དབྱར་རྩྭ་དགུན་འབུ། (冬虫夏草 Cordyceps sinensis)

དབྱར་རྩྭ་དགུན་འབུ།  (冬虫夏草 Cordyceps sinensis)

  • འཁྲབ་ཁྲིད་པ།སྟག་ལྷ་རྒྱལ། རྡོ་རྗེ་ཚེ་རིང་།
  • ཕབ་སྐྲུན།གསལ་ཁ་མི་འདུག
  • འཁྲབ་གཞུང་།གསལ་ཁ་མི་འདུག
  • འཁྲབ་སྟོན་པ།བརྩོན་འགྲུས།
  • བརྙན་ལེན་པ།གསལ་ཁ་མི་འདུག
  • ལོ་ཚིགས།2017ལོ།
  • སྐད་རིགས།བོད་སྐད་ལས་ཨ་མདོའི་སྐད།
  • མཛེས་རྩལ།གསལ་ཁ་མི་འདུག
  • རོལ་མོ།གསལ་ཁ་མི་འདུག
  • རིང་ཚད།སྐར་མ96
  • ཁ་དོགཚོན་ཁྲ།
  • པྲ་རྟགས།TB17209
  • སྦྲེལ་ཐགགསལ་ཁ་མི་འདུག
0

བྱ་དགའ་གང་ཐོབ།

2017ལོའི་སྐབས་གཉིས་པའི་ཀྲུང་གོའི་མི་རིགས་ལོ་རྒྱུས་དངོས་བཤུས་གློག་བརྙན་གྱི་རིག་གཞུང་འགྲེམ་སྟོན་ཁྲོད་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།

ནང་དོན་གནད་བསྡུས།

དབྱར་རྩྭ་དགུན་འབུ་ཞེས་པའི་གློག་བརྙན་འདི་ནི་སྟག་ལྷ་རྒྱལ་དང་ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་དང་འཁྲབ་ཁྲིད་པ་གཉིས་ཀྱིས་ལོ་ངོ་གསུམ་གྱི་དུས་ཡུན་བེད་སྤྱད་ནས་མཉམ་གཅིག་ཏུ་ཕབ་པའི་དངོས་བཤུས་གློག་བརྙན་ཞིག་ཡིན།
གློག་བརྙན་འདིའི་ནང་གཙོ་བོ་མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་བིས་མདོ་ཞང་ནས་ཡིན་པའི་གྲྭ་ལོག་ཅིག་མགོ་ལོག་ས་ཆར་དབྱར་རྩྭ་བརྐོ་རུ་སོང་བའི་གནས་ཚུལ་བརྗོད་ཡོད། འདི་ལས་ང་ཚོས་བོད་ཁུལ་གྱི་རྙོག་འཛིང་ཆེ་བའི་དབྱར་རྩྭའི་ཉོ་ཚོང་གི་གནས་བབ་དེ་མཐོང་ཡོང་བ་མ་ཟད། དེ་དང་བསྟུན་ནས་ཚོགས་པ་ཞིག་གི་འཚོ་གནས་ཀྱི་གནས་བབ་དང་ཐོན་ལས་ཀྱི་གནས་བབ་དེ་མཐོང་ཡོང་། ད་དུང་གློག་བརྙན་འདིར་མི་རིགས་རང་གི་ཁྱད་ཆོས་ཀྱིས་ཕྱུག་ཅིང་རྣམ་པ་ཀུན་ཏུ་དངོས་བཤུས་ཀྱི་ཐབས་བེད་སྤྱད་ཡོད་པས། འདི་ལས་ང་ཚོས་དབྱར་རྩྭ་བརྐོ་མཁན་གྱི་སུ་དང་གང་གིས་ཀྱང་མི་ཤེས་པའི་སྐྱིད་སྡུག་དང་ཉེན་ཁ་ཡང་མཐོང་ཐུབ་བོ།།

འབྲེལ་པར།

འབྲེལ་ཡོད་གློག་བརྙན།

དཔྱད་མཆན་ཡོད།