དྷོ་མེའི་བསྒྲགས་གཏམ་བཤད་པ།

p617511193.jpg

       ༡༩༩༥ལོར་ལ་སི་ཧྥིན·ཐྲི་ལིས་ཡེ་དང་ཏེན་མག་གི་འཁྲབ་ཁྲིད་པ་བཞིས་མཉམ་དུབསྒྲགས་གཏམ་སྤེལ་ཏེ་དེང་གི་གློག་བརྙན་གྱིས་ཁྱད་ནུས་ལ་དང་དོད་ཆེས་ཆེར་བྱེད་པལས་གློག་བརྙན་རང་སྟེང་གི་སྙིང་སྟོབས་སྣང་མེད་དུ་བཞག་པའི་སྐྱོན་བསྟན་ཅིང་ཁོ་པཚོས་ཡུལ་དངོས་ནས་སྒྲ་ལེན་ཞིང་བརྙན་ལེན་ཁྱེར་ཏེཕྱིས་སུ་སྐད་མི་སྦྱོར་ལ་འོད་འཚགལེན་ཤེལ་སོགས་པར་ངོས་མཛེས་བཟོ་བྱེད་པའི་ལག་ཐབས་མཐའ་དག་བེད་སྤྱོད་མི་གཏོང་བའི་འདོད་ཚུལ་བཏོནཕྱི་ལོར་ཐྲི་ལིས་ཡེ་མཆོག་གི་༼གླེན་པ༽ ཡིས་༼དྷོ་མེའི་བསྒྲགསགཏམ༽ཉམས་ལེན་བྱས་ཏེལྷད་མ་འདྲེས་པའི་ཁྱད་ཆོས་ལ་དོ་སྣང་བྱེད་མཁན་མང་པོབྱུང་དེའི་རྗེས་སུ་༼དྷོ་མེའི་བསྒྲགས་གཏམ༽གྱིས་གཙུག་ཏུ་བཀུར་བའི་རྣམ་པ་དེ་གསརསྐྱེས་འཁྲབ་ཁྲིད་པའི་སྡེ་རུ་དར་ཁྱབ་ཆེན་པོ་བྱུང་བར་མ་ཟདdogmeབདེན་རྟགས་ངོསའཛིན་གྱི་མ་ལག་ཀྱང་གསར་གཏོད་བྱས་ཡོདdogmeསྤྱད་དེ་ཕབ་སྐྲུན་བྱས་པའི་གློགབརྙན་མི་ཉུང་བ་ཞིག་ལ་དངོས་པར་གློག་བརྙན་གྱི་ཁྱད་ཆོས་ཀྱིས་ཕྱུག  

3e539a7be3d3663.jpg

       ཡིན་ཡང་dogmeཡིས་བརྩམས་ཆོས་དྲུག་པ་༼གླེན་ཕྲུག་རྗོའུ་ལིས་ཨན༽ལ་སླེབས་དུསཐྲི་ལིས་ཡེ་སོགས་ཀྱིས་༼བསྒྲགས་གཏམ༽ལས་ནན་གྱིས་བསྟན་པའི་སྲོལ་ཡིག་ཇི་བཞིན་རྒྱུན་སྐྱོང་ཁག་པར་གྱུར་བར་སྣང་ལཐ་ན་གློག་བརྙན་དེ་༡༩༩༩ལོའི་སྤམ་རྫུ་སྟོན་ཆེ་ཤོས་ཀྱི་གློག་བརྙན་ཞིག་ཏུ་ངོས་འཛིན་གནང་གིན་ཡོདདེ་བཞིན་ཁཱ་ན་གློག་བརྙན་བྱ་དགའ་ཐོབ་པའི་༼མུན་ནག་ནང་གི་གར་མ༽ལྟ་བུར་མཚོན་ན༼བསྒྲགས་གཏམ༽གྱི་ཚད་གཞི་ལས་རིང་དུ་འདའ་འདུག  ངེས་པ་དོན་གྱིས་༼བསྒྲགས་གཏམ༽གྱི་ཚད་གཞིར་ལོངས་པའི་གློག་བརྙན་བརྩམས་ཆོས་ཤིག་མེད་པར་སྣང་མོདཡིན་ནའང་དེས་དེང་གི་གློག་བརྙན་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་བཞག་ཡོད

      མཆན༼དྷོ་མེའི་བསྒྲགས་གཏམ༽གྱི་ཚོད་ལྟའི་བརྩམས་ཆོས་ཐོག་མ་ནི་ཐའོ་མསི་ཝུན་ཐྲི་བྷོ་གྷི་མཆོག་གི་༼ཁྱིམ་ཚང་མཉམ་འཛོམས༽ཞེས་པ་དེ་ཡིན་ལདེ་ལས་ཁྱིམཚང་ཞིག་བཟའ་ཐོར་བྱུང་བའི་གཏམ་རྒྱུད་བརྗོད་འདུག་ཅིང་དེས་འཛམ་གླིང་ཧྲིལ་བོརགྲགས་འུར་སློང་བའོ། །

      དེང་རབས་གློག་བརྙན་གྱི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བརྗོད་པའི་ལེའུ་ལསདྷོ་མེའི་བསྒྲགས་གཏམ་བཤད་པ་སྟེ་ཞར་བྱུང་གི་གཏམ་མོ། །སྨུག་རིས་མྱུལ་བཤེར་ལག་དེབ་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་མཛད་པའི་༼གློག་བརྙན་ལག་དེབ༽ལས་ཁོལ་དུ་ཕྱུང་སྟེ་སྒྲོལ་དཀར་ཚེ་རིང་དུ་འབོད་པས་ཕྱི་ལོ༢༠༡༣པའི་ཟླ་༣ཚེས་༢༥ཉིན་བསྒྱུར་བ་དགེའོ། །

 

ངེད་དྲ་བའི་པར་དབང་དགོལ་མི་རུང་། 

དཔྱད་མཆན་ཡོད།