ཕོར་པ། (高山上的世界杯 The Cup )

ཕོར་པ།  (高山上的世界杯 The Cup )

  • འཁྲབ་ཁྲིད་པ།མཁྱེན་བརྩེ་ནོར་བུ།
  • ཕབ་སྐྲུན།གྷི་ལན·ཧྥ་སེ་ཐྲི། (Glenn Fawcett)
  • འཁྲབ་གཞུང་།མཁྱེན་བརྩེ་ནོར་བུ།
  • འཁྲབ་སྟོན་པ།ཨོ་རྒྱན་སྟོབས་རྒྱལ། གནས་བརྟན་མཆོག་གླིང་། འཇམ་དབྱངས་བློ་གྲོས།
  • བརྙན་ལེན་པ།གསལ་ཁ་མི་འདུག
  • ལོ་ཚིགས།1999ལོའི་ཟླ8པའི་ཚེས2
  • སྐད་རིགས།བོད་སྐད།
  • མཛེས་རྩལ།གསལ་ཁ་མི་འདུག
  • རོལ་མོ།གསལ་ཁ་མི་འདུག
  • རིང་ཚད།སྐར་མ93
  • ཁ་དོགཚོན་ཁྲ།
  • པྲ་རྟགས།TB99210
  • སྦྲེལ་ཐགhttp://www.filmtbt.com/movies/story/2017-11-22/785.html
0

བྱ་དགའ་གང་ཐོབ།

༡༩༩༩ལོའི་ཡོ་རོབ་གློག་བརྙན་བྱ་དགའི་སྐབས་བཅུ་གཉིས་པའི་གླིང་ཧྲིལ་བོའི་བརྙན་ཡོལ་བྱ་དགའི་འོས་མིང་དུ་ཚུད།
༡༩༩༩ལོའི་སྐབས་བཞི་པའི་རླབས་རྒྱུན་གསར་བའི་བྱ་དགའི་འོས་མིང་དུ་ཚུད།
༡༩༩༩ལོའི་སྐབས་བཞི་པའི་རྒྱལ་སྤྱིའི་བརྙན་དཔྱད་མཐུན་ཚོགས་བྱ་དགའ་ཐོབ།

ནང་དོན་གནད་བསྡུས།

གློག་བརྙན་འདི་ནི་རྫོང་སར་རིན་པོ་ཆེས་གཏམ་རྒྱུད་ངོ་མ་ཞིག་བཅོས་སྒྲིག་བྱས་ཏེ་ཕབ་བསྐྲུན་བྱས་པའི་འབྲུག་ཡུལ་གྱི་གློག་བརྙན་ཐོག་མ་དེ་ཡིན།
གློག་བརྙན་འདིའི་ནང་དོན་གཙོ་བོ་ནི1998ལོའི་ཧྥ་རན་སེའི་འཛམ་གླིང་བུམ་པ་རྟགས་ཅན་གྱི་རྐང་གྲུག་འགྲན་བསྡུར་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་སྐབས་སུ། རི་བོ་ཧི་མ་ལ་ཡའི་འདབས་རོལ་གྱི་དབེན་ཞིང་འཇགས་པའི་དགོན་པ་ཞིག་གི་བན་ཕྲུག་ཆུང་ཆུང་ཞིག་ཀྱང་དེ་ལ་སེམས་པ་ཡོངས་སུ་ཤོར་ཞིང་དེས་ཡིད་སེམས་དབང་མེད་དུ་དྲངས་ནའང་དགོན་པའི་འགྲིག་ཁྲིམས་བཙན་པོས་ཁོའི་རེ་འདུན་ཆུང་ཆུང་དེ་མངོན་འགྱུར་བྱུང་མ་ཐུབ། དེ་དང་མཉམ་དུ་ལོ་ན་ཆུང་ཆུང་གི་ཉི་མ་དང་ཁོའི་ཨ་ཞང་གཉི་གའང་གནས་དེ་རུ་ཡུལ་གྱར་དུ་སླེབས། བན་ཕྲུག་ཆུང་ཆུང་གིས་ཐེངས་མང་པོར་རེ་ཞུ་བྱས་པ་བརྒྱུད་གྲྭ་རྒན་གྱིས་ཁོ་ལ་རྐང་གྲུག་ལྟ་རུ་འཇུག་རྒྱུའི་ཁས་བླངས། འོན་ཀྱང་དགོན་པ་རུ་བརྙན་འཕྲིན་འཕྲུལ་ཆས་མེད་ཅིང་འཁོར་སྐར་གྱི་བརྡ་རྟགས་ཀྱང་མི་བཟང་བས་རྐང་གྲུག་ལ་དགའ་བའི་གྲྭ་བ་ཚོས་ཐབས་ཅི་ཡོད་འཐེན་རྗེས་ད་གཟོད་དགོན་པའི་གྲྭ་བ་ཡོངས་ཀྱིས་འཛམ་གླིང་བུམ་པ་རྟགས་ཅན་གྱི་རྐང་གྲུག་འགྲན་བསྡུར་ལ་བལྟས་པའི་གནས་ཚུལ་དེ་བརྗོད་ཡོད།

འབྲེལ་པར།

འབྲེལ་ཡོད་གློག་བརྙན།

དཔྱད་མཆན་ཡོད།