ཚེ་གཟུངས་ལྷ་མོ། (翆松拉姆 TSEZUNG LHAMO)

ཚེ་གཟུངས་ལྷ་མོ། (翆松拉姆 TSEZUNG LHAMO)

  • འཁྲབ་ཁྲིད་པ།ཞི་བདེ་ཉི་མ།
  • ཕབ་སྐྲུན།བདུད་རྩི་སྐྱིད།
  • འཁྲབ་གཞུང་།ཞི་བདེ་ཉི་མ།
  • འཁྲབ་སྟོན་པ།གསལ་ཁ་མི་འདུག
  • བརྙན་ལེན་པ།སྒྲོལ་མ་རྒྱལ།
  • ལོ་ཚིགས།2016ལོ།
  • སྐད་རིགས།བོད་སྐད་ལས་ཨམ་སྐད།
  • མཛེས་རྩལ།གསལ་ཁ་མི་འདུག
  • རོལ་མོ།དབྱངས་ལྡན་ལྷ་མོ།
  • རིང་ཚད།གསལ་ཁ་མི་འདུག
  • ཁ་དོགཚོན་ཁྲ།
  • པྲ་རྟགས།TB99212
  • སྦྲེལ་ཐགགསལ་ཁ་མི་འདུག
0

བྱ་དགའ་གང་ཐོབ།

2016ལོའི་ཀོང་ཞིའི་མི་རིགས་གློག་བརྙན་འགྲེམ་སྟོན་དུས་ཆེན་གྱི་འགྲེམ་སྟོན་གཙོ་བོའི་སྡེ་ཚན་སྟེང་ནས་ཕུལ་བྱུང་གློག་བརྙན་གྱི་བྱ་དགའ་ཐོབ།

ནང་དོན་གནད་བསྡུས།

དངོས་ཞུའི་གློག་བརྙན་འདིའི་ནང་དུ། ལོ་ན་བཅོ་བརྒྱད་ལ་བུད་མ་ཐག་པའི་གཞོན་ནུ་མ་ཞིག་གིས། རང་ཉིད་སློབ་ཆེན་ལ་འགྲིམས་པའི་གོ་སྐབས་བཟང་པོ་རྒྱབ་ཏུ་གཡུགས་ནས་ཁྱིམ་ཚང་གི་འགན་ཁུར་དང་དུ་བླངས་ཏེ་བརྩེ་ཞིང་དུང་བའི་མིང་བོ་ཆུང་ཆུང་ལ་སློབ་སྦྱོང་གི་མཐུན་རྐྱེན་ཡོངས་སུ་སྦྱར་ཞིང་། གཅེས་སུ་འོས་པའི་གཡང་དཀར་ལུག་ཁྱུ་འཚོ་སྐྱོང་གནང་བ་དང་། དྲོད་སྐྱིད་ལྡན་པའི་ཁྱིམ་གཞི་ཞིག་རྒྱུད་འཛིན་བྱས་པའི་བརྒྱུད་རིམ་དེ་བརྗོད་པ་བརྒྱུད། ཁེར་རྐྱང་གི་གཞོན་ནུ་མ་ཞིག་གི་ལང་ཚོའི་མེ་ཏོག་དཀའ་སྡུག་གི་སད་སེར་ཁྲོད་ལྷག་ཡོད་པའི་དངོས་ཡོད་ཀྱི་གནས་ཚུལ་དེ་བསྟན་ཡོད།

ཞི་བདེ་ཉི་མས་གསར་དུ་བཟོས་པའི་དངོས་བཤུས་གློག་བརྙན་འདི2016ལོར་ཨ་རིའི་ཧྥོར་ཅི་ཉི་ཡ་གཙུག་ལག་སློབ་ཆེན་དང་ཝ་ཧྲིན་ཐོན་གཙུག་ལག་སློབ་ཆེན། ཁི་ལོན་པུས་ཡ་གཙུག་ལག་སློབ་ཆེན་སོགས་སུ་གདན་འདྲེན་ཞུས་ནས་དེ་གར་གཟིགས་འབུལ་བྱས་ཤིང་འབྲེལ་ཡོད་གློག་བརྙན་ལས་རིགས་ཀྱི་ཆེད་མཁས་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་ཕེབས་པའི་དཔྱོད་ལྡན་པ་དག་གིས་གདེང་འཇོག་ཚད་མཐོན་པོ་གནང་ནས་གྲགས་འགུལ་ཆེན་པོ་བཟོས་མྱོང་།

གཟེངས་རྟགས་འབུལ་བའི་མཛད་སྒོའི་སྟེང་། དཔྱད་འདེམས་ཚོགས་པའི་དཔྱད་བརྗོད་པས་འདི་ལྟར་འགྲེལ་བརྗོད་གནང་ཡོད་དེ། 《ཚེ་གཟུངས་ལྷ་མོ》 ནི་ཆེས་ཡིད་དུ་འོང་བའི་གློག་བརྙན་ཞིག་རེད། གློག་བརྙན་འདིའི་མཇུག་ཏུ་བཅར་འདྲི་ཆུང་ཆུང་ཞིག་ཡོད་པ་ལས་གཞན་བཅར་འདྲི་གང་ཡང་མེད། གློག་བརྙན་འདིའི་ནང་ང་ཚོས་ཐོས་ཐུབ་པ་ནི་བུ་མོ་ཆུང་ཆུང་འདིའི་སེམས་སྒྲ་ཡིན་ལ། སེམས་སྒྲ་འདི་ནི་ཁོ་མོའི་ཉིན་ཐོ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་མ་ཟད། ཁོ་མོས་རང་ཉིད་ལ་ཅི་ཞིག་གསལ་འདེབས་བྱེད་བཞིན་པ་དང་མཚུངས། ཟོལ་མེད་བབ་ཆགས་ནི་གློག་བརྙན་འདིའི་ཁྱད་ཆོས་གཙོ་བོར་བརྩིས་ཆོག་ལ། བརྙན་ལེན་ཆུ་ཚད་ཀྱང་རྩེར་སོན་ཞིང་སྒྲིག་སྦྱོར་ལ་ཡང་བློ་སྔོན་དུ་སོང་བས། གློག་བརྙན་གྱི་ཁྱད་ཆོས་གཅིག་གྱུར་ཆགས་ཡོད། དེ་བས་གློག་བརྙན་འདིས་ང་ཚོའི་མིག་མདུན་དུ་ཆེས་ཡིད་དབང་འཕྲོག་པའི་སྙན་རྩོམ་རིང་མོ་ཞིག་བཤམས་སོང་ཟེར།

དངོས་བཤུས་གློག་བརྙན་འདི་ཀོང་ཞི་ནན་ཉིན་དུ་འགྲེམ་སྟོན་བྱེད་དུས། ཁྱད་དུ་འཕགས་པའི་སྒྱུ་རྩལ་ཁྱད་ཆོས་ཀྱིས་མིའི་ཡིད་སེམས་ཅིག་ཅར་དུ་འཕྲོག་པས་ལྟད་མོ་བ་སེམས་འགུལ་ཐེབས་ནས་མིག་ཆུ་ཕྲོམ་ཕྲོམ་དུ་བཞུར་མྱོང་བར་བཤད། སྐབས་དེར་ལྟ་མཁན་ཞིག་གིས་ཞི་བདེ་ཉི་མའི་ལག་ཟུང་ལ་འཇུ་བཞིན་ཧ་ཅང་དད་གུས་དང་བཅས། ཁྱོད་ཀྱི་གློག་བརྙན་འདི་ནི་ཐེངས་འདིའི་གློག་བརྙན་བཞི་བཅུའི་འགྲེམ་སྟོན་ཁྲོད། ང་རང་ཆེས་དགའ་སའི་གློག་བརྙན་དེ་རེད། ངོ་མ་བཤད་ན།ཁྱོད་ཀྱི་གློག་བརྙན་འདི་ཀྲང་ཡི་མོ་ཡི་གློག་བརྙན་གྱི་ཐབས་རྩལ་ལ་སླེབས་འདུག དངོས་ནས་ཕུལ་དུ་བྱུང་བ་ཞིག་རེད་ཅེས་བསམ་ཚུལ་བརྗོད་མྱོང་སྐད།

འབྲེལ་པར།

འབྲེལ་ཡོད་གློག་བརྙན།

དཔྱད་མཆན་ཡོད།