ཧེ་མ། ཧེ་མ། (嘿玛 嘿玛 Hema Hema: Sing Me a Song While I Wait)

ཧེ་མ། ཧེ་མ། (嘿玛 嘿玛 Hema Hema: Sing Me a Song While I Wait)

  • འཁྲབ་ཁྲིད་པ།མཁྱེན་བརྩེ་ནོར་བུ།
  • ཕབ་སྐྲུན།གསལ་ཁ་མི་འདུག
  • འཁྲབ་གཞུང་།མཁྱེན་བརྩེ་ནོར་བུ།
  • འཁྲབ་སྟོན་པ།ཚེ་རིང་རྡོ་རྗེ། བསྟན་འཛིན་སྒྲོལ་མ། འཇམ་དབྱངས་རྡོ་རྗེ།
  • བརྙན་ལེན་པ།གསལ་ཁ་མི་འདུག
  • ལོ་ཚིགས།2016ལོ།
  • སྐད་རིགས།རྫོང་ཁ་སྐད།
  • མཛེས་རྩལ།གསལ་ཁ་མི་འདུག
  • རོལ་མོ།གསལ་ཁ་མི་འདུག
  • རིང་ཚད།སྐར་མ96
  • ཁ་དོགཚོན་ཁྲ།
  • པྲ་རྟགས།TB992111
  • སྦྲེལ་ཐགགསལ་ཁ་མི་འདུག
0

བྱ་དགའ་གང་ཐོབ།

༢༠༡༦ལོའི་ཟླ༩པའི་ཚེས༨ཉིན་ཐོ་རོན་ཐོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཞུགས།
༢༠༡༦ལོའི་ཟླ༡༠པའི་ཚེས༦ཉིན་སྐབས་ཉེར་གཅིག་པའི་ཧྥུའུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཞུགས།
༢༠༡༦ལོའི་ཟླ༨པའི་ཚེས༡༠ཉིན་ལོ་ཁཱར་ནོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཞུགས།
༢༠༡༦ལོའི་ཟླ༡༠པའི་ཚེས༡༦ཉིན་ཧོང་ཁང་ཨེ་ཤེ་ཡའི་གློག་བརྙན་དུས་ཆེན་དུ་ཞུགས།
༢༠༡༧ལོའི་ཟླ༦པའི་ཚེས༡༧ཉིན་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཞུགས།
2017ལོར་མི་ནེ་ཨ་ཕོ་ལི་སེ་ཧྲེན་ཕུ་ལོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཞུགས།

ནང་དོན་གནད་བསྡུས།

རི་བོ་ཧི་མ་ལ་ཡའི་རི་འདབས་ཀྱི་ནགས་གསེང་ཞིག་ཏུ་ལོ་འཁོར་བཅུ་གཉིས་རེའི་ནང་གསང་བའི་འདུ་ཚོགས་རེ་བསྡུ་བཞིན་ཡོད་དེ། འདུ་ཚོགས་དེར་གདམ་ཐོན་བྱུང་བའི་མི་སྣ་དག་གིས་གདོང་འབག་འདྲ་མིན་རེ་གྱོན་ནས་རང་རང་གི་མིང་ཐོབ་དང་ན་སོ། ཕོ་མོ་ལ་སོགས་མི་སྒེར་གྱི་གནས་ཚུལ་མཐའ་དག་ཡོངས་སུ་སྦ་གསང་བྱས་ནས་གཟའ་འཁོར་གཉིས་ཀྱི་རིང་ལ་འཇིག་རྟེན་ཟང་ཟིང་དང་བྲལ་བའི་འཚོ་བ་གསར་པ་ཞིག་རོལ་དགོས་བྱུང་ཡོད། དེའི་ཚེ་ན། ཁོ་ཚོས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་སོགས་ཡལ་བར་དོར་ནས་གདོང་འབག་ལ་བརྟེན་ཏེ་ལྷན་གཅིག་ཏུ་ཞབས་བྲོ་འཁྲབ་པ་དང་ཆོས་ལུགས་ཀྱི་ཆོ་ག་སྤེལ་བ་སོགས་བྱེད་ཀྱིན་ཡོད། འདི་ལྟ་བུའི་ཁོར་ཡུག་ཁྱད་པར་བ་ཞིག་གི་འོག་ཏུ། མི་ལ་ལ་ཞི་བར་གནས་བཞིན་ཏིང་ངེ་འཛིན་སྒོམ། ཡང་མི་ལ་ལས་འཇིག་རྟེན་འཁོར་བའི་འདོད་སེམས་འདོར་ཐབས་མེད་པས། མིའི་ནང་སེམས་ཀྱི་གཏིང་རིམ་ན་བག་ལ་ཉལ་བའི་གཉུག་གཤིས་མངོན་པར་བྱེད། བདེན་བདེན་འདྲ་ལ་རྫུན་རྫུན་དུ་སྣང་བའི་སོ་མཚམས་འདིའི་བར་ནས་གདོང་འབག་ནི་དགེ་བ་ཡིན་ལ་སྡིག་པའང་ཡིན།

འབྲེལ་པར།

འབྲེལ་ཡོད་གློག་བརྙན།

དཔྱད་མཆན་ཡོད།