ཡོན་ཏན་གྱི་གློག་བརྙན«སྒོ་སམ»ཡོ་རོབ་གླིང་དུ་གཟིཊ་འབུལ་བྱས།

དཔྱད་མཆན་ཡོད།

  • 3
    ཁ་བ
    2018-09-15 12:49:31
    ངས་ཁྱེད་ཀྱི་གློག་བརྙན་ལ་ཐེངས་མང་ཞིག་བལྟས་བཞག  སྣང་ཚོར་དུ་ང་རང་གི་སེམས་པ་འདི་ལྷོད་པོ་ཞིག་བྱས་བྱུང་།བོད་མི་རིགས་ལ་ཁྱེད་ལྟ་བུ་མཁོ་ངེས་ཡིན།
  • 9
    རྔ་བ་མེ་བཙའ།
    2018-09-15 12:31:33
    ཉིན་དེར་ཁྲི་ཏུའི་ཆ་རུ་ལས་ཁྱིམ་ནས་གཟིགས་འབུལ་བྱེད་སྐབས་མྱོང་ཚོར་ཞིག་ལབ་འདོད་ཀྱང་དྲི་བ་འདོན་མཁན་མང་དྲགས་པས་གོ་སྐབས་ལྡན་མ་སོང་།   གློག་བརྙན་འདིར་བལྟས་རྗེས་ཁོ་བོའི་སེམས་ཀྱི་ག་ཤེད་ཅིག་ལ་བརྗོད་ཀྱིས་མི་ལངས་པའི་ཚོར་བ་ཆེན་པོ་ཞིག་གིས་བསྣན་འོང་།  མདོར་ན་གློག་བརྙན་འདི་ངོ་མ་ཡག་ཐལ།  འཁྲབ་ཁྲིད་པའི་གླེང་མོལ་དག་གི་ཁྲོད་ནས་ཁོ་རང་ཞི་ལྷོད་དང་རིག་གནས་ཀྱི་རྨང་གཞི་སྲ་བརྟན་ཡོད་མཁན་ཞིག་ཡིན་པའང་ཤུགས་ཀྱིས་མངོན་འོང་།  ཁྱེད་ཀྱིས་གློག་བརྙན་འདི་ལྟ་བུ་ཞིག་བཟོས་པར་ཐུགས་རྗེ་ཆེ།  
  • 2
    བསང་མེ་ཟླུམ།
    2018-09-15 12:17:35
    འདི་གློག་བརྙན་ཡག་གི་ཟེར་བ་ངོ་བསྟོད་དང་འུར་གཏམ་ཁོ་ན་རེད། ངས་བླ་བྲང་ནས་གློག་བརྙན་འདི་ལ་དངོས་སུ་བལྟས་ཡོད། བརྗོད་བྱ་དངམཚོན་ཐབས་གང་གི་ཆ་ནས་ཀྱང་གླེང་རིན་མི་འདུག་སྙམ་སོང་།   འདི་བོད་པའི་བགྲེ་གླེང་ཞིག་ལ་རེ་ཞུ་བྱས་ཏེ་བསྟན་པ་རེད། ཡོ་རོབ་ནས་གཟིགས་འབུལ་བྱས་སོང་ལྟ་བུའི་འུར་གཏམ་ཆེ་མ་བཟོ་རོགས།
  • 10
    སྒྲོག་རུས།
    2018-09-15 12:10:29
    ཡུལ་གྲོགས།རྨི་ལམ་གྱི་མཚོ་ངོགས་ནས་འཕྲད་ཐུབ་པར་ཤོག
  • 27
    དཀའ་ཐུབ་རྒྱལ།
    2018-09-15 10:37:24
    ཡར་སྔོན་ཞིག་ལ་ཁོང་གི་གློག་བརྙན་༼   སྒོ་སམ་  ༽གཟིགས་འབུལ་བྱེད་སྐབས་ཤིག་ལ་ལྟ་བའི་གོ་སྐབས་ལྡན།   ཡིད་འགུལ་ཐེབས་པའི་གློག་བརྙན་འདི་བོད་ཀྱི་གློག་བརྙན་ཚོའི་ཁྲོད་ཀྱི་ཐོད་བརྒལ་རང་བཞིན་ཅན་ཞིག་ཏུའང་མཐོང་སོང་།  གློག་བརྙན་འདི་དང་འབྲེལ་བའི་རྩོམ་རིང་ཞིག་ཀྱང་འབྲི་འདོད་ཡོད་པས།   ག་ལེར་མཇལ་ཡོང་།  འཁྲབ་ཁྲིད་པ་ཁྱེད་རང་མངོན་པར་བསྟོད།
  • 4
    རྡོ་རང་སད།
    2018-09-15 10:32:57
    རྩོམ་རིག་དང་གློག་བརྙན་གཉིས་ཆར་གྱི་འཇོན་ནུས་ལྡན་པའི་གཞོན་པ་ཁོང་ནི་མངོན་པར་བསྟོད།
  • 5
    དཔལ་ལྡན་མགོན་པོ།
    2018-09-15 10:30:24
    འཇོན་ནུས་དང་ཤེས་བརྩོན་ལྡན་པའི་ན་གཞོན་ཁོང་ལྟ་བུར་ནམ་ཡང་རྒྱབ་ནས་སྐྱོར་ཞིང་གུས་པས་འདུད་དོ།།