བརྙན་ལེན་སྐད་བརྡའི་རྨང་གཞིའི་ཤེས་བྱ།

གློག་བརྙན་དང་བརྙན་འཕྲིན་གྱི་བརྙན་རིས།

བརྙན་ལེན་པའི་མཐོང་སྣང་ལྟར་བར་ཐག་གི་འགྱུར་བར་བསྟུན་ནས་རིགས་དགར་ན་དགར་སྲོལ་སྣ་ཚོགས་ཤིག་ཡོད་མོད། དུས་རྒྱུན་གྱི་ཤེས་བྱ་དང་འབྲེལ་ནས་ཅུང་ཟད་གྲོགས་ཚོའི་མིག་ལམ་དུ་བསྟར་རྒྱུ་ཡིན་པས་ཀུན་གྱིས་གཟིགས་པར་མཛོད་དང་ཕན་པ་རེ་འབྱུང་གི་སེམས་འདུན་ཡིན།

གཅིག བརྙན་རིས་གྱི་གྲུབ་སྟངས་བཤད་པ།

༡   རྒྱང་བརྙན་ཆེན་པོ།(极远景)

འདི་ནི་ཆེས་རྒྱང་ཐག་རིང་བའི་སྒོ་ནས་ཕབ་ཡུལ་གྱི་ལྟ་སྟངས་ཤིག་ཡིན་ལ།འདིས་ཕབ་བྱའི་མི་སྣ་ཆུང་ཆུང་གྲོག་མ་ལྟ་བུ་བཟོས་པའི་བརྙན་རིས་ཤིག

༢  རྒྱང་བརྙན།(远景)

འདི་ནི་རྒྱང་ཐག་རིང་བའི་སྒོ་ནས་ཕབ་ཡུལ་གྱི་ལྟ་སྟངས་ཤིག་ཡིན་ལ།འདིའི་ཕབ་ བྱའི་མི་སྣས་བཟུང་བའི་གནས་ཡུལ་ཧ་ཅང་ཆུང་བ་ཞིག་ཡིན།འདི་ལ་ཡང་རྒྱང་བརྙན་ཆེན་ པོ།རྒྱང་བརྙན།རྒྱང་བརྙན་ཆུང་བ་བཅས་རིགས་གསུམ་དུ་འདུ་བའོ།།

༣  ཡོངས་བརྙན་ཆེན་པོ། (大全景)

འདི་ནི་ཕབ་བྱའི་བརྗོད་བྱ་དང་མཐའ་འཁོར་གྱི་ཁོར་ཡུག་སོགས་ཡོངས་སུ་འདུས་ པའི་བརྙན་རིས་ལ་ཟེར་ཞིང་དུས་རྒྱུན་ང་ཚོས་བཤད་པའི་གློག་བརྙན་འཕྲིན་ཁྲོད་ཀྱི་ ཁོར་ཡུག་ངོ་སྤྲོད་ཟེར་བ་དེ་ཡིན།དེ་བས་དེ་ལ་ཁོལ་ཆེས་ཡངས་པའི་བརྙན་རིས་ཀྱང་ ཟེར།

༤  ཡོངས་བརྙན། (全景)

འདི་ནི་ཕབ་བྱའི་མི་སྣའི་ལུས་ཡོངས་དང་ཕབ་བྱའི་གནས་ཡུལ་ཡང་ཅུང་གསལ་བོར་ངོ་ སྤྲོད་བྱེད་ཐུབ་པ་ཞིག་ཡིན།དཔེར་ན་གར་སྟེགས་སྟེང་གི་ཟློས་གར་ལྟ་བུར་མཚོན་ན་ གར་སྟེགས་ཡོངས་སུ་འདུས་ཐུབ་པའི་བརྙན་རིས་ལ་ཟེར།ད་དུང་ཡོངས་བརྙན་ཁྲོད་མི་ སྣའི་འཁྲབ་སྟངས་དང་གནས་ཡུལ་སོགས་གསལ་བོར་འཆར་ཐུབ་པའི་ཁོར་ཡུག་ཅིག་ཡིན་དགོས།

༥  ཡོངས་བརྙན་ཆུང་བ།(小全景)

འདི་ནི་མི་སྣས་གནམ་ས་བཀར་བ་ལྟ་བུ་ཞིག་ཡིན་དགོས་ལ།ཡོངས་བརྙན་དང་བསྡུར་ན་ ཧ་ཅང་ཆུང་བའི་བརྙན་རིས་ཤིག་ཡིན།བརྙན་གཟུགས་འཆར་སྒམ་ལས་བལྟས་ན་ལུས་ཧྲིལ་བོ་ ཆུད་ཡོད་པ་ཞིག་ཡིན་དགོས།

༦  འབྲིང་བརྙན།(中景)

འདི་ནི་ཕབ་བྱའི་མི་སྣའི་པུས་མོ་མཚམས་ནས་བཅད་པའི་བརྙན་པར་ལེན་སྟངས་ཤིག་ ཡིན་ལ་དཔེར་ན་གར་སོགས་ཀྱི་འཁྲབ་སྟོན་མི་སྣ་བརྙན་ཕབ་བྱེད་དུས་རྒྱུན་བཀོད་ ཀྱི་བརྙན་རིས་ཤིག་ཀྱང་ཡིན།

༧  ཕྱེད་བརྙན། (半身景)

འདི་ནི་ཕབ་བྱའི་མི་སྣའི་ལུས་ཀྱི་གཉིས་ཆའི་གཅིག་གི་ལེན་སྟངས་ཤིག་ཡིན་ལ།རྒྱུན་པར་འདི་ལ་ཉེ་བརྙན་འབྲིང་བའང་ཟེར།

༨  ཞིབ་བརྙན།(特写)

འདི་ནི་ཕབ་བྱ་གང་དང་ཉེ་བའི་སྒོ་ནས་གསལ་བོར་ངོ་སྤྲོད་བྱེད་པའི་ལེན་སྟངས་ ཤིག་ཡིན་ལ།རྒྱུན་པར་མི་སྣའི་ཕྲག་པའི་ཡན་ཏེ་ངོ་གདོང་ཁོ་ན་ལེན་བྱའི་ཡུལ་དུ་ སྒོམ་པ་ཞིག་དང་གཙོ་བོ་མི་སྣའི་བྱེ་བྲག་གི་ཡན་ལག་ཉིང་ལག་དང་བྱེ་བྲག་གི་བྱ་ བའི་བྱེད་སྟངས་སོགས་རེ་རེ་བཞིན་གསལ་བོར་ལེན་པའི་བརྙན་རིས་ཤིག་ཡིན་ནོ།།

༩  ཞིབ་བརྙན་ཆེན་པོ(大特写)

འདི་ལ་གསལ་འབྱིན་ཞིབ་བརྙན་(细部特写)ཡང་ཟེར་བ་གཙོ་བོ་ངོ་གདོང་ལས་ཀྱང་མི་དང་ཁ་སྣ་སོགས་རེ་རེ་ཞིབ་མོར་ལེན་པའི་བརྙན་རིས་ཤིག་ཡིན་པས་སོ།།

གཉིས། བརྙན་ལེན་འཕྲུལ་ཆས་ཀྱི་འགུལ་འདུག་དང་བསྟུན་ནས་དགར་བ་འདི་ནི་འཛམ་གླིང་གོ་ལ་གཅིག་གྱུར་ཅན་གྱི་ཤེས་བྱ་ཞིག་ཡིན་པས་ཀུན་གྱིས་ཤེས་བར་བྱའོ།།

༡  འདེད། (推)

འདི་ནི་ཕབ་བྱའི་མི་སྣ་དང་དངོས་བོ་གང་ཡིན་ཡང་འགུལ་མེད་དུ་ཡོད་པའི་སྟེང་ལ་ བརྙན་ཕབ་འཕྲུལ་ཆས་ཐད་ཀར་སྔོན་དུ་དེད་དེ་ལེན་པའི་བརྙན་རིས་ཤིག་ཡིན།དེ་ལ་ མགྱོགས་འདེད་དང་དལ་འདེད།ཆེ་བ་ནས་ཆུང་བར་འདེད་པའི་འགྱུར་བ་ཅན་སོགས་ཡོད་མོད། དེ་དག་ཡོད་ཚད་བརྙན་ཤེལ་གྱི་བར་ཐག་འགྱུར་བ་དང་བསྟུན་ནས་ལེན་དགོས་པ་ཞིག་ཡིན།

༢. གྱེད། (拉)

འདི་ནི་ཕབ་བྱའི་མི་སྣའམ་དངོས་པོ་གང་ཡིན་ཡང་འགུལ་མེད་དུ་ཡོད་པའི་སྟེང་ནས་ བརྙན་ཕབ་འཕྲུལ་ཆས་ཐད་ཀར་ཕྱིར་གྱེད་དེ་ལེན་པའི་བརྙན་རིས་ཤིག་ཡིན།དེ་ལ་ མགྱོགས་གྱེད་དང་དལ་གྱེད།ཆུང་བ་ནས་ཆེ་བར་འདེད་པའི་འགྱུར་བ་ཅན་སོགས་ཡོད་མོད། དེ་དག་ཡོད་ཚད་ཀྱང་བརྙན་ཤེལ་གྱི་བར་ཐག་འགྱུར་བ་དང་བསྟུན་ནས་ལེན་དགོས་པ་ཞིག་ ཡིན་པ་མ་ཟད།བརྙན་ལེན་གོ་རིམ་ཁྲོད་ནས་ཤེས་དགོས་པ་ཞིག་ལ་འདེད་དང་གྱེད་གཉིས་ ནི་ལྡོག་ཟླའི་ལེན་སྟངས་ཤིག་ཡིན།གཅིག་ནི་སྔོན་སྐྱོད་རང་བཞིན་ཅན་དང་གཅིག་ནི་ ཕྱིར་གྱེད་རང་བཞིན་ཅན་ཡིན།

༣  འགུལ། (摇)

འདི་ནི་བརྙན་ཕབ་འཕྲུལ་ཆས་ཀྱི་གནས་ཡུལ་མ་བརྗེས་པའི་འགུལ་སྟངས་ཤིག་སྟེ། རྐང་གསུམ་མ་སྒུལ་བརྟན་མོའི་སྒོ་ནས་རྐང་གསུམ་སྟེང་གི་བརྙན་ཆས་ཀྱི་ཞབས་འཛིན་ བྱེད་ནུས་ལ་བརྟེན་ནས་གོང་འགོ་དང་གཡས་གཡོན།འཁོར་སྐྱོད་བྱེད་པའི་འགུལ་སྐྱོད་ ལ་ཟེར།

༤  བརྗེས། (移)

འདི་ནི་བརྙན་ཕབ་འཕྲུལ་ཆས་ཀྱི་གནས་ཡུལ་བརྗེས་པའི་འགུལ་སྟངས་ཤིག་སྟེ།དཔེར་ ན་བརྙན་ཕབ་འཕྲུལ་ཆས་ལ་བརྙན་ལེན་ལྕགས་ལམ་སོགས་ཡོད་པས་དེའི་སྟེང་ནས་གནས་ཡུལ་ བརྗེས་གསོར་བྱས་ཏེ་ལེན་པའི་བརྙན་རིས་སོ།།

༥  སྙེག (跟)

འདི་ནི་ཕབ་བྱའི་མི་སྣ་དང་བྱ་དངོས་གང་ཡིན་ཡང་དེའི་འགྱུར་བའི་གོ་རིམ་མ་ ནོར་བར་རྗེས་ལ་སྙེག་པའི་ལེན་སྟངས་ཤིག་སྟེ།དེ་ལ་དབྱེ་ན་འགུལ་སྙེག  ་དང་བརྗེས་སྙེགའདེད་སྙེག་དང་གྱེད་སྙེགམཐོ་སྙེག་དང་འབབ་སྙེག་སོགས་རྣམ་པ་ཉི་ ཤུའི་སྒོ་ནས་བརྙན་ལེན་བྱེད་སྲོལ་ཡོད།

༦  འཕགས། (升)

འདི་ནི་བརྙན་ཕབ་འཕྲུལ་ཆས་དམའ་ས་ནས་མཐོ་སར་འགུལ་བའི་བརྙན་ཕབ་བྱེད་སྟངས་ཤིག

༧  འབབ། (降)

འདི་ནི་བརྙན་ཕབ་འཕྲུལ་ཆས་མཐོ་ས་ནས་དམའ་སར་འགུལ་བའི་བརྙན་ཕབ་བྱེད་སྟངས་ཤིག

༨  ཐུར། (俯)

འདི་ལ་ཐུར་ལེན་(俯拍)ཡང་ཟེར།གཙོ་བོ་ཕབ་བྱའི་བྱ་དངོས་གང་ཡིན་ཡང་དེ་དམའ་སར་ བཀོད་ནས་བརྙན་ཆས་མཐོ་ས་ནས་ཐད་ཀར་དམའ་ས་ལེན་སྟངས་ཤིག་ཡིན།འདི་ལྟར་བླངས་པའི་ བརྙན་རིས་ལ་རྒྱ་ཆེ་བ།ཁོད་ཡངས་བའི་ཁྱད་ཆོས་ལྡན།

༩  གྱེན།(仰)

འདི་ལ་གྱེན་ལེན་ཡང(仰拍) ཟེར། གཙོ་བོ་ཕབ་བྱའི་བྱ་དངོས་གང་ཡིན་ཡང་དེ་མཐོ་སར་བཀོད་ནས་བརྙན་ཆས་དམའ་ས་ ནས་ཐད་ཀར་མཐོ་ས་ལེན་སྟངས་ཤིག་ཡིན།འདི་ལྟར་བླངས་པའི་བརྙན་རིས་ལ་བརྗིད་ཆེ་བ་ ཉམས་ཡོད་པའི་ཁྱད་ཆོས་ལྡན།

༡༠  གཡུགས། (甩)

འདི་ནི་བརྙན་ཆས་དེ་ཕབ་བྱ་གཅིག་གི་སྟེང་ནས་གཅིག་གི་སྟེང་ལ་གཡུགས་པ་སྟེ། བརྙན་རིས་ལས་འཚབ་འཚུབ་རང་བཞིན་གྱི་ཤུགས་ཆེ་བ། འཁྲབ་ཡུལ་གཅིག་ནས་གློ་བུར་དུ་འཁྲབ་ཡུལ་གཞན་ལ་བརྗེས་བའི་སྐད་ཅིག་མ་དེའོ།།

༡༡  སྟོང་། (空)

འདི་ནི་འཁྲབ་གཞུང་དང་འབྲེལ་བ་དམ་ཟབ་མེད་པའམ་ཡང་ན་འཁྲབ་བྱའི་ནང་དོན་དང་ འབྲེལ་བ་དམ་ཟབ་མིན་པའི་བརྙན་རིས་དང་འཁྲབ་སྟོན་མི་སྣགཙོ་ཕལ་གང་ཡིན་ཡང་ནང་དུ་མ་བུད་པའི་བརྙན་རིས་ལ་སྟོང་བརྙན་ཞེས་ཟེར་བ་ཡིན།དཔེར་ན་གློག་བརྙན་ལས་ཞོགས་ པའི་ཉི་ཟེར་དང་དགོང་ཁའི་མཚམས་སྤྲིན་གྱི་བརྙན་རིས་ལྟ་བུའོ།།

དཔྱད་མཆན་ཡོད།