བརྙན་ཐུང «མཐའ» ཞེས་པའི་འབེབ་སྐྲུན་ལེགས་འགྲུབ་བྱུང་།

  རྨ་ཆུའི་གངས་ལ་ལྟ་རིག་གནས་བརྙན་སྦྱོར་མཐུན་གཉེར་ཁང་གིས་བཟོ་སྐྲུན་དང་།དབྱངས་གསལ་གྱི་ང་རོ་ལས་ཤག་གིས་བཟོ་སྐྲུན་མཉམ་འབྲེལ་བྱས་པའི་བརྙན་ཐུང«མཐའ»ཞེས་པའི་འབེབ་སྐྲུན་ལེགས་འགྲུབ་བྱུང་།སྐར་སུམ་ཅུར་ཉེ་པའི་བརྙན་ཐུང་འདི་ནི་རྨ་ཆུར་བརྙན་འབེབ་བྱས་ཤིང་།རིན་ཆེན་ནོར་བུ་དང་ངག་དབང་ལྷ་མོ་གཉིས་ཀྱིས་གཙོ་འཁྲབ་དང་བློ་བཟང་བཀྲ་ཤིས་ཀྱིས་འཁྲབ་གཞུང་དང་འཁྲབ་ཁྲིད་བྱས་པ་ཞིག་ཡིན།

  བརྙན་ཐུང་འདིར་འབྲོག་པའི་གཞོན་ནུ་ཞིག་གིས་རྫོང་མཁར་དུ་ཁང་པ་གླས་ནས་འཚོ་བ་རོལ་གྱིན་ཡོད་ལ།ཁོ་རང་ཉིན་བཞིན་ཁྱི་ལྡོམ་ལྟར་སྲང་ཉུལ་ནས་རྐུ་བྱེད་ཀྱིན་ཡོད།ཁོའི་ལག་ཏུ་འོངས་པའི་སྒོར་མོས་རྫོང་མཁར་དེའི་ནང་མ་ཁང་ཞིག་གི་བུ་མོ་ཞིག་གི་གླུ་ལེན་པར་ཉན་གྱིན་ཡོད།ཁོས་མལ་སའི་གྱང་ངོས་སུ་གླུ་མ་དེའི་ཁྱབ་སྒྲོག་འདྲ་པར་ཞིག་ཀྱང་སྦྱར་ཡོད།ཁོ་ལ་རང་ཉིད་འཚོ་སའི་ཁོར་ཡུག་འདིའི་ཁྲོད་དུ་དམིགས་བསལ་གྱི་ཚོར་བ་དང་ཕུགས་འདུན།སྐད་ཆ་ཅི་འང་མེད་པར་དུས་གདའ་བཞིན་ཡོད་ལ།གླུ་མ་དེ་ཁོ་ན་ནི་ཁོའི་ནང་སེམས་ཀྱི་རེ་བ་འབའ་ཞིག་ཏུ་ཆགས་ཡོད་་་་་་བརྙན་ཐུང་འདིར“ཁྱོད་ཀྱིས་ང་ལ་ཉིན་རྒྱུན་ལྟ་བཞིན་ཡོད་དམ”ཞེས་པའི་འཁྲབ་ཚིག་གཅིག་མ་གཏོགས་བརྙན་ཧྲིལ་པོར་འཁྲབ་ཚིག་གཞན་གང་ཡང་མེད།

དཔྱད་མཆན་ཡོད།