གཙང་བོ་དང་ཐར་ལོ་ལ་ཡང་བསྐྱར་བྱ་དགའ།

 3d9ea3a115be549176f1c14919049cbd.jpg

         སྐབས་༢༣པའི་པེ་ཅིང་སློབ་ཆེན་སློབ་མའི་གློག་བརྙན་བྱ་དགའ་སྤྲོད་པའི་མཛད་སྒོ (23届北京大学生电影节闭幕式暨颁奖典礼)་ཨོ་ལིན་ཕིག་ལུས་རྩལ་ཁང་ཆེན་ནས་འཚོགས་ཤིང་། དེ་ལ། པད་མ་ཚེ་བརྟན་གྱི་ཐར་ལོ་དང་ཟོན་ཐར་རྒྱལ་གྱི་གཙང་བོ་ཞེས་པའི་གློག་བརྙན་གཉིས་འགྲན་སྡུར་ནང་ཚུད་འདུག་ཅིང་། ཐར་ལོའི་ཕབ་སྐྲུན་ཚོགས་པ་ལས་ཕབ་སྐྲུན་པ་དང་འཁྲབ་ཁྲིད་པ། འཁྲབ་སྟོན་པ་ཞི་བདེ་ཉི་མ་དང་གཡང་ཕྱུག་འཚོ་སོགས་ཞུགས་ལ། གཙང་བོའི་ཕབ་སྐྲུན་པ་བསོད་ནམས་རིན་ཆེན་རྒྱལ་དང་འཁྲབ་ཁྲིད་པ། གཙོ་འཁྲབ་པ་དབྱངས་ཅན་ལྷ་མོ་བཅས་དངོས་སུ་ཞུགས་འདུག

webwxgetmsgimg (1).jpg

 

webwxgetmsgimg.jpg

 

         བྱ་དགའི་རྣམ་གྲངས་དག་ལས། གཙང་བོའི་འཁྲབ་སྟོན་པ་དབྱངས་ཅན་ལྷ་མོ་ལ་མི་གསར་རྩེ་གྲའི་བྱ་དགའ་Best New Rising Star 最佳新人奖)དང་། ཐར་ལོ་ལ་སྒྱུ་རྩལ་ཉམས་ཞིབ་རྩེ་གྲའི་བྱ་དགའ་Best Art Exploring Award 最佳艺术探索奖)ཐོབ།

 

webwxgetmsgimg (2).jpg

 

དཔྱད་མཆན་ཡོད།