བྷར་ཟིལ་གློག་བརྙན་གསར་བ་བཤད་པ།

s47bddb48_1547addeaa7__7fb4.jpg

        བྷར་ཟིལ་དུ་ཕྱི་ལོ༡༩༦༠པར༼གློག་བརྙན་གསར་བའི༽ལས་འགུལ་བྱུང་ལདེའི་ཁྱདཆོས་ནི་མ་རྩ་དམའ་བའི་ཐབས་ཀྱིས་ས་གནས་ཀྱི་ཁྱད་ཆོས་འཛོམས་པའི་གློག་བརྙན་རིགགནས་གསར་བསྐྲུན་གྱིསཕྱི་ནས་ཡོང་ཞིང་ལྷག་པར་དུ་ཨ་རིའི་གློག་བརྙན་རིག་གནས་ཀྱི་གཙོ་ཁྲིད་ཀྱི་གནས་བབ་ལས་ཐར་བར་བྱ་རྒྱུ་དེའོ། ༼བྷར་ཟིལ་གློག་བརྙན་གསར་བས༽རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་དངོས་ཡོད་ཐད་ཀྱི་ལྟ་ཚུལ་ཅུང་གནད་དུ་འཁེལདེ་གའིབརྩམས་ཆོས་ཀྱིས་སྤྱི་ཚོགས་ཀྱི་དངོས་ཡོད་མཚོན་པར་བྱས་ཡོད་ལསྤོབས་པ་ཆེན་པོ་དངཁྱད་མཚར་བའི་མཛེས་རིག་ཉམས་འགྱུར་ལའང་ཚོད་ལྟ་བྱས་ཡོད 

下载.jpg

        ༡༩༦༤ལོར་བྷར་ཟིལ་དུ་དམག་དོན་སྲིད་འགྱུར་བྱུང་ཞིང་ཞིབ་བཤེར་ལམ་ལུགས་ཇེདམ་དུ་ཕྱིན་ལདེ་གའི་དོན་གཉེར་བ་གཙོ་གྲས་ཏེདཔེར་ན་རོ་ཞ་ལྟ་བུ་ཕྱི་རྒྱལ་དུ་གློགབརྙན་ཕབ་བསྐྲུན་བྱེད་དུ་ཕྱིན་པསབྷར་ཟིལ་གྱི་གློག་བརྙན་གསར་བའི་ལས་འགུལ་ཉམསདམས་སུ་གྱུར

      བྷར་ཟིལ་གློག་བརྙན་གསར་བའི་མི་སྣ་གཙོ་བོ་གྷ་རོ་པེ·རོ་ཞ་མཆོག་གིས༡༩༦༦ལོརལིས་ཡོ་རི་ནིས་ཝ་རུ་ཕབ་བསྐྲུན་བྱས་པའི༼སེམས་སྡུག་གི་གནས༽ཞེས་པ་དེ་ནི་བྷར་ཟིལ་གྱི་གློག་བརྙན་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་ཞིག་ཡིན

      དེང་རབས་གློག་བརྙན་གྱི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བརྗོད་པའི་ལེའུ་ལས   བྷར་ཟིལ་གློག་བརྙན་གསར་བ་བཤད་པ་སྟེ་བཅུ་བའོ།

      སྨུག་རིས་མྱུལ་བཤེར་ལག་དེབ་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་མཛད་པའི༼གློག་བརྙན་ལག་དེབ༽ལས་ཁོལ་དུ་ཕྱུང་སྟེ་སྒྲོལ་དཀར་ཚེ་རིང་དུ་འབོད་པས་ཕྱི་ལོ༢༠༡༣པའི་ཟླ༣ཚེས༡༤ཉིན་བསྒྱུར་བ་དགེའོ།

ཁོང་གི་གློག་བརྙན་བརྩམས་ཆོས་དག་གི་སྦྲེལ་ཐག http://qianxun.baidu.com/movie/list_274610.html

 

ངེད་དྲ་བའི་ནང་དོན་གང་བྱུང་དུ་དགོལ་མི་ཆོག 

དཔྱད་མཆན་ཡོད།