དབུས་ལམ་གྱི་ཉི་མ། (太阳总在左边 THE SUN BEATEN PATH)

དབུས་ལམ་གྱི་ཉི་མ། (太阳总在左边 THE SUN BEATEN PATH)

  • འཁྲབ་ཁྲིད་པ།ཟོན་ཐར་རྒྱལ།
  • ཕབ་སྐྲུན།李兴 (ལིའུ་ཞིན།)
  • འཁྲབ་གཞུང་།ཟོན་ཐར་རྒྱལ།
  • འཁྲབ་སྟོན་པ།ཡེ་ཤེས་བསམ་འགྲུབ། ལོ་གཅེས། སྐལ་བཟང་རིན་ཆེན།
  • བརྙན་ལེན་པ།王猛 (བང་མིན།)
  • ལོ་ཚིགས།2011ལོའི་ཟླ3པ།
  • སྐད་རིགས།བོད་སྐད་ལས་ཨམ་སྐད།
  • མཛེས་རྩལ།འཕགས་པ་སྐྱབས།
  • རོལ་མོ།གདུགས་དཀར་ཚེ་རིང་།
  • རིང་ཚད། སྐར་མ89
  • ཁ་དོགཚོན་ཁྲ།
  • པྲ་རྟགས།TF11202
  • སྦྲེལ་ཐགhttp://filmtbt.com/movies/story/2015-01-08/359.html
0

བྱ་དགའ་གང་ཐོབ།

2011ལོར་སྐབས30པའི་ཝུན་ཀུ་ཧྭ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་སྟག་འབྲུག་སྡེ་ཚན་གྱི་བྱ་དགའ་ཐོབ།
2011ལོར་སྐབས14པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་ཡ་གླིང་ཕུལ་བྱུང་གི་འཁྲབ་ཁྲིད་པ་གསར་པའི་བྱ་དགའི་གྲལ་དུ་ཚུད།
2011ལོར་སྐབས64པའི་སུའུ་ཙེར་ལོའོ་ཅཱ་ནོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་དེང་རབས་འཁྲབ་ཁྲིད་པའི་འགྲན་བསྡུར་སྡེ་ཚན་ཁྲོད་དུ་གསེར་གཟིག་རྟགས་མའི་བྱ་དགའ་ཐོབ།

ནང་དོན་གནད་བསྡུས།

སྐྱེ་རྒ་ན་འཆི་ནི་མི་ཚེ་འདིར་འབྱུང་ངེས་པ་ཅིག་ཡིན་ལ་བློ་ཡུལ་ལས་འདས་པའི་དོན་ཆེ་མ་ཆུང་གསུམ་ཀྱང་མི་ཚེ་འདིར་རྒྱུན་པར་འབྱུང་བཞིན་ཡོད། གློག་བརྙན་འདིར་བདེ་སྐྱིད་ཀྱི་འཚོ་བ་རོལ་ལ་ཉེ་བའི་ཉི་མས་རང་གི་ལག་ཉེས་ཤིག་གིས་རང་གི་སེམས་གཏིང་ནས་གུས་ཤིང་བརྩི་བའི་ཨ་མ་འཇིག་རྟེན་ཕྱི་མའི་ཡུལ་དུ་བརྫངས་པས། ཉི་མ་སྡུག་བསྔལ་དང་གནོང་འགྱོད་བཟོད་དུ་མེད་པ་སྐྱེས་ནས་རང་གི་བྱས་ཉེས་དག་ཐབས་ཀྱིས་ཁྲག་འགོས་པའི་ས་སྤར་མོ་གང་བཟུང་སྟེ་ལྷ་སར་བརྐྱངས་ཕྱག་འཚལ་དུ་བསྐྱོད་པ་དང་བསྐྱོད་ནས་ཀྱང་ལྷ་ས་དག་པའི་ཞིང་དུ་སླེབས་ཀྱང་སེམས་ཀྱི་སྡུག་བསྔལ་དང་གནོང་པ་ཡེ་ནས་དྭངས་ཐབས་མ་བྱུང་། རེ་ཆད་དང་ཕམ་ལྟུང་དུ་གྱུར་པའི་ཉི་མ་ཕྱིར་ལོག་པའི་ལམ་བར་དུ་སེམས་པ་བཟང་ཞིང་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པའི་རྒད་པོ་ཞིག་དང་འཕྲད་ནས་ རྒད་པོ་དེས་སྡུག་བསྔལ་གྱི་རྒྱ་མཚོ་རུ་ལྷུང་ཞིང་སེམས་ཤུགས་མ་རྙེད་པའི་ཉི་མ་ལ་འཚོ་ཐབས་ཀྱི་གསོན་ཤུགས་གསར་པ་ཞིག་སྤྱིན་པ་མ་ཟད་དོན་དངོས་ཀྱི་འཚོ་བ་ལ་གདོང་གཏོད་ཐུབ་པའི་སྙིང་སྟོབས་ཤིག་ཀྱང་བསྩལ་པ་བརྗོད་ཡོད།

འབྲེལ་པར།

འབྲེལ་ཡོད་གློག་བརྙན།

དཔྱད་མཆན་ཡོད།