རབ་བྱུང་ན་བོད་འབྲེལ་དང་བོད་སྐད་དུ་ཕབས་པའམ་ཡང་ན་བོད་སྐད་དུ་བསྒྱུར་བའི་གློག་བརྙན་རིགས་རིན་མེད་དུ་ཕབས་ལེན་བྱ་རྒྱུ་ཡོད་པ་ཞིག་གནང་ཐུབ་ན་དགེ་མཚན་ཆེ། དེ་བཞིན་དྲ་ལམ་དང་ལས་འགུལ་འདིའི་རྒྱུད་བོད་ཀྱི་མི་རབས་གསར་པ་ཚོར་དེང་རབས་དང་མཐུན་པའི་གློག་བརྙན་ཐུང་གྲས་རིགས་བཟོ་རྒྱུའི་འབོད་བསྐུལ་ཞུ་ཐུབ་ན་དེ་བས་ལེགས། མདོར་ན་ཁྱེད་ཅག་གི་བྱ་བ་ལམ་ལྷོངས་དང་སྒོ་གང་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཞབས་ཕྱི་བླ་མེད་ཞུ་ཐུབ་པའི་གསོལ་སྨོན་རྟག་ཏུ་ཞུ་བཞིན་ཡོད། །