༡
སྤྱི་ཟླ༨པའི་ཚེས༢༨ཉིན། གཟའ་ཉི་མ། 86358ཅཱ་ཅ་ཀྲོང་བརྙན་ཐུང་དུས་ཆེན་སྐབས་དྲུག་པའི་གཙོ་འགྲན་སྡེ་ཚན་སོ་སོའི་བྱ་དགའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། རབ་བརྟན་ཡག་གིས་འཁྲབ་ཁྲིད་བྱས་པའི་བརྙན་ཐུང་«མི་ཞིག་འཚོལ་བ»ཞེས་པས་ཐེངས་འདིའི་བརྙན་འགྲེམ་དུས་ཆེན་ཁྲོད་གློག་བརྙན་རྩེ་གྲའི་བྱ་དགའ་བླངས།
སྤྱི་ཟླ༨པའི་ཚེས༢༨ཉིན། གཟའ་ཉི་མ། དེ་རིང་གི་ཉིན་འདིར། མཐོ་རླབས་ལ་རྒོལ་བའི་གློག་བརྙན་ལས་སྒྲུབ་ཁང་གིས༼ ཁོ་མོ་དང་ཁོ་མོ་དང་ཁོ་མོ་དང་ཁོ་མོ ༽ ཞེས་པའི་བརྗོད་གཞིའི་ཐོག་ནས་སྐྱེས་མ་འཁྲབ་ཁྲིད་པ་བཞིའི་གློག་བརྙན་བརྩམས་ཆོས་རིན་མེད་ངང་པེ་ཅིན་ནས་གཟིགས་འབུལ་བྱས་ཤིང་། དེའི་ཁྲོད་དུ་གངས་སྒྲོན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན«དབྱར་སྐྱིད་ཕྲ་མོ»ཞེས་པ་ཐེངས་འདིའི་བྱ་འགུལ་ཁྲོད་གཟིགས་འབུལ་བྱས།
༢
སྤྱི་ཟླ༨པའི་ཚེས༢༦ཉིན། གཟའ་པ་སངས། ༢༠༢༢ལོའི་གློག་བརྙན་འཕྲིན་ལམ་སྨྱན་བྱད་ཀྱི་གཟི་འོད་འབར་བའི་མཚན་མོའི་ཁྲོད་དུ་ཚུད་པའི་གློག་བརྙན༡༥མིང་ཐོ་གཟི་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་བྱས་ཤིང་། དགའ་འོས་པ་ཞིག་ལ་ཁྲིན་ཀོ་ཞིན་དང་ལྷ་དཔལ་རྒྱལ་གཉིས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན«ལོ་ཁུངས་དང་འཇིགས་མེད»ཅེས་པ་མིང་ཐོ་ཁྲོད་ཚུད་འདུག
༣
སྤྱི་ཟླ༨ཚེས༢༣ཉིན། གཟའ་མིག་དམར། ༼ ཀྲུང་གོའི་གསར་འགྱུར ༽ ཞེས་པའི་རྒྱ་ཡིག་གི་དུས་དེབ་སྟེང་། ན་གཞོན་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ཀྱི་གློག་བརྙན«གཅིག་དང་བཞི»ཞེས་པར་བཅར་འདྲི་ལེ་ཚན་ཞིག་སྤེལ།
ཡོང་ཁུངས། པྲ་དྲ།
དཔྱད་མཆན་ཡོད།