«དབུགས་ལྒང»ཧྭེ་ནན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་དགའ་བསུ་ཆེན་པོ་ཐོབས།

ད་ལྟ་ནི་ཉིན་བརྒྱད་ཀྱི་རིང་གི་ཧྭེ་ནན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི“གསེར་གྱི་བེ་ཏ”རྩོད་པའི་དུས་ལ་ཉེ་འདུག ཐེངས་འདིར་ཡང་པདྨ་ཚེ་བརྟན་གྱི་གློག་བརྙན་གསར་པ«དབུགས་ལྒང»ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་གློག་བརྙན་དུས་ཆེན་འདི་ལས་གཟིགས་འབུལ་བྱས་པ་མ་ཟད།«དབུགས་ལྒང»གི་གཙོ་སྐྲུན་པ་རྣམས་ཡུལ་དངོས་སུ་ཐོན་ནས་ལྟ་མཁན་མང་པོ་དང་མཉམ་གཅིག་ཏུ་གློག་བརྙན་སྐོར་ནས་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་བྱས།

«དབུགས་ལྒང»གི་ཕབ་སྐྲུན་པ་ཀྲའོ་ཞོ་ཞ་དང་།ཧོང་ཞིས་ཧྥིན།འཁྲབ་ཁྲིད་པ་པདྨ་ཚེ་བརྟན།གཙོ་འཁྲབ་པ་བསོད་ནམས་དབང་མོ།སྦྱིན་པ།ཀུན་བདེ་བཅས་གཟིགས་འབུལ་རྗེས་ཀྱི་ཡུལ་དངོས་སུ་ཐོན།
  གློག་བརྙན«དབུགས་ལྒང»ནི་པེ་ཅིང་ཧྲིན་ཐང་དུས་རབས་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟི་དང་གུང་ཁྲང་ཏཱ་མིན(ཐེན་ཅིན)གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་དུ་བསྒྲུབས་ཤིང་། པེ་ཅིང་ཅིའུ་ཀྲོའུ་དབུས་ཁུལ་གྱི་ཨང་ཀིའི་གློག་བརྙན་ཁང་ཚད་ཡོད་ཀུང་ཟི་དང་། ཨའེ་ཆིའི་སྒྱུ་རྩལ་ལས་རིགས(པེ་ཅིང)ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་ཐོག་བསྐྲུན་པ་ཞིག་ཡིན། ཁྲི་ཅོ(Rediance)ཡིས་ཕྱི་རྒྱལ་དུ་འགྲེམ་སྤེལ་བྱ་བའི་ལས་ཚབ་ཀྱི་འགན་ཁུར་ཡོད།


(གཡོན་ནས་གཡས་སུ)ཕབསྐྲུན་མཁན་ཧྭོང་ཞིས་ཧྥུན།བཟོ་སྐྲུན་མཁན་ཀྲོའི་ཞོ་ཞ།
འཁྲབ་སྟོན་པ་ཀུན་བདེ།སྦྱིན་པ།འཁྲབ་ཁྲིད་པ་པདྨ་ཚེ་བརྟན། འཁྲབ་སྟོན་པ་བསོད་ནམས་དབང་མོ།

འཁྲབ་ཁྲིད་པ་པདྨ་ཚེ་བརྟན།

པདྨ་ཚེ་བརྟན་དང་བསོད་ནམས་དབང་མོ།

ཀུན་བདེ།(དགེ་རྒན་འཁྲབ་མཁན)སྦྱིན་པ།(དར་རྒྱས་འཁྲབ་མཁན)
   འཁྲབ་ཁྲིད་པ་པདྨ་ཚེ་བརྟན།

  ཐེངས་འདིར་ཕྱོགས་སོ་སོ་ནས་ཡོང་བའི་ལྟ་མཁན་དང་ཡུལ་དེའི་བརྙན་ཞེན་པ་མང་པོས་བོད་ཀྱི་གློག་བརྙན«དབུགས་ལྒང»ལ་མཉམ་རོལ་བྱས་པ་དང་།གཙོ་སྐྲུན་པ་དག་གིས་ཀྱང་གློག་བརྙན་རྒྱབ་ཀྱི་སྤྲོ་སྣང་ལྡན་པའི་གཏམ་རྒྱུད་མང་པོ་སྤ་གསང་མེད་པར་ཡུལ་དངོས་ཀྱི་མི་རྣམས་དང་མཉམ་རོལ་བྱས། ཡུལ་དངོས་སུ་ཕེབས་པའི་ལྟ་མང་པོས་བཤད་དོན་“གློག་བརྙན་འདི་ནི་དངོས་གནས་བལྟ་རིན་ཡོད་པ་ཞིག་རེད”ཟེར།ཡང་ལྟ་མཁན་སྐོར་ཞིག་གིས་སྔ་མོ་ནས་གཟིགས་འབུལ་བྱེད་པར་རེ་སྒུག་བྱས་ཡོད་ཚུལ་བཤད།དུས་ཚོད་ཐུང་ངུའི་ནང་དུ་བོད་ཀྱི་གློག་བརྙན་འདིའི་ཡུལ་དེའི་བརྙན་ཞེན་པ་དག་གཏིང་ཟབ་པའི་བག་ཆགས་བཞག་སོང་ཞེས་བཤད་ན་དེ་ནི་ཆེ་བརྗོད་ཅིག་ག་ལ་ཡིན་ཨང་།

  པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་འདི་སྔ་གཞུག་ཏུ་ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་།ཡཱ་ཐེ་གློག་བརྙན་དུས་ཆེན།ཁྲོ་རོན་ཁྲོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན།ཧྥུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན།ཕེན་ཡོ་རྒྱལ་སྤྱིའི་གློག་བརྙན་འགྲེམ་སྟོན་སོགས་རྒྱལ་སྤྱིའི་རྩེ་གྲའི་གློག་བརྙན་དུས་ཆེན་དག་ལ་ཞུགས་པ་མ་ཟད།དེ་དག་ལས་སྐབས༥༥བའི་ཅི་ཀ་སྒོའི་རྒྱལ་སྤྱིའི་གློག་བརྙན་གྱི་འཁྲབ་གཞུང་རྩེ་གྲ་དང་།སྐབས༥༠བའི་རྒྱ་གར་གྷོ་ཝ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་རྩེ་གྲ།སྐབས་༢༠བའི་ཏོང་ཅིནFILMeXརྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་རྩེ་གྲ་སོགས་ཀྱི་བྱ་དགའ་ཆེན་མོ་ཐོབ་ནས་ཅང་མ་འགོར་བར་ཡང་བསྐྱར་ཧྭེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཞུགས་ནས་ཡུལ་དེའི་ལྟ་མཁན་མང་པོར་ཡིད་འགུལ་ཐེབས་སུ་བཅུག

དཔྱད་མཆན་ཡོད།