བོད་ཀྱི་ཆེས་ཐོག་མའི་དུས་བསྲིངས་བརྙན་ཕབ་ཁྱབ་བསྒྲགས་མཛད་སྒོ་སྤེལ། ​

1517656273240977.jpg

དུས་བསྲིངས་བརྙན་ཕབ་བརྩམས་ཆོས《རྨ་རྒྱལ་སྦོམ་ར》ནི།   བོད་ཀྱི་གཞོན་སྐྱེས་པར་ལེན་པ་སྟག་སེང་རྡོ་རྗེས་ལོ་ངོ་གཉིས་དང་དུས་ཚིགས་བརྒྱད་ཀྱི་རིང་དཀའ་བ་ཁྱད་བསད་དང་བརྩོན་པ་རྒྱུན་འཁྱོངས་ཀྱི་འབྲས་བུ་སྟེ།   མཚོ་བོད་མཐོ་སྒང་དང་ཁྱད་པར་དུ་རྨ་ཆེན་གངས་རི་བརྗོད་བྱ་བྱས་པའི་སྐར་མ་བདུན་ཅན་གྱི་བོད་ཀྱི་ཆེས་ཐོག་མའི་དུས་བསྲིངས་བརྙན་ཕབ་བརྩམས་ཆོས་ཤིག་ཡིན།     བརྩམས་ཆོས་འདིར་བོད་ཀྱི་ཐུན་མོང་མ་ཡིན་པའི་དྭངས་གཙང་གི་རི་ཆུ་ནགས་གསུམ།  ཉི་ཟླའི་འཆར་ནུབ།  ངོ་མཚར་སྤྲིན་གྱི་འདུ་འགོད་སོགས་དང་།  གནས་རི་གྲགས་ཅན་ཤར་གྱི་རྨ་རྒྱལ་སྦོམ་རའི་རྒྱང་ཉེ་འགྲམ་གསུམ་གྱི་སྣང་བསྙན་གསལ་བོར་ཕབས་ཡོད་ཅིང་།   པར་པ་ཁོང་གིས་རང་བྱུང་ཁོར་ཡུག་དང་རང་ས་རང་ཡུལ་ལ་བཅང་པའི་བརྩེ་སེམས་དང་།   ཁོའི་སྒྱུ་རྩལ་གྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཚོར་དྲི་མེད་ཁ་དར་ཡུག་གཅིག་གི་ཚབ་ཏུ་ཕུལ་བ་ལགས་སོ།།

དུས་བསྲིངས་བརྙན་ཕབ་བརྩམས་ཆོས་ངོ་སྤྲོད།

སྤྱིར་དུས་བསྲིངས་བརྙན་ཕབ་དང་དུས་རྒྱུན་གྱི་བརྙན་རིས་གཉིས་ལ་ཁྱད་པར་ཆེན་པོ་ཡོད།   དུས་ཡུན་གྱི་ཆ་ནས་དུས་བསྲིངས་བརྙན་ཕབ་ལ་རྒྱུན་ལྡན་གྱི་བརྙན་ལེན་དང་བསྡུར་ན་དུས་ཚོད་ཧ་ཅང་རིང་པོ་དགོས་པ་དང་།   ངོ་བོའི་ཆ་ནས་དུས་བསྲིངས་བརྙན་ཕབ་སྐར་ཆ་བཅུ་ཙམ་ཞིག་ཀྱང་པར་རིས་སུམ་བརྒྱ་ལྷག་གིས་གྲུབ་པ་ཞིག་ཡིན།    དེ་བས་དུས་བསྲིངས་བརྙན་ཕབ་བརྩམས་ཆོས་ཤིག་ལེན་རྒྱུར་དཀའ་ལས་དང་དུས་ཚོད་མི་ཉུང་བ་གཏོང་དགོས་ཀྱིན་ཡོད།  

བརྩམས་ཆོས་ཁྱབ་བསྒྲགས་མཛད་སྒོ།

༄༅། །བོད་རབ་རྒྱན་མེ་བྱ་ལོའི་བོད་ཟླ ༡༡ པའི་ཚེས ༢༧ དང་སྤྱི་ལོ 2018.1.13ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་། མཚོ་སྔོན་མགོ་ལོག་དར་རྩེན་རྒྱལ་སྤྱིའི་གསོལ་མགྲོན་ཁང་དུ་ན་གཞོན་པར་ལེན་པ་སྟག་སེང་རྡོ་རྗེ་ལེགས་ཀྱི་བརྩམས་ཆོས་ཏེ།  བོད་ཀྱི་ཆེས་ཐོག་མའི་དུས་བསྲིངས་བརྙན་ཕབ་བརྩམས་ཆོས《རྨ་རྒྱལ་སྦོམ་ར》ཁྱབ་བསྒྲགས་མཛད་སྒོ་སྤེལ་ཞིང་།  མཛད་སྒོར་གོང་རིམ་མགོ་ཁྲིད་དང་།  པར་ལེན་ཆེད་མཁས་པ།  རྩོམ་པ་པོ་དང་།  རྩོམ་སྒྲིག་པ།  ལོ་ཙཱ་པ།  ཡིག་གཟུགས་ཆེད་མཁས་པ་སོགས་མིང་གྲགས་མི་སྣ་དང་།  ཁོང་གི་སྤུན་གྲོགས་དང་ནང་མི་བཅས་མི་གྲངས་བདུན་ཅུ་ལྷག་ཅིག་མཛད་སྒོར་ཞུགས་ཤིང་རྒྱལ་ཁའི་ངང་མཇུག་བསྡུས།

1517656322792129.jpg

མཛད་སྒོར་ཕེབས་པའི་སྐུ་མགྲོན།

ཀྲུང་གོ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་གི་མགོ་གཚོ་གཞོན་པ། མགོ་ལོག་པར་ལེན་མཐུན་ཚོགས་ཀྱི་མགོ་གཙོ་དགེན་སྤུ་ལོ། 

མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། བོད་ཀྱིས་བརྩམས་སྒྲུང་བ། མགོ་ལོག་ཁུལ་རྩོམ་རིག་སྒྱུ་རྩལ་ཉམས་འབྲེལ་ལྷན་ཚོགས་ཀྱི་ཤྭ་སྐྱ་དུས་དེབ་ཀྱི་རྩོམ་སྒྲིག་པ། ཁང་གསར་ཚེ་དབང་རིག་འཛིན།

ཀྲུང་གོ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་པར་ལེན་མཐུན་ཚོགས་ཀྱི་ཁོང་མི། མགོ་ལོག་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། གངས་ཕྲུག་པར་ལེན་རུ་བའི་སྤྱི་ཁྱབ་ལྟ་སྐུལ་བ། རྨ་རྒྱལ་དུང་དཀར་དཔེ་ཚོགས་ཀྱི་སྤྱིའི་འགན་ལེན་པ། དགེན་གངས་ཕྲུག་དོན་འགྲུབ།

རྨ་འདབས་རིག་གནས་ཞབས་ཞུ་ཚོགས་པའི་ཚོགས་གཙོ་ཨ་མདོ་བ་དཔལ་ཆེན་སྐྱབས།

མགོ་ལོག་ཁུལ་འཕྲོད་བསྟེན་སྡེ་ཁག་དང་རིམ་འགོག་སྟེ་གནས་གཉིས་ཀྱི་ནད་རིག་སྔོན་འགོག་ཤེས་བྱ་དྲིལ་བསྒྲགས་པ། གྲྭ་ཡེ་སྐལ་བཟང་།

མགོ་ལོག་ཁུལ་མི་རིགས་སྐད་ཡིག་ཁང་གི་ལོ་ཙྭ་བ་གཙང་བ་སྐལ་བཟང་ཡེ་ཤེས།

མགོ་ལོག་ལྷ་མིག་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་དར་སྤེལ་འགན་འཁྲི་ཚད་བཅས་སྤྱི་གཉེར་ཁང་གི་སྤྱིའི་འགན་ཁུར་བ་རྡོ་རྗེ།

བོད་ཀྱི་སྡེར་སྣང་ས་བྲིས་ཀྱི་ཡིག་གཟུགས་རྒྱུན་འཛིན་པ་སེང་གེ་དར་རྒྱས།

1517656360125192.jpg

མཛད་སྒོའི་ཡུལ་དངོས།

1517656398754174.jpg

པར་ལེན་པ་མཚམས་སྦྱོར།

སྟག་སེང་རྡོ་རྗེ།   སྤྱི་ལོ 1995 ལོར་མཚོ་སྔོན་མགོ་ལོག་ཏུ་སྐྱེས།   ཆུང་དུས་ནས་སྒྱུ་རྩལ་གྱི་ལས་རིགས་ལ་མོས་པ་ཆེན་པོ་ཡོད་ཅིང་།  སྔ་རྗེས་སུ་སློབ་གྲྭ་ཆེ་འབྲིང་གི་ཚད་ལྡན་སློབ་གསོ་མྱངས་ཤིང་།    སྤྱི་ལོ 2015 ལོར་པེ་ཅིན་གྲོང་ཁྱེར་དུ་པར་ལེན་དང་བརྙན་ལེན་སྐོར་གྱི་ཆེད་ལས་སློབ་ཆེན་འགྲིམས།    མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི།   མགོ་ལོག་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི།   གངས་ཕྲུག་པར་ལེན་པར་ལེན་རུ་བའི་ཚོགས་མི་བཅས་ཡིན།   ད་ལྟ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་།   འཚོ་བ།  ཆོས་ལུགས།   ཡུལ་སྲོལ་གོམས་གཤིས།  བོད་ཀྱི་རི་ཆུ།  རི་སྐྱེས་སྲོག་ཆགས་སོགས་ཀྱི་སྐོར་ལ་རྒྱུས་ལོན་དང་ཟབ་ཞུགས་སྒོས་པར་ལེན་གྱི་ལས་རིགས་གཉེར་བཞིན་པ་བཅས་སོ།།

དཔྱད་མཆན་ཡོད།