ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ། (静静的嘛呢石 The Silent Holy Stones)

ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ། (静静的嘛呢石 The Silent Holy Stones)

  • འཁྲབ་ཁྲིད་པ།པད་མ་ཚེ་བརྟན།
  • ཕབ་སྐྲུན།李安 (ལིས་ཨན།)
  • འཁྲབ་གཞུང་།པད་མ་ཚེ་བརྟན།
  • འཁྲབ་སྟོན་པ།བློ་བཟང་བསྟན་འཕེལ། སྤྲུལ་སྐུ་བརྒྱ་དཔོན་ཚང་།
  • བརྙན་ལེན་པ།杜杰 (ཏུའུ་ཅེ།)
  • ལོ་ཚིགས།2005ལོ།
  • སྐད་རིགས།བོད་སྐད་ལས་ཨམ་སྐད།
  • མཛེས་རྩལ།གསལ་ཁ་མི་འདུག
  • རོལ་མོ།གདུགས་དཀར་ཚེ་རིང་།
  • རིང་ཚད།སྐར་མ102
  • ཁ་དོགཚོན་ཁྲ།
  • པྲ་རྟགས།TF05201
  • སྦྲེལ་ཐགhttp://filmtbt.com/movies/story/2015-01-08/360.html
0

བྱ་དགའ་གང་ཐོབ།

2005ལོའི་སྐབས་ཉེར་ལྔ་པའི་ཀྲུང་གོའི་གསེར་བྱ་རྟགས་མའི་ཕུལ་བྱུང་འཁྲབ་ཁྲིད་པའི་ཐོག་མའི་བརྩམས་ཆོས་བྱ་དགའ།
2006ལོའི་སྐབས་བརྒྱད་པའི་ཀྲུང་གོའི་ཁྲང་ཁྲོན་གློག་བརྙན་དུས་ཆེན་སྟེང་གསེར་ཤྭ་རྟགས་མའི་དཔྱད་འདེམ་ཚོགས་པའི་དམིགས་གསལ་བྱ་དགའ།
2009ལོའི་སྐབས་དགུ་པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་ཡ་གླིང་མི་གསར་གྱི་བྱ་དགའ།

ནང་དོན་གནད་བསྡུས།

གློག་བརྙན་འདི་ནི་པེ་ཅིན་གློག་བརྙན་སློབ་གླིང་གི་ན་གཞོན་གློག་བརྙན་ཕབ་སྐྲུན་ཁང་གིས་ཕབ་པའི་གཏམ་རྒྱུད་གློག་བརྙན་ཞིག་ཡིན་ཞིང་། པད་མ་ཚེ་བརྟན་གིས་འཁྲབ་ཁྲིད་དང་འཁྲབ་ཁྲིད་པའི་འགན་གཅིག་ལྕོགས་ཏུ་འཁུར་བའི་བོད་སྐད་གློག་བརྙན་ཞིག་ཡིན།
གློག་བརྙན་འདིར་དངོས་བྲིས་ཀྱི་ཐབས་སྤྱད་ནས་དབེན་པའི་དགོན་ས་ལ་གནས་པའི་བན་དེ་ཆུང་ཆུང་ཞིག་ཕྱིར་ཕ་ཡུལ་ལ་ལོ་སར་དུ་འགྲོ་བའི་དོན་དག་ཅིག་བརྗོད་ཡོད། དགོན་ས་ནས་གྲོང་སྡེ། དེ་ནས་ཡང་བསྐྱར་དགོན་ས་ལ་ལོག་པ་བཅས་ཕར་ཚུར་གྱི་ཉིན་གསུམ་རིང་ལ། མཚར་སྣང་གིས་ཁེངས་བའི་བན་དེ་ཆུང་ཆུང་ནི་བརྙན་འཕྲིན་ཟློས་གར་ལ་ལྟ་རྒྱུར་སེམས་པ་ཤོར། གློག་བརྙན་འདིས་འཇིག་རྟེན་འཁོར་བ་དང་དབེན་པའི་དགོན་ས། དངོས་ཡོད་འཚོ་བ་དང་ལྷ་སྒྲུང་གཏམ་རྒྱུད། སྲོལ་རྒྱུན་རིག་གནས་དང་དེང་རབས་ཤེས་རིག་བཅས་ཀྱི་བར་ནས་བན་དེ་ཆུང་ཆུང་གི་འགལ་འདུའི་བསམ་བློ་དེ་བརྗོད་འདུག

འབྲེལ་པར།

འབྲེལ་ཡོད་གློག་བརྙན།

དཔྱད་མཆན་ཡོད།