ཁོ་མོའི་མིང་ལ་བསོད་ལྷ་ཟེར། (她的名字叫索拉 Her Name is Suola)

ཁོ་མོའི་མིང་ལ་བསོད་ལྷ་ཟེར། (她的名字叫索拉 Her Name is Suola)

  • འཁྲབ་ཁྲིད་པ།ཨ་སྒང་ཡར་རྒྱས།
  • ཕབ་སྐྲུན།འཕགས་ནོར། ཀུན་བཟང་།
  • འཁྲབ་གཞུང་།ཨ་སྒང་ཡར་རྒྱས།
  • འཁྲབ་སྟོན་པ།གངས་ཅན་ཚེ་རིང་། དབང་སྒྲོན་མཚོ། འཇིགས་བྱེད་ཚེ་རིང་། ཚེ་དཔག་སྐྱིད།
  • བརྙན་ལེན་པ།ཞོའོ་ཧོང་ལིན། (肖洪灵)
  • ལོ་ཚིགས།2015ལོ།
  • སྐད་རིགས།བོད་སྐད་ལས་ཨམ་སྐད།
  • མཛེས་རྩལ།རོག་ཟ· མ་ཧ་མ་ཐེ།
  • རོལ་མོ།དན་ལེ། (段雷)
  • རིང་ཚད།སྐར་མ37
  • ཁ་དོགཚོན་ཁྲ།
  • པྲ་རྟགས།TB99214
  • སྦྲེལ་ཐགགསལ་ཁ་མི་འདུག
0

བྱ་དགའ་གང་ཐོབ།

གསལ་ཁ་མི་འདུག

ནང་དོན་གནད་བསྡུས།

གློག་བརྙན་འདི་ནི་བོད་ཀྱི་ཡུལ་སྡེ་ཕལ་བ་ཞིག་གི་ཕོ་མོ་གཉིས་བར་དུ་བྱུང་བའི་ཡ་ང་བའི་བརྩེ་དུང་བརྗོད་གཞིར་བྱས་པ་ཞིག་ཡིན་ལ། གཏམ་རྒྱུད་ཧྲིལ་བོ་ནི་དོན་འགྲུབ་ཀྱིས་གནས་བསྐོར་ལམ་ནས་གནས་མཇལ་བ་ལ་བཤད་པ་ཡིན་ཏེ། བསོད་ལྷ་ནི་དྭ་ཕྲུག་ཅིག་ཡིན་མོད་འོན་ཀྱང་སྡེ་བའི་མི་རྣམས་ཀྱིས་ཁོ་མོ་གདོན་མོ་ཞིག་ཡིན་པར་རློམ་ཡོད། ཁོ་མོའི་ཆུང་དུས་ཀྱི་རྩེད་རོགས་དང་གཞོན་དུས་ཀྱི་དགའ་རོགས་དོན་འགྲུབ་ཀྱིས་ཁོ་མོར་སྐེ་རྒྱན་ཞིག་ཉོ་ཆེད་གཡག་རྔ་བཅད་ནས་བཙོང་བས་སྡེ་བའི་ནང་གྲགས་འགུལ་ཆེན་པོ་བཟོས། སྐབས་དེར་སྡེ་མི་ཚོས་མདུང་རྩེ་བསོད་ལྷ་ལ་གཏད་པ་ན་ཁོ་མོ་ཐབས་ཟད་ནས་ཐག་རིང་ཞིག་ཏུ་རབ་བྱུང་བསྒྲུབ་ཏུ་འགྲོ་དགོས་བྱུང་། དོན་འགྲུབ་ཀྱིས་གནས་ཚུལ་དེ་གོ་རྗེས་ཁོ་ཡང་ཐེ་ཚོམ་མེད་པར་ཁོ་མོའི་རྗེས་སྙེག རྒྱུ་མཚན་ཁོ་མོར་མངལ་ཆགས་ཡོད་པས་སོ།།

གློག་བརྙན་འདི་ནི་ཨ་སྒང་ཡར་རྒྱས་པེ་ཅིན་འཁྲབ་སྟོན་སྒྱུ་རྩལ་སློབ་གླིང་གི་སློབ་མ་ཡིན་དུས་ཕབ་བསྐྲུན་བྱས་ཤིང་། སི་ཁྲོན་ཞིང་ཆེན་རྔ་བ་རྫོང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཕབ་ཅིང་། གློག་བརྙན་འདིའི་ཕབ་སྐྲུན་ཚོགས་པ་ནི་པེ་ཅིན་གྱི་གློག་བརྙན་སློབ་གྲྭ་སོ་སོའི་མཐར་ཕྱིན་དང་མ་ཕྱིན་པའི་སློབ་མ་དང་དགེ་རྒན་སོགས་ཆེད་ལས་མི་སྣ་སུམ་ཅུ་ལྷག་གིས་གྲུབ་ཡོད་ཅིང་། ཁྱད་དུ་འཕགས་པའི་འཁྲབ་སྟོན་པ་དང་ཆེད་ལས་ཀྱི་ཕབ་སྐྲུན་མི་སྣ། རྔ་བ་རྫོང་མི་དམངས་སྲིད་གཞུང་། རྫོང་ཡུལ་སྐོར་ཅུས་སོགས་ཀྱིས་མཐུན་རྐྱེན་རོགས་སྒྲུབ་འོག་ཕབ་བསྐྲུན་བྱས་པའི་གློག་བརྙན་ཞིག་ཡིན།

འབྲེལ་པར།

འབྲེལ་ཡོད་གློག་བརྙན།

དཔྱད་མཆན་ཡོད།