ཐང་རྙིང་།


༼   ཐང་རྙིང ༽  ཞེས་པའི་གློག་བརྙན་འདིའི་ནང་དུ་མི་རབས་ཞིག་གི་འགྱུར་མེད་དམ་བཅའ་དང་། ཁྲག་དང་དངུལ་ཆུར་བརྗེས་པའི་དད་སེམས་ལས་བྱུང་བའི་བློ་སྤོབས། འཇིག་རྟེན་ཕོ་མོའི་བར་གྱི་བརྩེ་དུང་དང་འགལ་བ། དེངས་རབས་སྤྱི་ཚོགས་ཀྱི་འགྲན་རྩོད་ལས་བྱུང་བའི་ཧམས་སེམས་བརྗོད་གཞི་བྱས་ཡོད་པའི་གློག་བརྙན་འདི་ནི་ན་གཞོན་འཁྲབ་ཁྲིད་པ་དབང་ཆེན་རྡོ་རྗེ་ཡི་འཁྲབ་གཞུང་དང་འཁྲབ་ཁྲིད་བྱས་ཤིང་། དེང་རབས་ཀྱི་ན་གཞོན་བརྙན་ལེན་པ་དང་སྒྲིག་སྦྱོར་བ་གཡུ་གསང་བདག་གིས་གཙོ་འཁྲབ་བྱས་པའི་གློག་བརྙན་ཞིག་ཡིན་ལ། གློག་བརྙན་འདི་ནི་རྨ་ལྷོ་རྫོང་སོག་བོད་སྒྲ་བརྙན་ལས་སྒྲུབ་ཚད་ཡོད་འགན་ལེན་ཀུང་ཟིས་སྤྱི་ལོ་2015ལོ་ནས་ཕབ་བསྐྲུན་ལས་མགོ་བརྩམས་ཤིང་། ད་ལོ་སྒྲིག་བཟོ་དང་སྒྲ་ཕབ་སོགས་ཀྱི་ལས་ཀ་ཡོངས་སུ་འགྲུབ་ནས་ཁྱེད་ཅག་སྤྱན་ལམ་འབུལ་ཐུབ་སོང་ནའང་། རྒྱུ་ཤུགས་དང་སེམས་ཤུགས་སོགས་ཀྱི་མ་འདང་ས་མང་པོ་ཞིག་ཀྱང་ཡོད་ངེས་པས་བློ་རྒྱ་ཆེ་ཞིང་གློག་བརྙན་གྱི་སྐྱ་རེངས་ཁྲོད་དུ་སྟོབས་ཀྱི་རྒྱུ་བཞིན་པའི་གྲོགས་པོ་ཚོས་འདི་ན་ནོར་འདུག་ཀན་ན་འཆུག་འདུག་ཞེས་བརྗོད་ཆོག་ཆོག་ཡིན། ཡིན་ནའང་ང་ཚོ་ན་གཞོན་སྐོར་ཞིག་གིས་དཀོན་མོ་རྒྱུ་དང་དཀའ་མོ་ཚེག་ལ་མ་འཛེམ་པར་གློག་བརྙན་འདི་ཕབ་བསྐྲུན་བྱེད་དོན་ནི་རང་གི་དགའ་ཕྱོགས་དང་མི་ཚེའི་ཕུགས་འདུན་ལ་དམིགས་ནས་མཐོ་སྒང་གི་གློག་བརྙན་གྱི་སྟོང་ཆ་འདིར་ཁ་གསབ་ཅུང་ཙམ་རྒྱག་ཐུབ་ནའང་རང་གི་བསམ་བློའི་ནུས་ཚོད་ཚོད་ཞིག་རེད་བསམ་སྟེ་དེ་རིང་ཅེས་ཀྱང་ཁྱེད་ཅག་གི་སྤྱན་ལམ་དུ་ཕུལ་ཟིན་པས་རྣམ་པ་ཚོས་ང་ཚོ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་བསམ་ཚུལ་མང་པོ་ཞིག་འདོན་པར་བཀའ་དྲིན་ཞུའོ། །

དཔྱད་མཆན་ཡོད།