ཟླ་ཚང་དཔལ་མཁར་རྒྱལ། (གློག་བརྙན་དཔྱད་བརྗོད་པ། འབྲོག་ཁྱི་འཚོལ་ཞིབ་པ། )
«གློག་བརྙན་དང་རྒྱང་ལྟ»ཞེས་པའི་ནང་དོན་བསྡུས་པ།
དེབ་འདི་ལས་གློག་བརྙན་རྩོམ་རིག་གི་མཐོང་སྣེ་སྤྱད་དེ་གློག་བརྙན་རིག་པའི་ཐབས་སུ་གློག་བརྙན་གྱི་རང་ལུགས་དང་གློག་བརྙན་གྱི་སྐད་བརྡ། གློག་བརྙན་གྱི་ལོ་རྒྱུས། གློག་བརྙན་གྱི་ཕྲན་དཔྱད་བཅས་ཀྱི་འབྲེལ་ཆོས་ལ་གཞིགས་ནས་གློག་བརྙན་གྱི་མཛེས་དཔྱོད་རིན་ཐང་ས་བཅད་མི་འདྲ་བ་བཞི་རུ་ཕྱེ་ནས་བྲིས་པ་ཡིན།
གཅིག སྔ་རབས་གློག་བརྙན་ཁང་གི་གནས་སྟངས་ལས་སྔ་རབས་གློག་བརྙན་གྱི་བྱུང་བ། གློག་བརྙན་དཔལ་འབྱོར་རིག་པའི་ཁྱབ་ཁོངས་ནས་གློག་བརྙན་གྱི་རིགས་ལམ་དང་གློག་བརྙན་གྱི་འགལ་འབྲེལ། ནུབ་རྒྱུད་གློག་བརྙན་དང་ནུབ་རྒྱུད་གློག་བརྙན་གྱི་ཤེས་རིག་འཐབ་རྩོད་བཅས་བརྗོད་པ་གཞིར་བྱས་ཏེ་གློག་བརྙན་རང་ངོས་ཀྱི་མཛེས་པ་མངོན་ཡོད།
གཉིས། བོད་བརྙན་ལོ་རྒྱུས་གསར་བའི་ཁུངས་སྣེ་ནས་བོད་བརྙན་གྱི་དངོས་ཡོད་གནས་སྟངས་དང་བོད་འབྲེལ་གློག་བརྙན་གྱི་བྱུང་འདས་ཐོར་རེ་ཙམ། བོད་བརྙན་གྱི་དཔུང་སྡེ་འཕེལ་འགྱུར། བོད་བརྙན་གྱི་བརྡ་ཆད་དོགས་གནད། བོད་བརྙན་རྩོམ་རིག་གི་བརྩམས་དེབ་བྱུང་བ་རགས་བསྡུས་སུ་བརྗོད་ཡོད།
གསུམ། འཛམ་གླིང་སྐྱེ་ཁམས་གློག་བརྙན་གྱི་མི་སྣའི་མཛད་པ་དང་འབྲེལ་ནས་སྲོག་ཆགས་རིག་པ་དང་བརྙན་མིག་གི་ཐབས་ཤེས་འཛིན་ཐབས། དེ་བཞིན། ཁྱི་འབྲེལ་གློག་བརྙན་གྱི་བྱུང་བ་དང་སྒྲ་བརྙན་འོད་གཟུགས་ཀྱི་ལམ་ནས་དམངས་ཁྲོད་སྐྱེ་ཁམས་བརྙན་ཐུང་གི་བརྙན་ཚགས་ཟིན་བྲིས་བཞེངས་ཚུལ། སྲོག་ཆགས་འཚོལ་ཞིབ་དང་བརྙན་མིག་གི་སྐད་བརྡའི་འབྲེལ་ཆོས་བཅས་བརྗོད་ཡོད།
བཞི། ལོ་ངོ་དུ་མའི་རིང་ལ་གློག་བརྙན་ལ་མྱོང་སྣང་དང་གློག་བརྙན་ཉམས་ཞིབ་གང་ལེགས་བྱས་པ་བརྒྱུད། བརྙན་དཔྱད་པ་རང་ངོས་ཀྱི་གློག་བརྙན་དཔྱད་བརྗོད་ཁག་ཅིག་གསལ་ནས་བརྙན་དཔྱད་ཆེད་བཀོད་བྱས་པ་མ་ཟད། བོད་བརྙན་མི་སྣ་སྐོར་ཅིག་དང་འབྲེལ་ནས་ཁོ་ཚོའི་གློག་བརྙན་གཏམ་རྒྱུད་ཐུང་ངུ་རེའང་ཟུར་བཀོད་བྱས་ཡོད།
བརྩམས་དེབ་འདི་ནི་ཁོ་བོས་ལོ་ངོ་བཞི་ལྷག་གི་རིང་ལ་བྲིས་པའི་གློག་བརྙན་ལོ་རྒྱུས་དང་གློག་བརྙན་ཕྲན་དཔྱད་ཀྱི་ཐབས་སུ་བྲིས་པའི་དེབ་ཅིག་ཡིན། བརྩམས་དེབ་ཀྱི་ཁེ་ཕན་ནི་དཔལ་འབྱོར་གྱི་འཁོར་ལམ་རྐྱང་རྐྱང་ལ་དམིགས་པའི་ཁེ་ཚོང་གི་ལམ་ཙམ་མ་ཡིན་པར། རང་དབང་གི་བརྩམས་ཆོས་ལ་སྒེར་གཤིས་ཀྱི་རྒྱང་ལྟ་དང་དངོས་ཡོད་སེམས་ཁྲལ་གང་ཞིག་གི་ཆེད་དུ་བྲིས་པའི་བདེན་དོན་གྱི་ཟིན་བྲིས་ཡིན་ནོ། །
«གློག་བརྙན་དང་རྒྱང་ལྟ»དང་འབྲེལ་བའི་དཀར་ཆག་རགས་བསྡུས།
ས་བཅད་དང་པོ། གློག་བརྙན་རང་མཚན།
གློག་བརྙན་ཁང་གླེང་བ།
གློག་བརྙན་གྱི་རང་མཚན་བློ་འབྱེད་ཟིན་ཐོ།
གློག་བརྙན་ནི་དཔལ་འབྱོར་རིག་པ་ཞིག་ཡིན།
ནུབ་རྒྱུད་གློག་བརྙན་དང་གློག་བརྙན་བསྒྲགས་གཏམ།
བརྙན་མིག་དང་ཟུར་ཚད་ཀྱི་བརྡ་སྤྲོད།
ས་བཅད་གཉིས་པ། བོད་བརྙན་ལོ་རྒྱུས།
བོད་བརྙན་གྱི་ཕྱི་ནང་གསང་བ།
གློག་བརྙན་གྱི་ནད་ཚ།
བརྙན་ཕྲན་གྱི་ཕྱི་ནང་གསེད་འགྲོལ།
བོད་བརྙན་རྩོམ་རིག་བྱུང་འཕེལ་དང་བརྩམས་དེབ་གནད་བསྡུས།
ས་བཅད་གསུམ་པ། སྐྱེ་ཁམས་གློག་བརྙན།
སྒྲ་གཟུགས་ལས་བྱུང་བའི་བོད་ཡུལ་གྱི་སྐྱེ་ཁམས་བརྙན་ཐུང་སྐོར།
བརྙན་མིག་སྐད་བརྡ་དང་སྲོག་ཆགས་འཚོལ་ཞིབ།
ཁྱི་དང་གློག་བརྙན།
ཡཱ་ཁུ་ཨ་ནོ་དང་ཡཱ་ཁུ་པེ་ཧྭན་གྱི་སྐྱེ་ཁམས་གློག་བརྙན།
ས་བཅད་བཞི་བ། བརྙན་དཔྱད་ཟིན་ཐོ།
བོད་བརྙན«ཐར་ལོ»གླེང་བ།
བོད་ནས་བཞུར་བའི་གཙང་བོ་ཞིག་གི་རླབས་རྒྱུན།
དངོས་བཤུས་གློག་བརྙན་ལས་བྱུང་བའི་ལོ་རྒྱུས་ཀྱི་རྒུད།
གློག་བརྙན«ལག་དམར»གྱི་བསྡུར་ཐབས་རིག་པ།
«དབུགས་ལྒང»དང་«དབུགས་ལྒང»གི་བསྡུར་དཔྱད།
བོད་བརྙན་མི་སྣའི་མཛད་པ་དང་རིས་འགྲེལ་བསྡུས་པ།
བོད་བརྙན་གྱི་ཆེད་སྤྱོད་མིང་བརྡ་གསར་བ།
བཤེར་རིས།
དེབ་གསར་མངག་ཉོ་བྱེད་ས། གཡུ་ལོ་ཚང་།
དཔྱད་མཆན་ཡོད།