་པར་བྱེད་པར་སྐུལ་མ་བྱེད་པའོ། །

          དེང་རབས་གློག་བརྙན་གྱི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བརྗོད་པའི་ལེའུ་ལས། དངོས་ཐོག་གློག་བརྙན་བཤད་པ་སྟེ་བདུན་པའོ། །

          སྨུག་རིས་མྱུལ་བཤེར་ལག་དེབ་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་མཛད་པའི༼གློག་བརྙན་ལག་དེབ༽ལས་ཁོལ་དུ་ཕྱུང་སྟེ་སྒྲོལ་དཀར་ཚེ་རིང་དུ་འབོད་པས་ཕྱི་ལོ༢༠༡༣པའི་ཟླ༣ཚེས༡༥ ཉིན་བསྒྱུར་བ་དགེའོ། མུ་འགོད།

 

ངེད་དྲ་བའི་ནང་དོན་གང་བྱུང་དུ་དགོལ་མི་རུང་།

དཔྱད་མཆན་ཡོད།