འཚོལ། (寻找智美更登 The Search)

འཚོལ། (寻找智美更登 The Search)

  • འཁྲབ་ཁྲིད་པ།པད་མ་ཚེ་བརྟན།
  • ཕབ་སྐྲུན།སངས་རྒྱས་རྒྱ་མཚོ།
  • འཁྲབ་གཞུང་།པད་མ་ཚེ་བརྟན།
  • འཁྲབ་སྟོན་པ།སྨན་བླ་སྐྱབས། བརྩོན་འགྲུས། ཀླུ་མོ་འཚོ།
  • བརྙན་ལེན་པ།ཟོན་ཐར་རྒྱལ།
  • ལོ་ཚིགས།2007ལོ།
  • སྐད་རིགས།བོད་སྐད་ལས་ཨམ་སྐད།
  • མཛེས་རྩལ།ཟོན་ཐར་རྒྱལ།
  • རོལ་མོ།གདུགས་དཀར་ཚེ་རིང་།
  • རིང་ཚད། སྐར་མ112
  • ཁ་དོགཚོན་ཁྲ།
  • པྲ་རྟགས།TF07208
  • སྦྲེལ་ཐགhttp://filmtbt.com/movies/story/2015-01-08/361.html
0

བྱ་དགའ་གང་ཐོབ།

སྐབས་བཅུ་གཉིས་པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་གསེར་རྗེ་རྟགས་མའི་དཔྱད་འདེམ་ཚོགས་པའི་བྱ་དགའ།
སྐབས་བདུན་པའི་མན་ཀུའུ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་ཅིན་ཅེ་ནཱ་ལེ་དཔྱད་འདེམ་ཚོགས་པའི་བྱ་དགའ།

ནང་དོན་གནད་བསྡུས།

གློག་བརྙན་འདི་ནི་པད་མ་ཚེ་བརྟན་གྱིས་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་རྗེས་སུ་ལོ་ངོ་གསུམ་གྱི་དུས་ཡུན་བེད་སྤྱད་ནས་བཟོས་པའི་གློག་བརྙན་གཉིས་པ་དེ་ཡིན།
གློག་བརྙན་འདིའི་ནང་དུ་འཁྲབ་ཁྲིད་པ་དང་བརྙན་ལེན་པ་ཞིག་སྦྱིན་བདག་གི་སྣེ་ཁྲིད་འོག་ནས་དྲི་མེད་ཀུན་ལྡན་འཁྲབ་མཁན་གྱི་འཁྲབ་སྟོན་པ་ཞིག་འཚོལ་དུ་སོང་བའི་བརྒྱུད་རིམ་བརྗོད་ཡོད་ཅིང་། འཁྲབ་སྟོན་པ་འོས་འཚམ་ཞིག་འཚོལ་ཆེད་བརྙན་ལེན་ཚོ་ཆུང་རྣམ་ཐར་འཆམ་སའི་སྡེ་བ་དང་དགོན་པ། གྲོང་བརྡལ་སོགས་ས་ཆ་མང་པོ་ཞིག་ཏུ་སོང་ཞིང་འཁྲབ་ཁྲིད་པས་དྲི་མེད་ཀུན་ལྡན་གྱི་བཙུན་མོ་འཁྲབ་མཁན་གྱི་བུ་མོ་ཞིག་རྙེད་ནའང་ཁོ་མོས་མགོ་དཀྲིས་གྱོན་ཡོད་པས་བུ་མོའི་བྱད་བཞིན་མཐོང་མི་ཐུབ། བུ་མོས་ཁོ་ཚོར་བཙུན་མོ་འཁྲབ་རྒྱུར་ཁས་བླངས་ནའང་ཁོ་མོའི་སྔོན་ཆད་ཀྱི་དགའ་རོགས་ལ་འཕྲད་དགོས་པའི་རེ་བ་བཏོན་པས་འཁྲབ་ཁྲིད་ཚོ་ཆུང་གིས་ཁོ་མོའི་རེ་བ་དེ་དང་དུ་བླངས། ཁོ་མོའི་སྔོན་ཆད་ཀྱི་དགའ་རོགས་འཚོལ་བའི་ལམ་བར་དུ་སྦྱིན་བདག་གིས་ཁོ་ཚོར་ཁོ་རང་གི་ཆེས་ཐོག་མའི་བརྩེ་དུང་གི་གཏམ་རྒྱུད་བཤད་པས་བུ་མོ་དང་བཅས་པའི་ཁོ་ཚོ་ཚང་མ་ཡིད་འགུལ་ཐེབས། བརྩེ་དུང་གི་གཏམ་རྒྱུད་དེ་བར་བཅུག་བརྗོད་པའི་ཚུལ་དུ་བརྗོད་ཡོད་ཅིང་བུ་མོ་དེ་སྔོན་ཆད་ཀྱི་དགའ་རོགས་དང་འཕྲད་ཅིང་ཡང་ཁོ་དང་ཁ་བྲལ་ནས་ཕ་ཡུལ་དུ་ལོག ཁོ་ཚོས་མགོ་ནས་མཇུག་བར་བུ་མོ་དེའི་བྱད་བཞིན་མ་མཐོང་མོད་གཏམ་རྒྱུད་སྔར་བཞིན་མུ་མཐུད་ནས་བརྗོད་ཀྱིན་ཡོད་ལ་དྲི་མེད་ཀུན་ལྡན་ཡང་སྔར་བཞིན་དུ་འཚོལ་བཞིན་ཡོད་དོ།།

འབྲེལ་པར།

འབྲེལ་ཡོད་གློག་བརྙན།

དཔྱད་མཆན་ཡོད།