སྒྲོལ་མའི་སྐེ་རྒྱན། (卓玛的项链 the dor ma of coral necklace)

སྒྲོལ་མའི་སྐེ་རྒྱན། (卓玛的项链 the dor ma of coral necklace)

  • འཁྲབ་ཁྲིད་པ།ཞི་བདེ་ཉི་མ།
  • ཕབ་སྐྲུན།གངས་ལྷ་མེ་ཏོག་མི་རིགས་གློག་བརྙན་རིག་གནས་སྒྱུ་རྩལ་ཁྱབ་སྤེལ་ཚད་ཡོད་ཀུང་ཟི།
  • འཁྲབ་གཞུང་།ཞི་བདེ་ཉི་མ།
  • འཁྲབ་སྟོན་པ།དམ་ཅན་སྒྲོལ་མ། སྒྲོལ་མ་རྒྱལ། ཆོས་དབང་སྒྲོལ་མ།
  • བརྙན་ལེན་པ།བང་ཞུའེ་ཧྥུན། (王旭峰)
  • ལོ་ཚིགས།2012ལོ།
  • སྐད་རིགས།བོད་སྐད་ལས་དབུས་སྐད།
  • མཛེས་རྩལ།གསལ་ཁ་མི་འདུག
  • རོལ་མོ།གཡང་ཞའོ་ཅོན། ཀྲའོ་ཙུང་ཧྥུན། (杨晓军 赵宗峰)
  • རིང་ཚད།སྐར་མ50དང་སྐར་ཆ42
  • ཁ་དོགཚོན་ཁྲ།
  • པྲ་རྟགས།TF99213
  • སྦྲེལ་ཐགhttp://www.filmtbt.com/movies/story/2015-01-08/368.html
0

བྱ་དགའ་གང་ཐོབ།

ཆེས་ཐོག་མའི་ཀྲུང་གོའི་ནུབ་ཁུལ་སློབ་གྲྭ་ཆེན་མོའི་གློག་བརྙན་དུས་ཆེན་སྟེང་བྱ་དགའ་ཨང་གཉིས་པ་ཐོབ།

ནང་དོན་གནད་བསྡུས།

2010ལོའི་ལོ་གསར་སྐབས་སུ་ཕབ་སྐྲུན་བྱས་པའི་གློག་བརྙན་འདིའི་ནང་དུ། བོད་པའི་བུ་མོ་ཞིག་གིས་ཉིན་མ་རྟག་པར་རང་ལ་བྱུ་རུའི་སྐེ་རྒྱན་ཞིག་ཡོད་ན་བསམ་མོད། འོན་ཀྱང་ཁྱིམ་ཚང་གི་འཁོས་ཀ་ཞན་པའི་དབང་གིས་རེ་འདོད་མ་འགྲུབ་པར་རེ་ཞིག་ལུས་ཡང་། ཆེས་མཐའ་མར་ཨ་ཕ་འུ་ཐུག་ཐབས་ཟད་དུ་གྱུར་ནས་ཁྱིམ་གྱི་འབྲི་མོ་བཙོང་བའི་སྐད་ཅིག་མ་དེར་བསམ་བློར་འགྱུར་བ་ཐེབས་ནས་ཕྱི་ཡི་མཛེས་སྡུག་དང་རྒྱུ་ནོར་གྱི་དབང་ཤེད་དུ་མ་སོང་བར་ནང་སེམས་ཀྱི་མཛེས་པ་ལ་སྙེག་ཚུལ་བརྗོད་ཡོད།

གློག་བརྙན་འདི་ནི་གངས་ལྷ་མེ་ཏོག་གློག་བརྙན་རིག་རྩལ་ཁྱབ་སྤེལ་མཐུན་གཉེར་ལས་ཁུངས་ཀྱིས་མ་དངུལ་བཏང་ཞིང་བོད་ཀྱི་ཁ་ཤགས་སྒྱུ་རྩལ་པ་གྲགས་ཅན་ཞི་བདེ་ཉི་མས་འཁྲབ་ཁྲིད་གནང་བའི་གློག་བརྙན་ཞིག་ཡིན་ཞིང་། བྱིས་པའི་འཁྲབ་སྟོན་པ་གྲགས་ཅན་སྒྲོལ་མ་རྒྱལ་དང་འཁྲབ་སྟོན་པ་གྲགས་ཅན་ཆོས་དབང་སྒྲོལ་མ་ཡང་གློག་བརྙན་གཙོ་འཁྲབ་མའི་གྲས་སུ་ཞུགས་ཡོད་ཅིང་། དེ་མིན་དབྱངས་རྩོམ་མཁན་གྲགས་ཅན་གསང་བདག་གིས་བརྗོད་བྱའི་གླུ་དབྱངས་དང་རྒྱབ་ལྗོངས་རོལ་མོ་གསར་རྩོམ་བྱས་ཤིང་གསར་སྐྱེས་གླུ་མ་ཚེ་འཛིན་སྒྲོལ་མས་བརྗོད་བྱའི་གླུ་དབྱངས་བླངས་ཡོད་པ་མ་ཟད། ན་གཞོན་གླུ་བ་འབྲོང་སྐྱེས་བསོད་ནམས་རྒྱལ་གྱིས་ཕབ་སྐྲུན་པའི་འགན་འཁུར་བ་དང། ན་གཞོན་འཁྲབ་ཁྲིད་པ་རྡོ་རྗེ་རྒྱལ་མཚན་གྱིས་འཁྲབ་ཁྲིད་པ་གཞོན་པའི་འགན་འཁུར་ཡོད།

གློག་བརྙན་འདིར་མདོ་དབུས་ཁམས་གསུམ་གྱི་སྐད་བསྒྱུར་བྱས་ཡོད་པས་མི་ཚད། ད་རུང་རྒྱ་སྐད་དང་དབྱིན་སྐད་ལའང་སྐད་བསྒྱུར་བྱས་ཏེ་མཉམ་གཅིག་ཏུ་ཚོང་རྭར་བཀྲམ་རྩིས་ཡོད་པ་རེད།

འབྲེལ་པར།

འབྲེལ་ཡོད་གློག་བརྙན།

དཔྱད་མཆན་ཡོད།