རྒན་པདྨ་ཚེ་བརྟན་གྱི་གློག་བརྙན«གསའ»དེ་རིང་གློག་བརྙན་ཁང་སོ་སོ་ནས་སྟོན་གྱིན་འདུག

640.jpg

              འཁྲབ་ཁྲིད་པ་རྒན་པད་མ་ཚེ་བརྟན་ཁོང་བོད་ཁུལ་གྱི་རླབས་རྒྱུན་གསར་བའི་གློག་བརྙན་གྱི་ཤིང་རྟའི་སྲོལ་འབྱེད་པ་ཡིན་པའི་ཆ་ནས། དང་ཐོག་གི«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»ནས«འཚོལ།» «ཐར་ལོ།» «ལག་དམར» དེ་ནས«དབུགས་ལྒང»སོགས་གློག་བརྙན་བརྩམས་ཆོས་གང་ཡིན་ནའང་རྒྱལ་ཁབ་ཕྱི་ནང་གཉིས་ཀའི་གློག་བརྙན་སྡེ་རུ་བསྔགས་བརྗོད་ཚད་མེད་ཐོབ།

1712128979166102.jpg

            མི་འགྱངས་བར་གཟིགས་འབུལ་བྱེད་རྒྱུ་ཡིན་པའི་གློག་བརྙན«གསའ»ནི་ཚེ་སྲོག་དང་དད་མོས་ལ་འབྲེལ་བའི་གཏམ་རྒྱུད་ཅིག་བརྗོད་ཡོད་པ་མ་ཟད། མཐོ་སྒང་གི་ཡུལ་ལུང་འདི་རུ་སྙན་ངག་གི་ཉམས་དང་བཅས་མི་གཤིས་ཀྱི་གཏིང་ཟབ་སར་ལག་སྙོབ་བྱས་པའི་གློག་བརྙན་ཞིག་རེད། ང་ཚོས་གློག་བརྙན་འདི་བརྒྱུད་ནས་ཁྱེད་དང་ལྷན་དུ་མཐོ་སྒང་གི་ཞིང་ཁམས་འདི་ཡི་དག་གཙང་དང་གཟི་བྱིན་ལ་རོལ་མྱོང་བྱེད་ཐུབ།

         གློག་བརྙན«གསའ»ལ་བལྟས་པ་བརྒྱུད་ང་ཚོས་འཁྲབ་ཁྲིད་པའི་ཐུན་མིན་ཁྱད་དུ་འཕགས་པའི་མཛེས་དཔྱོད་ལྟ་བར་ཉམས་སུ་མྱོང་ཐུབ་པའི་མི་ཚད། དེང་དུས་བོད་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་མི་ཚུལ་རིག་གནས་ལ་བསམ་གཞིག་ནན་ཏུར་གཏོང་ཐུབ། གློག་བརྙན་འདིར་སྔར་ལས་ལྷག་པའི་པའི་སྒོ་ནས་ཚད་རིམ་མཐོན་པོའིCGལག་རྩལ་བེད་སྤྱད་ཡོད་པས། ང་ཚོས་གསལ་ཚད་མཐོ་བའི་གསའ་ཡི་སྣང་བརྙན་བརྙན་མིག་བརྒྱུད་ནས་ཤེས་རྟོགས་བྱེད་ཐུབ་པས། རེ་སྒུག་ཆེན་པོ་བྱ་ཆོག

         ཡར་སྔོན། རྒྱལ་ཁབ་ཕྱི་ནང་གཉིས་ཀའི་གློག་བརྙན་དུས་ཆེན་མང་པོས་རྒན་པད་མ་ཚེ་བརྟན་ལ་རྣམ་པ་འདྲ་མི་འདྲ་བའི་ངང་ནས་རྗེས་དྲན་བྱ་འགུལ་དང་ཚོགས་འདུ་སྣ་མང་ཚོགས་པ་བརྒྱུད། བོད་སྐད་གློག་བརྙན་གྱི་རུ་འདྲེན་པ་ཁོང་གིས་བོད་མ་ཟད་ཀྱི་རྒྱལ་ཁབ་ཕྱི་ནང་གཉིས་ཀའི་གློག་བརྙན་སྡེ་རུ་བཞག་པའི་བྱས་རྗེས་ལ་དྲན་གསོ་དང་རྗེས་དྲན་བྱས། རླབས་ཆེན་གྱི་སྐྱེས་བུ་ཁོང་མི་མངོན་དབྱིངས་སུ་བཞུད་ནའང་། ཁོང་གི་མཛད་པ་འཕྲིན་ལས་ནི་སྔར་བཞིན་དུ་མི་ཚོའི་གཟིགས་ངོར་བསྟར་བཞིན་ཡོད་པས།

         སྤྱི་ཟླ4པའི་ཚེས3ཉིན། ང་ཚོ་གློག་བརྙན་ཁང་དུ་སོང་ནས་ཁོང་གི་གློག་བརྙན་བརྩམས་ཆོས་མཐའ་མ་ལ་བལྟ་ཞོར་སྐྱེས་བུ་ཁོང་ལ་རྗེས་དྲན་བྱ།

རྩོམ་སྐུར་ཡུལ།   E-mail: tata@Filmtbt.com   

1712129288510916.jpg

1712129379455276.jpg

1712129448175913.jpg

1712129659351139.jpg

1712129493508033.jpg

དཔྱད་མཆན་ཡོད།