གཙང་པོ། (河 River)

གཙང་པོ། (河  River)

  • འཁྲབ་ཁྲིད་པ།ཟོན་ཐར་རྒྱལ།
  • ཕབ་སྐྲུན།པད་མ་ཚེ་བརྟན།
  • འཁྲབ་གཞུང་།ཟོན་ཐར་རྒྱལ།
  • འཁྲབ་སྟོན་པ།དབྱངས་ཅན་ལྷ་མོ། གུ་རུ་ཚེ་བརྟན། རིག་འཛིན་སྒྲོལ་མ།
  • བརྙན་ལེན་པ།王猛 (བང་མིན།)
  • ལོ་ཚིགས།2015ལོའི་ཟླ2པ།
  • སྐད་རིགས།བོད་སྐད་ལས་ཨམ་སྐད།
  • མཛེས་རྩལ།སྟག་རྩེ་དོན་འགྲུབ།
  • རོལ་མོ།གསལ་ཁ་མི་འདུག
  • རིང་ཚད།སྐར་མ94
  • ཁ་དོགཚོན་ཁྲ།
  • པྲ་རྟགས།TF99212
  • སྦྲེལ་ཐགགསལ་ཁ་མི་འདུག
0

བྱ་དགའ་གང་ཐོབ།

༢༠༡༥ལོའི་སྐབས་དྲུག་ཅུ་རེ་ལྔ་པའི་པོར་ལེན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གསར་ཐོན་དུས་རབས་ཚན་ཁག་གི་ཆུ་ཤེལ་དོམ་བྱ་དགའ་ཐོབ།
༢༠༡༥ལོའི་སྐབས་བཅོ་བརྒྱད་པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཡ་གླིང་གི་མི་སྣ་གསར་བའི་ཕུལ་བྱུང་འཁྲབ་སྟོན་མའི་བྱ་དགའ་ཐོབ།
༢༠༡༦ལོའི་སྐབས་ཉེར་གསུམ་པའི་པེ་ཅིན་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་སྟོན་གྱི་མི་སྣ་གསར་བ་རྩེ་གྲའི་བྱ་དགའ་བཅས་ཐོབ།

ནང་དོན་གནད་བསྡུས།

གློག་བརྙན་འདིའི་ནང་དུ་གཙོ་བོ་ཨ་མ་རིན་སྒྲོལ་ལ་ཡང་བསྐྱར་མངལ་སྦྲུམ་ནས་བྱིས་པ་སྐྱེ་རག་བར་གྱི་དུས་ཚིགས་ཀྱི་འགྱུར་བ་གཞིར་བྱས་ཏེ། བུ་མོ་ཆུང་ཆུང་དབྱངས་ཅན་ལྷ་མོའི་མིག་ནང་གི་ཨ་མྱེས་དང་ཨ་ཕ་གུ་རུ་གཉིས་ཀྱི་མངོན་ལྐོག་གི་འབྲེལ་བ་དང་། དེ་བཞིན་མོ་དང་ཨ་ཕའི་བར་གྱི་ཐོགས་རེག་བྲལ་བའི་ནང་སེམས་ཀྱི་འགལ་འདུ་དང་བརྩེ་བ་གཙོ་བོར་བྱས་པའི་ཕལ་བའི་ཁྱིམ་ཚང་ཞིག་གི་སྐྱིད་སྡུག་གང་མང་ཞིག་བརྗོད་ཡོད་པ་རེད། གློག་བརྙན་འདི་ནི་ཕ་མ་བཟའ་ཚང་དབར་གྱི་བརྩེ་བ་དང་འདུ་འབྲལ་གཙོ་བོར་སྟོན་པའི་གློག་བརྙན་ཞིག་རེད། གློག་བརྙན་ལས་ས་མ་འབྲོག་གི་མི་ཚང་ཕལ་བ་ཞིག་གི་མི་རབས་གསུམ་དབར་གྱི་བརྩེ་བ་དང་འདུ་འབྲལ་ལ་རྐྱེན་བྱས་པའི་བཟའ་འཁོན་དང་། རང་བྱུང་བབ་ཆགས་ཀྱི་འཚོ་བའི་ཁྲོད་ཀྱི་དཀའ་ཚེགས་དང་རེ་སྨོན་སོགས་གཟུགས་ཅན་དུ་མཚོན་པར་བྱས་འདུག

གློག་བརྙན་འདི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་ཕབ་སྐྲུན་བྱས་ཤིང་། གློག་བརྙན་ཕབ་འགོ་ཚུགས་པ་ནས་མཇུག་རྫོགས་པའི་བར་དུ་དུས་ཡུན་ལོ་ངོ་གསུམ་ལྷག་འགོར་། གླུ་མ་རིག་འཛིན་སྒྲོལ་མ་དང་ལོ་ན་ཆུང་ཆུང་གི་དབྱངས་ཅན་ལྷ་མོས་གཙོ་འཁྲབ་གནང་ཡོད།

འབྲེལ་པར།

འབྲེལ་ཡོད་གློག་བརྙན།

དཔྱད་མཆན་ཡོད།