ཆང་ཧུབ་ཐེངས་གཅིག་གི་འཕྲུལ་སྣང་། (旅行者与魔法师 travellers and magicians)

ཆང་ཧུབ་ཐེངས་གཅིག་གི་འཕྲུལ་སྣང་། (旅行者与魔法师 travellers and magicians)

  • འཁྲབ་ཁྲིད་པ།མཁྱེན་བརྩེ་ནོར་བུ།
  • ཕབ་སྐྲུན།lmore Film
  • འཁྲབ་གཞུང་།མཁྱེན་བརྩེ་ནོར་བུ།
  • འཁྲབ་སྟོན་པ།ཚེ་དབང་དོན་གྲུབ། ལྷག་པ་རྡོ་རྗེ།
  • བརྙན་ལེན་པ།མཁྱེན་བརྩེ་ནོར་བུ།
  • ལོ་ཚིགས།2003ལོའི་ཟླ9པ།
  • སྐད་རིགས།རྫོང་ཁའི་སྐད།
  • མཛེས་རྩལ།བརྙན་རིང་།
  • རོལ་མོ།གསལ་ཁ་མི་འདུག
  • རིང་ཚད།སྐར་མ108
  • ཁ་དོགཚོན་ལྡན།
  • པྲ་རྟགས།TF03204
  • སྦྲེལ་ཐགhttp://filmtbt.com/movies/story/2015-01-08/365.html
0

བྱ་དགའ་གང་ཐོབ།

གསལ་ཁ་མི་འདུག

ནང་དོན་གནད་བསྡུས།

འབྲུག་པའི་སྡེ་དཔོན་ཏོན་ཏུའུ་ཅང་མ་འགོར་བར་ཞིང་གྲོང་གི་འཚོ་བ་ལ་སུན་སྣང་སྐྱེས་ཏེ་གྲོགས་པའི་འབྲེལ་བ་ལ་བརྟེན་ནས་རེ་ལྟོས་གྱི་ཡུལ་ཨ་རི་ལ་འགྲོ་འདོད་སྐྱེས། ཏོན་ཏུའུ་གྱིས་པོ་ལོ་དུས་ཆེན་ལ་གནང་བ་ཞུས་ཏེ་ཁ་ཁུ་སིམ་མེར་དངོས་པོ་བསྡུ་གསོག་བརྒྱབ་ནས་ཨ་རིར་ལམ་ལ་ཆས། སྡེ་བའི་གཞུང་ལམ་འགྲམ་ནས་ཏོན་ཏུའུ་གྲྭ་བ་ཞིག་ལ་ཐུག་པ་དང་། གྲྭ་བ་དེས་ཁོ་ལ་གཏམ་རྒྱུད་ཅིག་བཤད་པ་སྟེ། འབྲུག་ཡུལ་གྱི་ན་གཞོན་ཐ་ཞིས་རང་གི་ཁྲིམས་ཀྱི་བྱ་བ་བསྐྱུར་ནས་སེམས་ནང་བུད་མེད་ལ་བསམ་བློ་འཁོར་ནས་བསྡད། ཉིན་དེར་ཁོ་རྟས་ཐང་ལ་བརྒྱབ་ནས་ནགས་གསེབ་དུ་ལུས་པས། ནགས་ཚལ་ཁྲོད་ཀྱི་རྒན་པོ་ལོ་ལོན་ཞིག་གིས་ཁོར་རོགས་བྱས་པ་དང་རིམ་བཞིན་ན་གཞོན་མཛེས་སྡུག་ལྡན་པའི་ལོ་ལོན་དེའི་ཆུང་མས་ཁོའི་ཡིད་སེམས་བཀུག དེ་བས་ཁོ་གནས་དེར་བསྡད་ནས་ཡུན་རིང་འགོར་པ་དང་རྒན་པོ་གཉིས་ཀྱི་འགལ་བ་མངོན་གསལ་དུ་གྱུར། གཏམ་རྒྱུད་སྐབས་འདིར་ཐོན་དུས། ཏོན་ཏུའུ་དང་གྲྭ་བའི་བར་ལའང་བུད་མེད་ཅིག་སླེབས་པ་དང་དེས་ཏོན་ཏུའུ་ཡི་ལྟ་ཚུལ་ལ་འགྱུར་ལྡོག་ཅུང་ཙམ་བྱུང་དུ་བཅུག

འབྲེལ་པར།

འབྲེལ་ཡོད་གློག་བརྙན།

དཔྱད་མཆན་ཡོད།