གླིང་དཀར་སྟོད་ཀྱི་བྱམས་པ། (草原深处的爱)

གླིང་དཀར་སྟོད་ཀྱི་བྱམས་པ། (草原深处的爱)

  • འཁྲབ་ཁྲིད་པ།པད་མ་ཚེ་རིང་།
  • ཕབ་སྐྲུན།ཀན་སུའུ་མདོ་ལྷོ་གློག་བརྙན་འཕྲིན་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་ཟི།
  • འཁྲབ་གཞུང་།འབོ་རའི་ཀླུ་འབུམ་བཀྲ་ཤིས།
  • འཁྲབ་སྟོན་པ། འཕགས་པ་དོན་འགྲུབ། འཕགས་པ་འཚོ།
  • བརྙན་ལེན་པ།དཀོན་པེ།
  • ལོ་ཚིགས།2011ལོའི་ཟླ5པ།
  • སྐད་རིགས།བོད་སྐད་ལས་ཨམ་སྐད།
  • མཛེས་རྩལ།སྒྲོལ་མ་འཚོ། རྟ་མགྲིན་སྐྱིད།
  • རོལ་མོ།འབོ་རའི་ཀླུ་འབུམ་བཀྲ་ཤིས།
  • རིང་ཚད།སྐར་མ44དང་སྐར་ཆ47
  • ཁ་དོགཚོན་ཁྲ།
  • པྲ་རྟགས།TF11005
  • སྦྲེལ་ཐགhttp://www.tudou.com/programs/view/AocdKRJsx4M
0

བྱ་དགའ་གང་ཐོབ།

2014ལོའི་ཀྲུང་གོའི(མཚོ་སྔོན)འཛམ་གླིང་རི་ཁུལ་དངོས་བཤུས་གློག་བརྙན་དུས་ཆེན་གྱི་གཡང་ཊིའི་ཁུ་ནུའི་གཟེངས་རྟགས་ཐོབ།

ནང་དོན་གནད་བསྡུས།

གློག་བརྙན་འདིའི་ནང་སློབ་ཆེན་སློབ་མ་ཞིག་གཞི་རིམ་དུ་དམངས་སྲོལ་རིག་གནས་འཚོལ་བསྡུ་རུ་བསྐྱོད་པའི་གོ་རིམ་ཁྲོད་རྩྭ་ཐང་གཞོན་ནུ་མ་ཞིག་གི་མཛེས་སྡུག་དང་ལྷག་བསམ་དྭངས་གཙང་ལ་སེམས་པ་རྨང་ནས་ཤོར་བའི་གནས་ཚུལ་བརྗོད་པ་བརྒྱུད། ཁོའི་མི་ཚེའི་བརྩེ་དུང་གི་གདམ་ག་ནི་སྔར་ནས་ཐག་བཅད་ཟིན་ནའང་། མིག་སྔའི་འཚོ་གནས་ཀྱི་ཁོར་ཡུག་དང་ལས་གནས་ཀྱི་འགལ་བ་འདིས་ཁོ་ལ་སྡུག་བསྔལ་དང་བློ་ཕམ་བྱུང་དུ་བཅུག་པའི་གནས་ཚུལ་བརྗོད་ཡོད།

འབྲེལ་པར།

འབྲེལ་ཡོད་གློག་བརྙན།

དཔྱད་མཆན་ཡོད།