«ལམ»གྱི་གཟིགས་འབུལ།

  གློག་བརྙན་འདི་ནི་ན་གཞོན་འཁྲབ་ཁྲིད་པ་དམེ་ཚང་རྟ་ཁོ་སློབ་ཆེན་ལོ་རིམ་གསུམ་པའི་སྐབས་སུ་བཟོས་པའི་སློབ་རའི་བརྩམས་ཆོས་ཤིག་ཡིན་ལ། བརྙན་ཐུང་འདིིའི་ནང་དུ་གྲྭ་རྐྱང་གཙོ་གཙོ་འཁྲབ་པ་ཁོས་རྒྱང་ཕྱག་འཚལ་ནས་ལྷ་སར་འགྲོ་བའི་ལམ་བར་དུ་བགྲེས་པོ་སྐོར་འགྲོ་བ་ཕ་བུ་གཉིས་དང་འཕྲད་ནས་རང་གི་འདས་དོན་མཐའ་དག་སྟེ་ཆུང་མ་རྐྱེན་ལམ་དུ་ཤོར་རྗེས་ཁོ་རང་གི་མི་ཚེའི་ལམ་བུ་ལ་ཡང་བསྐྱར་གདམས་ཀ་ཇི་ལྟར་བྱས་ཚུལ་དང་། ཁོ་རང་བགྲོད་ཀྱིན་པའི་རྐང་འོག་གི་ས་ལམ། བར་མ་དོ་རུ་བགྲོད་མུས་ཡོད་པའི་ཆུང་མ་དང་མི་ཡུལ་དུ་བཙའ་ལ་ཉེ་སྐབས་སུ་རྐྱེན་དུ་སོང་བའི་བུ་ཕྲུག་གི་ཕྱི་མའི་ལམ་བུ། སྐྱེས་མ་ཐག་ནས་རྙེད་ཟིན་པའི་ལམ་བུ་དང་འཆི་ཁར་ད་དུང་རྙེད་མེད་པའི་ལམ་བུ་འདི་ལ་ཡང་སྙིང་གདམས་ཀ་ག་འདྲ་བྱེད་སྲིད་དམ། མདོར་ན་ང་ཚོ་སུས་ཀྱང་ལན་གདབ་ཆོག་པའི་དྲི་བ་ཞིག་གིས་མཇུག་བསྡུས་ཡོད་པ་ཞིག་ཡིན།

  འཁྲབ་ཁྲིད་པ་དམེ་ཚང་རྟ་ཁོས་2016ལོར་་ཕབ་སྐྲུན་བྱས་པའི་«ལམ»ཞེས་པའི་བརྙན་ཐུང་གློག་བརྙན་དེར། སྐབས་དང་པོའི་གློག་བརྙན་འགྲན་སྡུར་ལས་འཁྲབ་གཞུང་རྩེ་གྲས་དང་འཁྲབ་ཁྲིད་པ་རྩེ་གྲས། གློག་བརྙན་རྩེ་གྲས། བརྙན་ལེན་རྩེ་གྲས། སྐྱེས་པ་གཙོ་འཁྲབ་རྩེ་གྲས་བཅས་ཁྱོན་སྡོམ་བྱ་དགའ་སྣ་གྲངས་ལྔའི་ནང་དུ་ཚུད།དེ་རིང་ནས་བཟུང་ཁྱེད་ཚོས་ཨ་དར་ཤ-Adarshaགཞུང་ཕྱོགས་སྤྱི་སྟེགས་ནས་དངོས་སུ་བལྟ་ཐུབ།

དཔྱད་མཆན་ཡོད།