གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས། (大树下的孩子 A KID UNDER THE TREE)

གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས། (大树下的孩子 A KID UNDER THE TREE)

  • འཁྲབ་ཁྲིད་པ།བདུད་རྩི་སྐྱིད།
  • ཕབ་སྐྲུན།བསོད་ནམས་རྒྱལ།
  • འཁྲབ་གཞུང་།བདུད་རྩི་སྐྱིད།
  • འཁྲབ་སྟོན་པ།འཇམ་དཔལ་རྡོ་རྗེ། དཔའ་མཚོ་ཡག འཕགས་མོ་ཚེ་བརྟན།
  • བརྙན་ལེན་པ།སྒྲོལ་མ་རྒྱལ། ཀའོ་མིང་ཞིང་། (高明星)
  • ལོ་ཚིགས།2014ལོ།
  • སྐད་རིགས།བོད་སྐད་ལས་ཨམ་སྐད།
  • མཛེས་རྩལ།སྒྲོལ་མ་རྒྱལ། པད་མ་འབུམ།
  • རོལ་མོ།དབྱངས་ལྡན་ལྷ་མོ།
  • རིང་ཚད།སྐར་མ25དང་སྐར་ཆ49
  • ཁ་དོགཚོན་ཁྲ།
  • པྲ་རྟགས།TB99213
  • སྦྲེལ་ཐགhttp://www.filmtbt.com/movies/story/2018-04-05/842.html
0

བྱ་དགའ་གང་ཐོབ།

སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་བརྙན་ཐུང་དུས་ཆེན་སྟེང་ནས་གཏམ་རྒྱུད་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ།
སྐབས་གཉིས་པའི་ཀྲུང་གོའི་ཁྲུང་ཆིན་ན་གཞོན་གློག་བརྙན་སྒྱུ་རྩལ་དུས་ཆེན་སྟེང་ནས་དཔྱད་འདེམས་པའི་བྱ་དགའ་ཆེན་མོ་དང་གཏམ་རྒྱུད་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ།
སྐབས་གཉིས་པའི་ཨ་རིའི་སན་ཧྥུ་རན་སི་ཁོ་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གློག་བརྙན་དུས་ཆེན་སྟེང་ནས་གཏམ་རྒྱུད་གློག་བརྙན་རྩེ་གྲའི་འོས་མིང་དུ་ཚུད་པའི་བྱ་དགའ་ཐོབ།
སྐབས་གཉིས་པའི་པེ་ཅིན་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་བརྙན་ཐུང་གློག་བརྙན་དུས་ཆེན་སྟེང་ནས་གཏམ་རྒྱུད་ཐུང་གྲས་ཀྱི་བྱ་དགའ་ཐོབ།
སྐབས་བཞི་བའི་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་བརྙན་ཐུང་དུས་ཆེན་སྟེང་ནས་གཏམ་རྒྱུད་གློག་བརྙན་རྩེ་གྲའི་བྱ་དགའ་ཆེན་མོ་ཐོབ།
2014ལོར་རྒྱལ་ཡོངས་སློབ་ཆེན་མཉམ་འབྲེལ་ཚོགས་པས་ཀྲུང་གོའི་སློབ་ཆེན་སློབ་མའི་བརྩམས་ཆོས་རྩེ་གྲའི་གཟེངས་རྟགས་སུ་ཚུད།
2015ལོའི་རྒྱལ་ཡོངས་ལང་ཚོའི་སྟོབས་ཞེས་པའི་བརྙན་ཐུང་དུས་ཆེན་སྟེང་ནས་གཏམ་རྒྱུད་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ།
2015ལོའི་སྐབས་གཉིས་པའི་ཧྲིན་ཀྲིན་རྒྱལ་སྤྱིའི་བརྙན་ཐུང་དུས་ཆེན་སྟེང་ནས་བྱིས་པའི་གློག་བརྙན་ལེགས་ཤོས་ཀྱི་བྱ་དགའ་ཐོབ།
2015ལོའི་རྒྱ་སྐད་ཀྱི་སློབ་ཆེན་སློབ་མའི་མཐོང་སྣེ་སྒྱུ་རྩལ་དུས་ཆེན་སྟེང་ནས་གཙོ་འཁྲབ་པ་འཇམ་དཔལ་རྡོ་རྗེ་ལ་ཕུལ་བྱུང་འཁྲབ་སྟོན་པའི་བྱ་དགའ་ཐོབ་པ་དང་། དེ་མིན་གློག་བརྙན་ལ་ཕུལ་བྱུང་ཟློས་གར་གྱི་མིང་བཏགས་བྱ་དགའ་དང་བདུད་རྩི་སྐྱིད་ལ་ཕུལ་བྱུང་འཁྲབ་ཁྲིད་པའི་མིང་བཏགས་བྱ་དགའ་ཐོབ།

ནང་དོན་གནད་བསྡུས།

གློག་བརྙན་འདིའི་ནང་དོན་དུ། སྔོན་སྦྱངས་ཀྱི་བག་ཆགས་ཤིག་གི་དབང་གིས་ཆུང་བྱིས་པའི་དུས་ནས་བཟུང་སློབ་གྲྭར་འགྲོ་རྒྱུར་དགའ་བའི་བུ་ཆུང་ཞིག་གིས་ཉིན་དཀར་ལུག་འཚོ་ཞོར་དུ་ཤུག་སྡོང་ཁེར་སྐྱེས་ཞིག་གི་འོག་ནས་སློབ་མ་མེད་ལ་སློབ་དེབ་མེད་ཅིང་། སྒོ་སམ་དང་ཅོང་བརྡ་མེད་པར་རྡོ་ཡི་རྩེད་ར་བཤམས་ཏེ་ལུ་གུ་དང་རྡོ་ལེབ་ཚོགས་ལ་སློབ་ཁྲིད་བྱས་པའི་གནས་ཚུལ་དམིགས་བསལ་བ་ཞིག་མཚོན་ཐབས་ཁྱད་པར་བ་ཞིག་ལ་བརྟེན་ནས་བརྗོད་ཡོད།

གློག་བརྙན་འདི་ལ་དཔྱད་འདེམས་པས་འདི་ལྟར་གདེང་འཇོག་གནང་ཡོད་དེ།
གློག་བརྙན་འདི་ནི་སྤྱིར་བཏང་གི་འཚོ་བའི་གཏམ་རྒྱུད་ཅིག བསམ་ཡུལ་ལས་འདས་པའི་མཚོན་ཐབས་སྤྱད་དེ། གོ་དོན་གཏིང་ཟབ་པའི་མི་ཚེའི་རིན་ཐང་ཞིག ཁུ་སིམ་པའི་དུས་ཚོད་ཅིག་གི་ནང་། ལྗིད་ཏིག་ཏིག་གི་སེམས་ཚོར་ཞིག་དང་། འོད་སྣང་གི་སྟོབས་ཤུགས་ཤིག་དང་བཅས་ང་ཚོའི་བགོ་སྐལ་ལ་བསྩལ་ཡོད།

གློག་བརྙན་འདིས་གོང་གི་བྱ་དགའ་རེག་པ་ལས་གཞན། ཁ་ན་ཏ་དང་སུའུ་ཙེར། ལྷོ་ཁོ་རེ་ཡ་སོགས་རྒྱལ་སྤྱི་དང་ཧྲང་ཧའེ་ཀོང་ཀྲོའུ། ཝུའུ་ཧན་སོགས་རྒྱལ་ནང་གི་གྲོང་ཁྱེར་ཁག་ནས་རྒྱ་ཆེའི་སློབ་གྲྭ་ཆེན་མོ་བ་དང་ལྟ་མཁན་ལ་གཟིགས་འབུལ་བྱས།

གློག་བརྙན་འདི་ནི་རྒན་ཞི་བདེ་ཉི་མའི་བུ་མོ་བདུད་རྩི་སྐྱིད་ཀྱི་གློག་བརྙན་བརྩམས་ཆོས་ཤིག་ཡིན་ཞིང་། ཁོ་མོ་དེ་སྔོན་པེ་ཅིན་མི་རིགས་སློབ་གྲྭ་ཆེན་མོའི་གློག་བརྙན་འཕྲིན་འཁྲབ་ཁྲིད་སྡེ་ཁག་ནས་སློབ་མཐར་ཕྱིན་པ་ཡིན།

འབྲེལ་པར།

འབྲེལ་ཡོད་གློག་བརྙན།

དཔྱད་མཆན་ཡོད།